[VIDEO] The Return of Condor Hero 2006

 

འཁྲབ་གཞུང་གི་ནང་དོན་སྙིང་བསྡུས།



དྲག་རྩལ་གློག་བརྙན་དེ་ལ་ལེའུ་ཁྱོན་ ༤༡ ཡོད་པ་དང་། ཕྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༡༧ ཉིན་ཐོག་མར་རྒྱ་ནག་གཟུགས་མཐོང་གློག་འཕྲིན་ཐོག་སྟོན་འགོ་བཙུགས་པ་དང་དེ་ནས་རིམ་པས་ཨེ་ཤི་ཡའི་རྒྱལ་ཁབ་གཞན་ནང་དུ་སྒྲ་བསྒྱུར་བྱེད་ནས་སྤེལ་ཡོད། འཁྲབ་ཚན་དེ་ནི་སྐད་གྲགས་ཆོད་ཡོད་པ་དང་། སྒྲུང་གི་ནང་དོན་གཙོ་བོ་ནི་ ཡང་ཀོ་ (Yang Guo) ཇི་ལྟར་ཕོ་རྒོད་ཞིག་ཏུ་འགྱུར་བ་དང་། ཡང་ཀོ་ དང་ ཞའོ་ལུང་ཉུས་ (Xiao Long Nü) གཉིས་དགེ་ཕྲུག་གི་འབྲེལ་བ་ཡིན་པ་དང་སྐབས་དེའི་སྤྱི་ཚོགས་ཀྱི་རྒྱབ་གཏོད་དང་དམའ་འབེབས་ལ་མ་ལྟོས་པར་ཁོང་གཉིས་ཀྱི་བརྩེ་གདུང་ཟབ་པོ་བཅངས་བའི་ཁར་དཀའ་སྡུག་ཡོད་ཚད་ལས་རྣམ་པར་རྒལ་ཚུལ་གཙོ་བོ་སྟོན་ཡོད།




མ་འོངས་ཀྱི་གློག་འཕྲིན་ཞིག

 
FutureMe.org ཞེས་པའི་དྲ་གནས་ཞིག་གིས་མ་འོངས་པའི་ཆེད་རང་ཉིད་ཀྱིས་རང་ཉིད་ལ་གློག་འཕྲིན་གཏོང་རྒྱུའི་ཞབས་ཞུ་ཞིག་སྤེལ་ཡོད། གློག་འཕྲིན་དེ་རང་ཉིད་ཀྱི་ཆེད་དུ་ཡིན་ལ་གློག་འཕྲིན་གྱི་འབྱོར་ཚེས་སང་ཉིན་ནམ་ལོ་ལྔ་བཅུའི་རྗེས་སུའང་བཏང་ཆོག །འོན་ཀྱང་དེའི་དགོས་པ་གང་ཡིན་ནམ་ ཞེས་གློག་འཕྲིན་ཞབས་ཞུ་ལྷན་ཁང་དེར་དྲིས་སྐབས། "གཅིག་ནས་རང་ཉིད་ཀྱིས་རང་ཉིད་ལ་སྐུལ་བཅག་དང་གཉིས་ནས་སོ་སོས་སོ་སོར་སེམས་ཤུགས་གསར་པ་ཞིག་སྐྱེས་པའི་དམིགས་བསལ་གྱི་ཞབས་ཞུ་ཞིག་ཡིན་" གསུངས།

ཞབས་ཞུ་འདི་སྤྱད་སྐབས་ཁོང་ཚོའི་རེ་བ་ནི་རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཏན་པོ་དགོས་པ་དང་། དུས་ཡུན་རིང་པོ་སྤྱོད་རྒྱུ་ཡོད་པ་ལས་ད་ལྟ་རང་ཉིད་འདོད་བློ་མི་ཁངས་སའི་ལས་ཁུངས་གློག་འཕྲིན་ཁ་བྱང་རིགས་བཞག་ན་ཡག་པོ་མེད། ཞབས་ཞུ་དེའི་ནང་དེབ་སྐྱེལ་བྱས་ན་རང་ཉིད་ཡི་གེ་རྣམས་ཉར་ཚགས་དང་དེ་བཞིན་གློག་འཕྲིན་འབྱོར་སའི་གློག་འཕྲིན་ཁ་བྱང་ཡང་དུས་ཐོག་འགྱུར་བ་བཏང་ཐུབ། ཡི་གེ་ནང་དོན་ Public དང་ Private ཞེས་པ་འཇོག་རྒྱུ་ཡང་ཡོད། Private བཞག་ན་རང་ཉིད་ཀྱི་ཡི་གེ་དེ་གཞན་སུས་ཀྱང་བལྟ་ཀློག་བྱེད་མི་ཐུབ། གལ་ཏེ་ཡི་གེའི་ནང་དོན་ Public ཐོག་བཞག་ན་མི་གཞན་གྱིས་བལྟ་ཀློག་བྱེད་ཐུབ། དེར་ནང་དོན་ལ་བལྟ་ཐུབ་པས་ལས་བཏང་མཁན་དོ་དག་སོ་སའི་སྐོར་གསལ་སྟོན་མི་བྱེད།

