Posts

Showing posts from August, 2013

གོ་པལ་པུར་བོད་ཁྱིམ་གྱི་དྲྭ་ཚིགས་ཀྱི་རྣམ་པ་གསར་བ།

Image
དྲྭ་གྲོགས་ལྷན་རྒྱས་ཁམས་བཟང་། བདུན་ཕྲག་གསུམ་ཙམ་རིང་གུས་པས་རྩིས་འཁོར་དང་འབྲེལ་བའི་རྩོམ་ཡིག་སྤེལ་རྒྱུའི་དུས་ཚོད་ཅིག་མ་རགས། རྒྱུ་རྐྱེན་ནི་ཁ་སྔོན་གོ་པར་པུར་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་གྱིས་སློབ་གྲྭའི་དྲྭ་ཚིགས་ཞིག་བཟོ་རྒྱུའི་རེ་སྐུལ་ལྟར་ཁས་ལེན་སོང་བ་ཡིན། དགོང་མོ་རང་ཁྱིམ་དུ་དུས་ཚོད་ཡོད་ཚད་སྤྱད་དེ་ཟླ་བ་འདིའི་ཟླ་འཇུག་ཏུ་དྲྭ་ཚིགས་ཆ་ཚང་སྒྲུབ་ཐུབ་པ་བྱུང་། དྲྭ་ཚིགས་ཁ་བྱང་ནི་ http://gopur.org དང་། གཤམ་དེར་དྲྭ་ཚིགས་ཀྱི་དཔེ་མཚོན་རྣམས་ཡིན།

Youtube Playlist Downloader ( FYD v3.2.9 )

Image
Youtube གློག་བརྙན་ཕབས་ལེན་མཉེན་ཆས་(Free Youtube Downloader)དེས་རང་གི་འདོད་མོས་ཀྱི་གློག་བརྙན་རེ་རེ་བཞིན་དྲྭ་ཐོག་ནས་ཕབས་པ་མ་ཟད། གཞན་ལ་མེད་པའི་ཁྱད་ཆོས་གཅིག་ཡོད་པ་ནི་གློག་བརྙན་ཞིག་གི་ལེའུ་ ( playlist )ཆ་ཚང་ཕབས་ལེན་བྱེད་ཐུབ། གློག་བརྙན་རྣམས་ཕབས་ལེན་མྱུར་བ་དང་། སྤུས་ཀ་ཡག་སྡུག་སོགས་ (video quality) གདམ་རྒྱུ་ཡོད།

The Pirate Bay དྲྭ་ཚིགས་ལོ་བཅུ་འཁོར་བ།

Image
Pirate ཞེས་པའི་ཚིག་དེའི་གོ་དོན་ནི་ཟོག་རྩོམ་བྱེད་པ་དང་། ཅ་དངོས་དཔེ་བཤུ། དེ་བཞིན་སྔར་མཚོ་གླིང་ཐོག་རྒྱལ་ཁབ་དང་ཚོང་པ་ཁག་གི་ཚོང་ཟོག་དང་རྒྱུ་ནོར་སོགས་མཚོ་ཐོག་ནས་བརྐུ་ཇག་བྱེད་མཁན་མཚོ་ཇག་དེ་དག་ལ་ཡང་གོ །ThePirateBay ཞེས་པའི་དྲྭ་ཚིགས་འདིའི་ཐོག་པར་སྐྲུན་བདག་དབང་མེད་པའི་ torrent ཡིག་ཆ་དང་། གློག་བརྙན། གཞས། མཉེན་ཆས། སོགས་འཇོག་སའི་ས་ཚུགས་སྐད་གྲགས་ཆེ་ཤོས་ཞིག་ཡིན། དྲྭ་ཚིགས་དེའི་རྒྱུད་དྲྭ་མི་ཚོས་ཡིག་ཆ་ཅི་རིགས་ཕབས་ལེན་བྱེད་ཐུབ། དེར་བརྟེན་ The Pirate Bay ནི་རྒྱལ་ཁབ་མང་པོའི་ནང་ཁྲིམས་འགལ་དྲ་ཚིགས་ཞིག་ཏུ་བལྟ་བ་དང་དྲྭ་ཚིགས་འདི་ཉིད་གཞུང་ཕྱོགས་ནས་ལན་མང་སྒོ་བརྒྱག་ཐབས་བྱེད་ཡང་ད་བར་ལམ་ལྷོང་མ་བྱུང་བའི་ཁར་ལོ་ལྟར་པར་དབང་མེད་པའི་སྒྲ་དཔར་བརྙན་ཡིག་སོགས་དྲྭ་ཚིགས་འདི་གའི་ཐོག་འཇོག་མཁན་དང་ཕབས་ལེན་བྱེད་གྲངས་ལྡབ་འགྱུར་གྱི་འཕར་གྱི་ཡོད།

ཡིག་ཚང་མཉེན་ཆས་ Word 2007/2010/2013 ནང་ཡི་གེ་སྙོམ་སྒྲིག་བཟོ་སྟངས།

Image
Word མཉེན་ཆས་ནང་བཏགས་ཟིན་པའི་ཡི་གེ་དུམ་མཚམས་ (paragraph) དེ་དག་ Align Left དང་ Align Right, Align Center, Justify (གཡས་བར་གཡོན་སྙོམ་)བཅས་འདེམས་ཀ་བཞིའི་སྒོ་ནས་འཇོག་རྒྱུ་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན། word ནང་བཏགས་པའི་ཡི་གེ་དེ་དག་སྙོམ་སྒྲིག་ཡོང་ཆེད་ང་ཚོས་རྒྱུན་པར་ Justify ཐོག་གནོན་གྱི་ཡོད་ཀྱང་བོད་ཡིག་ལ་དེ་ཙམ་གྱི་ཐུགས་ཕན་གསོས་ཀྱི་མེད།