གཤམ་ལ་ Public ཐོག་ཡོད་པའི་མ་འོང་པའི་ཡི་གེ་ཞིག་ལ་བལྟ་ན།
མ་འོངས་པའི་ང་ལ། ངའི་རེ་བར་ཁྱེད་རང་ཆང་ས་བརྒྱབ་ནས་ཁྱོ་ག་ཡག་པོ་ཞིག་ཡོད་ཀྱི་རེད། རང་གས་ཕྲུ་གུ་བུ་ཞིག་དང་བུ་མོ་ཞིག་འདོད་ཀྱི་ཡོད་པ་མ་རེད་དམ། བསམ་དོན་གྲུབ་སོང་ངམ། གད་མོ་མ་འགད། དེ་ཁྱེད་རང་གས་ཆང་ས་མ་བརྒྱག་པའི་སྔ་རོལ་དུ་བསམ་ནས་བྲིས་པ་ཞིག་རེད་དཱ།
གལ་ཏེ་ཁྱེད་རང་ལ་ཡང་མ་འོངས་པར་སོ་སོས་སོ་སོར་སྐུལ་བཅག་དང་དྲན་གསོ་བཏང་དགོས་པའི་སྐད་འགའ་ཡོད་ན། www.futureme.org དྲ་ཚིགས་ནས་གློག་འཕྲིན་ཞིག་མི་འཇོག་གམ། མ་འོངས་སོ་སོས་ཡི་གེ་དེ་ཀློག་དུས་འཚོར་འདུ་ཁྱད་མཚར་ཞིག་ཏན་ཏན་སྦྱིན་ངེས་རེད། 

Mobo Genie (Android ཁ་པར་རམ་འདེགས་མཉེན་ཆས)

 
མཉེན་ཆས་དེ་ནི་རང་ཉིད་ཀྱི་ Android ཁ་པར་དང་གློག་ཀླད་གཉིས་བར་གྱི་འབྲེལ་མཐུད་ཟམ་པ་ལྟ་བུ་ཞིག་ཡིན། ཡིག་ཆ་དང་མཉེན་ཆས། རྩེད་མོ། གཞས་དང་གློག་བརྙན་རྣམས་ཙི་ཙི་ཐེངས་གཅིག་གཉིས་ལས་གནོན་མི་དགོས་པར་ཕར་བླུགས་ཚུར་བླུགས་བྱེད་རྒྱུ་ཡོད། མཉེན་ཆས་དེའི་རྒྱུད་ནས་སྤྱིར་བཏང་གི་ཡིག་ཆ་བཤུ་རེས་ཙམ་དུ་མ་ཟད། གློག་ཀླད་རྒྱུད་ནས་རང་ཉིད་ཀྱི་གྲོགས་པོ་གྲོགས་མོར་ལམ་སེང་འཕྲིན་ཐུང་ sms བཏང་རྒྱུ་ཡོད། ང་ཚོས་ཤེས་གསལ་ལྟར་ཁ་པར་ནས་ཡི་གེ་བཏགས་པ་ལས་གློག་ཀླད་ཀྱི་མཐེབ་གཞོང་སྤྱད་ནས་ཡི་གེ་མགྱོགས་པ་བཏགས་ཐུབ་ཀྱི་ཡོད།

གལ་ཏེ་གློག་ཀླད་ཐོག་དྲ་རྒྱའི་མྱུར་ཚད་ཡག་པོ་ཡོད་ན། གཉེན་ཆས་ཆས་དེ་སྤྱད་ནས་རང་ཉིད་ཀྱི་ Android ཁ་པར་ནང་རྩེད་མོ་དང་། གཞས། གློག་བརྙན་ཅི་འདོད་ལམ་སེང་དང་དུས་ཡུན་ཉུང་ངའི་ནང་ཕབས་ལེན་བྱེད་རྒྱུ་ཡོད། Mobo Genie ཟེར་བའི་མཉེན་ཆས་དེའི་དམིགས་བསལ་ཁྱད་ཆོས་གཅིག་ནི་རང་ཉིད་ཀྱི་ཁ་པར་ནང་ཡོད་པའི་ཡིག་ཆ་དང་། ཁ་པར་ཨང་གྲངས། འཕྲིན་ཐུང་སོགས་ཅི་མཆིས་ཟུར་དུ་འདྲ་བཤུས་གཅིག་ཉར་རྒྱུ་ཡོད། དེའི་དགེ་མཚན་ནི་གལ་ཏེ་རང་ཉིད་ཀྱི་ཁ་པར་ནང་གི་ཁ་པར་ཨང་གྲངས་ཚང་མ་གཟུབས་པའམ་ཁ་པར་གྱི་ཡིག་ཆ་བརླག་པ་ཡིན་ན་དེ་དག་ཆ་ཚང་ཡང་བསྐྱར་རགས་རྒྱུ་ཡང་ཡོད།

ངས་དེ་སྔོན་རོགས་པའི་ Android ཁ་པར་ཁ་ཤས་ནང་བོད་ཡིག་ཡིག་གཟུགས་དང་། བོད་ཡིག་བཏགས་ཆས། རྩེད་མོ་སོགས་བླུགས་རྒྱུའི་ཆེད་མཉེན་ཆས་དེ་བཀོལ་སྤྱོད་བྱེད་མྱོང་། དངོས་གནས་དུས་ཚུད་ཐུང་ཐུང་ནང་བདེ་བླགས་ངང་འཇུག་ཐུབ་ཀྱི་འདུག །དེ་མིན་ཁ་པར་རང་གི་ནང་བྱེད་པ་ཡིན་ན་མ་འགྲིགས་པ་གང་ཡང་མེད་ཀྱང་དུས་ཚོད་མང་པོ་འགོར་གྱི་འདུག །གལ་ཏེ་ཁྱེད་རང་གིས་ཚོད་ལྟ་ཞིག་བྱེད་ན་ཤེས་ངེས་རེད།

Software ཡིག་ཆ་ཆེ་ཆུང་ 16.4MB ཕབས་ལེན་གནང་སའི་དྲ་ཚིགས་ཁ་བྱང་།

[VIDEO] Chinese Paladin

 

འཁྲབ་གཞུང་གི་ནང་དོན་སྙིང་བསྡུས།

ལིའུ་ ༣༤ ཅན་གྱི་དྲག་རྩལ་གྱི་ཕྱུགས་པའི་གློག་བརྙན་འདི་ནི་རྒྱ་ནག་གི་དུས་རབས་བར་མར་འཁེལ་བ་དང་། དེའི་ནང་རྟོག་འཆར་དང་། དམིགས་བསལ་གྱི་སྒྱུ་འཕྲུལ། དེ་བཞིན་འཇིག་སྣང་། དགོད་བྲོའི་གཏམ་རྒྱུད་གཅིག་ལ་གཉིས་མཐུད་ཀྱིས་ཡ་མཚར་དང་སེམས་ངོར་སྤྲོ་སྣང་སྤྲོད་ཐུབ་པ་ཞིག་འདུག

འཁྲབ་སྟོན་མི་སྣ་གཙོ་བོ། ལིའུ་ཞཱ་ཡོ་ ནི་ཐོག་མར་དམིགས་ཡུལ་མེད་པ་དང་འཁྱམས་ཉུལ་ཁོ་ནར་དགའ་བའི་གཞོན་ནུ་ཞིག་ཡིན། ཉིན་ཞིག་རང་ཉིད་ཀྱི་སྲུ་མོ་ལ་ན་ཚ་ཁྱད་ཚར་ཞིག་འཕོག་པ་དང་དེ་ལས་སྐྱོབས་ཆེད་རྨི་ལམ་གྱི་ཞིང་ཁམས་སུ་སྐྱོད་དེ་བུ་མོ་ ལིང་ཨར་ དང་གཉེན་སྒྲིག་བྱས། ཁོ་མོའི་ས་ནས་སྨན་ལོན་རྗེས་སོ་སོའི་ནང་དུ་ལོག །བློ་ཡུལ་དུ་མི་ཤོང་པ་ཞིག་ནི། དེ་ནི་ཟླ་བ་ཆོས་ལུགས་་པས་བུ་མོ་ ལིང་ཨར་ འཇུ་བཟུང་བྱེད་ཐབས་ཀྱི་ལྐོག་གཡོ་བཤམས་པ་ཞིག་ཡིན་པ་གཞི་ནས་འཚོར།

རྨི་ལམ་ལས་སད་དུས་ཁོ་བོའི་སྲུ་མོའི་ནད་དྲགས་སྐྱེད་བྱུང་ཡང་ཁོ་བོ་རྨི་ལམ་གྱི་ཞིང་དུ་བྱུང་བའི་གནས་ཚུལ་རྣམས་གཏིང་བརྗེད་དུ་འགྱུར་ཡོད། ཕྱིས་སུ་བུ་མོ་ ལིང་ཨར་སྐྱབས་པར་རྒྱལ་སར་བསྐྱོད། ལམ་བར་དུ་མི་ཁྱད་ཚར་ཞིག་དང་ཕྲད་ནས་ཁོ་བའི་ས་ནས་དྲག་རྩལ་བསླབས།

དེ་བཞིན་སྒྲུང་གི་སྣེ་མོ་རིམ་པས་རྒྱས་པ་ན། དྲག་རྩལ་གྱི་མི་སྣ་གཞན་མང་པོ་་ཕྲད་པ་དང་། ཟླ་བ་ཆོས་ལུགས་པས་ལན་མང་བར་ཆད་བཏང་དགོས་དོན་དང་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཤེས་ཐུབ། མཐའ་མ་ ལིའུ་ཞཱ་ཡོ་ དང་བུ་མོ་ ལིང་ཨར་ ལས་སྨོན་གྱིས་ཡང་བསྐྱར་ཐུག་འཕྲད་དང་བརྩི་གདུང་སྔར་བས་དམ་ཟབ་དུ་ཆགས། སྒྲུང་གི་ཐོག་མར་དགའ་ཚོར་དང་། སྒྲུང་གི་མཐའ་མ་མིག་ཆུས་ཁེངས་དགོས་པ་ཞིག་འདུག

[VIDEO] The Heavenly Sword and Dragon Sabre

 

འཁྲབ་གཞུང་གི་ནང་དོན་སྙིང་བསྡུས།

"ལྷ་གྲི་དང་འབྲུག་གི་དཔའ་དམ་" ཞེས་པའི་གཏམ་རྒྱུད་དེ་ནི་རྒྱ་ནག་ཏུ་དུས་རབས་ ༡༤ སོག་པོ་དབང་བསྒྱུར་དང་ཡོན་རྒྱལ་རབས་སུ་བྱུང་བར་གྲགས། ལོ་ངོ་བཅུ་ཕྲག་ལྷག་དམག་ཐབས་དང། མུ་གེ །མི་མང་ལ་དཀའ་སྡུག་ཚད་མེད་མྱང་བའི་དུས་ཚོད་ཅིག་ཡིན། དེ་ནི་ཡོན་རྒྱལ་རབས་སྐབས་ཀྱི་ཆབ་སྲིད་སྐྱོང་སྟངས་ནོར་བའི་སྐྱོན་གྱི་ཡིན་པར་འདོད་པ་དང་སྐབས་དེའི་དྲག་རྩལ་མཁས་ཅན་ཚོས་གཞུང་ལ་ངོ་རྒོལ་བྱེད་འགོ་འཛུགས། ངོ་ལོག་ཞོལ་འཇགས་དང་དྲག་རྩལ་མཁས་ཅན་ནང་ཁུལ་ཐབས་འཛིང་དང་གསད་སྨས་བཟོ་ཆེད་རྒྱས་སྲས་ རུ་ཡང་ གིས་ཐབས་འཇུས་ཤིག་འཁོར་ཏེ་ཧྲོ་ལིང་ (shaolin) དགོན་པའི་མཁན་པོ་ ཁྲན་ཁུན་ལ་ "ལྷ་གྲི་དང་འབྲུག་གི་དཔའ་དམ་" སུས་བདག་ཏུ་དབང་ན་དེས་རྒྱ་ནག་དབང་བསྒྱུར་བྱེད་མཆོག་ཅེས་གྲགས།

གཏམ་རྒྱུད་དེའི་མི་སྣ་གཙོ་བོ་དང་དྲག་རྩལ་ལ་མཆོག་ཏུ་འགྱུར་བ་ནི་ཕོ་གཞོན་ ཀྲང་ཝུ་ཅི་ ཡིན། སྒྲུང་གི་ཐོག་མར་ ཀྲང་ཝུ་ཅི་ ཡི་ཕ་མ་གཉིས་ཇི་ལྟར་འཕྲད་པ་དང་། ཁོ་བོ་ལོ་ཆུང་ནས་དར་མའི་མི་ཚེ་ཇི་ལྟར་བསྐྱལ་བ། "ལྷ་གྲི་དང་འབྲུག་གི་དཔའ་དམ་"ཟེར་བའི་གྲི་འདི་གཉིས་ཀྱི་རྒྱབ་ལྗོངས་དང་དེའི་གལ་གནད། ཀྲང་ཝུ་ཅི་ ཡི་ཕོ་མོའི་བརྩེ་གདུང་། དྲག་རྩལ་མཁས་ཅན་དབར་གྱི་བྱུས་ཉེས་དང་། བསྐྱུག་འབྲོ་བའི་བྱ་སྤྱོད། བྱ་སྤྱོད་དེ་དག་སྤེལ་བའི་ཉེས་དམིགས་སོགས་མཐོང་ཐུབ།

Doodle 4 Google 2013 ཐོབ་མཁན་གུ་གུལ་དྲ་ཚིགས་མདུན་ངོས་སུ་བཤམས་པ།

 

རྒྱ་གར་ས་གནས་པུ་ཎེའི་(Pune) འཛིན་རིམ་བཅུ་པའི་སློབ་ཕྲུག་ཅིག་གིས་འདི་ལོའི་ Google Doodle གྱི་རི་མོའི་འགྲན་བསྡུར་ནང་ཨང་དང་པོ་ཐོབ་སྟེ་ཁོང་གིས་བྲིས་པའི་རི་མོ་དེ་དེ་རིང་རེས་་གཟའ་ཕུར་བུ་བྱིས་པའི་ཉིན་མོ་དང་བསྟུན་ཏེ་གུ་གུལ་དྲ་ངོས་སུ་བཤམས་ཡོད་འདུག Doodle ནི་གུ་གུལ་གྱི་ལས་རྟགས་དེ་པར་རིས་ཀྱི་རིག་རྩལ་ལས་གལ་ཆེའི་དུས་ཚིགས་དང་སྙན་གྲགས་ཅན་གྱི་མི་སྣ་རྣམས་མཚོན་ཐབས་དང་སྲུང་བརྩི་བྱེད་ཐབས་ཞིག་ཡིན།

བོད་ཡིག་ལ་དོན་ཕྲད་ཀྱི་འཇུག་ཚུལ་དང་སྡེབ་ནས་རྩིས་འཁོར་མྱུར་མཐེབ་བཀོལ་སྤྱོད་སྐོར་ལ་རགས་ཙམ་དཔྱད་པ།

 

རྩོམ་ཡིག་ཡོང་ཁུངས། ཞིན་ཧྭའི་དྲ་བ།

བརྗོད་བྱ་གཙོ་བོ། བོད་ཡིག་ལ་དོན་ཕྲད་ཀྱི་འཇུག་ཚུལ་དང་ན་ལའི་འཇུག་ཚུལ་དང་སྡེབ་ནས་རྩིས་འཁོར་ཕབ་གཞོང་ངོས་ཀྱི་གསལ་བྱེད་རེ་རེ་Ctrlདང་Alt Shiftབཅས་ལ་འཇུག་ཚུལ་དང་མི་འདྲ་ས་གནད་དུ་བཟུང་ནས་ཕན་ཚུན་གཤིབ་བསྡུར་གྱིས་རྩིས་འཁོར་ཕབ་གཞོང་ངོས་ཀྱི་མྱུར་མཐེབ་བཀོལ་སྤྱོད་གཏན་འཁེལ་བྱེད་པའོ།།

གནད་ཚིག ལ་དོན་གྱི་འཇུག་ཚུལ། ན་ལའི་འཇུག་ཚུལ། གྲངས་འབོར། Ctrl, Alt, Photoshop, Flash, Window, Office

དེ་ཡང་དུས་རབསཉེར་གཅིག་གི་གོམ་འགྲོས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲན་རྩོད་མྱུར་མོ་སྒྲ་རླབས་ཀྱི་ཟླ་ལ་འགྲན་པའི་དེང་གི་ཆ་འཕྲིན་དུས་རབས་འདིར། སྣ་མང་ཤེས་རིག་གི་རོ་བཅུད་དང་ཉམས་མྱོང་ལག་ལེན་དུ་བསྟར་ནས་ལེགས་བཅོས་དང་གསར་སྐྲུན་བྱེད་པ་ཤིན་ཏུ་གལ་ཆེ། དེར་བརྟེན་ཕྲན་ཆུང་བདག་ནས་རང་གི་བློ་ཡིས་ལྕོགས་ཚད་ཞིག་དཔྱད་རྩོམ་ཆུང་ངུ་འདིར་བརྒྱུས་ཏེ་བརྗོད་རྒྱུ་ཡིན།

གཅིག ལ་དོན་གྱི་ཕྲད་སུ་ར་རུ་དུ་ན་ལ་ཏུ་སོགས་ཀྱི་ཐོབ་ཐང་གི་འཇུག་ཚུལ་ལྟར་Ctrl དང་Alt Shift ཡི་འཇུག་ཚུལ།

ལ་དོན་གྱི་ཕྲད་འདི་དག་བོད་ཀྱི་སུམ་རྟགས་ན་འཇུག་ཚུལ་ལྔ་ཡོད་པར་གསུངས་པ་ནང་བཞིན་རྩིས་འཁོར་ཕབ་གཞོང་ངོས་ཀྱི་མྱུར་མཐེབ་གཙོ་བོ་Ctrདང་Alt Shiftཡང་རྩིས་འཁོར་ཕབ་གཞོང་སྟེང་གི་དབྱིན་ཡིག་གི་གསལ་བྱེད་ཉེར་དྲུག་པོ་འཇུག་པར་མ་ཟད་བྱེད་ནུས་ཀྱང་གལ་ཆེན་ཐོན་བཞིན་ཡོད། དཔེར་ན་ལ་དོན་གྱི་ཕྲད་སུ་སོགས་ཡི་གེ་བདུན་པོ་དེ་བོད་ཀྱི་སུམ་རྟགས་སོགས་སུ་ལས་དང་ཆེད་དང་རྟེན་གནས་དང་།། དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན་①ཞེས་པ་དང་།། སུ་ར་རུ་དུ་ན་ལ་ཏུ།། ལ་དོན་རྣམ་པ་བདུན་ཡིན་ཏེ།།་་་་་་་་་་་་་་་་་②ཞེས་པ་སོགས་ལས་ཀྱང་མཚོན་ནུས་སོ།། དེ་བཞིན་དུ་Ctrl Alt Shift དེ་རྩིས་འཁོར་ཕབ་གཞུང་ངོས་ཀྱི་དབྱིན་ཡིག་གི་གསལ་བྱེད་རེ་རེ་ལ་འཇུག་པ་སྟེ། Ctrl Alt Shiftདེ་དབྱིན་ཡིག་གི་གསལ་བྱེད་ Qནས་ Mདུ་༼ རྩིས་འཁོར་ཕབ་གཞོང་ངོས་ཀྱི་དབྱིན་ཡིག་གསལ་བྱེད་ཉེར་དྲུག་གི་མཚོན་སྟངས་ལྟར་ཡིན། ༽འཇུག་ལ། དེ་དག་གི་རྒྱུན་སྤྱོད་མྱུར་མཐེབ་སྐོར་ཞིག་གི་བྱེད་ནུས་བརྗོད་ན་རྩིས་འཁོར་ཕབ་གཞོང་ངོས་ཀྱི་མྱུར་མཐེབ་བཀོལ་སྤྱོད་གལ་ཆེན་ཏེ། CTRL+C-----复制པར་སློག CTRL+X----剪切དྲས་གཏུབ། CTRL+V---粘贴སྦྱར་བ།CTRL+A--------全选ཡོངས་འདེམས། CTRL+Z--------撤销ཕྱིར་ལོག་པ།CTRL+S--------保存ཉར་ཚགས། ALT+F4-----关闭སྒོ་རྒྱག་པ། CTRL+Y----恢复ཉམས་པ་སོར་ཆུད། ALT+TAB----切换བརྗེ་བ། CTRL+F5---强制刷新བཙན་སྐུལ་གསར་སྐྲུན། CTRL+W--------关闭སྒོ་རྒྱག་པ། CTRL+F-查找འཚོལ་ཞིབ། SHIFT+DELETE永久删除གཏན་དུ་བསུབ་པ། CTRL+ALT+DEL任务管理ལས་འགན་དོ་དམ། SHIFT+TAB-反向切换ལྡོག་ཕྱོགས་བརྗེ་བ། CTRL+空格--中英文输入切换རྒྱ་དབྱིན་ནང་འཇུག་བརྗེ་སྤོར། CTRL+Shift输入法切换ནང་འཇུག་བྱེད་སྟངས་བརྗེ་སྤོར། CTRL+ESC--开始菜单འགོ་འཛུགས་འདེམས་བྱང་། CTRL+ALT+ZQQ快速提取消息་མཁོ་ངེས་གནས་ཚུལ་མྱུར་དུ་ལེན་པ། CTRL+ALT+A QQ截图工具རིས་གཅོད་ལག་ཆ། CTRL+ENTER QQ发消息བརྡ་འཕྲིན་བསྐུར་བ།③དཔེ་འདི་ཙམ་གྱིས་ཀྱང་ང་ཚོ་ལ་གང་མང་ཞིག་ར་སྤྲོད་བྱས་ཡོད་པ་སྟེ། ལ་དོན་གྱི་འཇུག་ཚུལ་དེ་འང་ཧ་ཅང་རྙོག་དྲ་ཅན་ཞིག་ཡིན་ལ། ཁྱད་པར་དུ་ལ་དོན་གྱི་ཕྲད་ལས་ན་ལ་གཉིས་ཀྱི་འཇུག་ཚུལ་ནི་དེ་བས་ཀྱང་མགོ་འཐོམས་ནུས་པ་ཞིག་ཡིན། དེ་ལྟར་དུ་ Ctrl Alt Shift ཡི་འཇུག་ཚུལ་ཀྱང་རྩིས་འཁོར་ཕབ་གཞོང་ངོས་ཀྱི་མྱུར་མཐེབ་བཀོལ་སྤྱོད་མ་འདྲ་ན་སོ་སོའི་བྱེད་ནུས་དང་བཀོལ་སྤྱོད་ཀྱི་ཚད་གཞི་ཕལ་ཆེར་ཡོང་གི་ཡོད་པ་མ་རེད། དེའང་གཙོ་བོ་རྩིས་འཁོར་ཕབ་གཞོང་ངོས་ཀྱི་མྱུར་མཐེབ་བཀོལ་སྤྱོད་ཀྱི་རྒྱུན་ སྤྱོད་མྱུར་མཐེབ་བཀོལ་སྤྱོད་མ་གཏོགས་Ctrl Alt Shift སོ་སོ་རྩིས་འཁོར་ཕབ་གཞོང་ངོས་ཀྱི་མྱུར་མཐེབ་བཀོལ་སྤྱོད་ལས་ལས་འགན་མ་གཅིག་ན་ གཏན་ནས་མི་འདྲ་ས་འབྱུང་གི་ཡོད་པ་རེད་སྙམ།

གཉིས། བོད་ཡིག་ལ་དོན་གྱི་ཕྲད་ལས་ན་ལ་གཉིས་ཀྱི་འཇུག་ཚུལ་རྙོག་དྲ་ཅན་ཡིན་པ་དེ་བཞིན་ Ctrl Alt Shift ཡི་རྩིས་འཁོར་ཕབ་གཞོང་ངོས་ཀྱི་མྱུར་མཐེབ་བཀོལ་སྤྱོད་ངེས་གཏན་ཞིག་མ་ཡིན་པ།

པྲ་ཏི་རིན་ཆེན་དོན་གྲུབ་གྱི་སུམ་རྟགས་དགོངས་འགྲེལ་ལས་སློབ་དཔོན་དྲན་པ་ཡེ་ ཤེས་དཔལ་གྱི་སྨྲ་སྒོ་མཚོན་ཆའི་ནང་གི་ལ་དོན་གྱི་ན་ལའི་འཇུག་ཚུལ་སྐོར་ལུང་ འདྲེན་གནང་ཡོད་པ་དེ་ད་ལྟའི་ངས་དཔྱད་བྱར་གྱུར་བའི་ Ctrl Alt Shift དང་འདྲ་ས་མང་པོ་ཡོད་པར་སྙམ་ལ་། དེ་ནི་ལ་ནི་གཉིས་པ་བཞི་པ་དང།། བདུན་པ་སྡུད་དང་སྦྱོར་བ་དང་།།སྨོན་དང་ཚད་འཛིན་གཞི་དང་ནི།། ཚེ་སྐབས་དག་ཏུ་འདོད་པ་ཡིན།།④ཞེས་པ་དང་། དུ་ལ་སོགས་པ་ལ་དང་མཐུན།། དེ་ཉིད་དག་ནི་ལྷག་པ་ཡིན།། དེ་བཞིན་ལྷག་བཅས་ལ་ལའོ།།⑤ཞེས་ དང་། ན་ཞེས་བྱ་བའི་ཚིག་གི་དོན།། དམིགས་ཀྱིས་འབྱེད་དང་རྒྱུ་མཚན་དང་།། རྒྱུ་མཚན་དོན་གྱིས་བསྟན་པ་དང་།། ལས་དང་ཆེད་དང་རྟེན་གནས་དང་།། ཕྱི་ཚིག་དེ་གཞན་སོགས་སྟོན་དང་།། འོས་པར་དཀའ་བ་མཆོག་འཛིན་པ།། ཕྱི་ཚིག་ངེས་པར་འབྱེད་པ་དང་།། དེ་ལས་བཟློག་པ་ཉིད་དང་ནི།། འགལ་མི་འགལ་སྟོན་པ་དང་།། སྨོན་དང་འདྲི་དང་ཐེ་ཚོམ་གཞི།། ཚེ་སྐབས་རྣམས་ལ་འདི་མཐོང་ངོ།།⑥ཞེས་ གསུངས་པ་དང་། གཞན་ཡང་དཔའ་རིས་སངས་རྒྱས་མཆོག་གིས་ན་སྒྲ་གལ་འཛུགས་གཞུང་འཛུགས་དང་།། རྒྱུ་མཚན་དང་ནི་མཐུན་མི་མཐུན་།། འོས་དང་མི་འོས་སྨོན་པ་དང་།། ཐེ་ཚོམ་རྣམས་ལ་འཇུག་པ་ཡིན།།⑦ཞེས་པ་དང་། ལ་སྒྲ་མཚམས་སྦྱོར་གཞན་འདྲེན་དང་།། ཉམས་དང་འབྱུང་ཁུངས་སྟོན་པ་དང་།། ལྷག་མ་སྡུད་པ་རྣམས་ལ་འཇུག།⑧ཞེས་ གསུངས་པ་ལས་ན་ལ་གཉིས་ཀྱི་འཇུག་ཚུལ་མང་དུ་གསུངས་ཡོད་ལ། ལ་དོན་གྱི་སུ་སོགས་ཡི་གེ་བདུན་པོའི་ཚབ་ཏུ་ཕལ་ཆེར་ན་ལ་གཉིས་ཅི་དགར་འཇུག་ཆོག་ པ་དང་། ཡང་བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་ལས། སུ་རུ་དུ་ན་ལ་རྣམས་དང་། རུ་བསྡུས་པའི་ར་ཡིག་དང་ད་དྲག་སོགས་ཀྱི་དབང་གིས་ཐོབ་པ་ཏུ་ཡིག་སྟེ་བདུན་ཡོད་ ལ། འདི་དག་གི་ཚབ་ཏུ་ཕལ་ཆེར་ལ་ཡིག་འགྲོ་བའི་རྒྱུ་མཚན་གྱིས་ལ་དོན་ཡང་ཟེར།⑨དེའི་སྟབས་ཀྱིས། Ctrl Alt Shift དེ་དག་རྩིས་འཁོར་གྱི་ཙིག་རྟགས་ཀྱི་ཚབ་ཏུ་བཀོལ་སྤྱོད་བྱས་ཆོག་པ་དང་འདྲ་བར་ སྙམ། དེ་བཞིན་དུ་ལ་ན་གཉིས་ལ་འཇུག་ཚུལ་གཞན་ཀྱང་ཤིན་ཏུ་མོད་པ་ལྟར་ Ctrl Alt Shift ཡི་རྩིས་འཁོར་ཕབ་གཞོང་ངོས་ཀྱི་མྱུར་མཐེབ་བཀོལ་སྤྱོད་ཀྱང་བཀོལ་སྤྱོད་ཀྱི་ལས་ འགན་མི་འདྲ་བའི་དབང་གིས་མི་མཐུན་ས་འབེལ་པོ་འདུག དཔེན་ན་Microsoft Office Word Microsoft Office Excel Microsoft Office PowerPoint Photoshop cs4 Flash cs4ལ་སོགས་པའི་བེད་སྤྱོད་དང་བྱེད་ནུས་མི་འདྲ་བ་ལས་ Ctrl Alt Shift ཡི་རྩིས་འཁོར་ཕབ་་གཞོང་ངོས་ཀྱི་མྱུར་མཐེབ་བཀོལ་སྤྱོད་ཐད་དོ་མི་མཉམ་པ་དང་ཧེ་ བག་ཆེན་པོ་བྱུང་གི་འདུག་པར་གདོན་མི་ཟའོ།། ལ་དོན་ཡང་དེ་དང་འདྲ་བར་གོང་ན་བཤད་ཟིན་ཏོ།།

གསུམ། ལ་དོན་གྱི་ཕྲད་ལས་ན་ལ་གཉིས་ཀྱི་འཇུག་ཚུལ་གྱི་རྣམ་གྲངས་དང་ Ctrl Alt Shift ཡི་རྩིས་འཁོར་ཕབ་གཞོང་ངོས་ཀྱི་མྱུར་མཐེབ་བཀོལ་སྤྱོད་ཀྱི་ཁྱབ་རྒྱའི་ཆེ་ཆུང་།

བོད་ཡིག་ལ་དོན་གྱི་ཕྲད་བདུན་པོ་ལས་ན་ལ་གཉིས་ཀྱི་འཇུག་ཚུལ་གྱི་རྣམ་གྲངས་ཆེས་ མང་བ་སྟེ། བོད་ཡིག་གི་བརྡ་སྤྲོད་པའི་ངོས་ཐད་ནས་ལྟོས་བཅས་ཀྱིས་བཤད་ན་ན་ལ་གཉིས་ནི་བོད་ ཀྱི་སྤྱི་སྐད་དང་ཁ་སྐད་གང་རུང་ནས་བལྟས་ན་འཇུག་ས་མོད་པོ་ཞིག་འདུག་ལ། ངའི་གོང་ནས་བཤད་པ་ལྟར་སྨྲ་སྒོ་མཚོན་ཆ་ལས་ན་ཡི་འཇུག་ཚུལ་བཅུ་དྲུག་དང་ལ་ཡི་ འཇུག་ཚུལ་དགུ ད་དུང་བོད་རང་གི་ཁ་སྐད་ཀྱི་ལམ་ནའང་ལྟོགས་ན་ཤ་ཟོ། སྐོམ་ན་ཇ་འཐུང་། ཁ་ལ་ཚིག ལག་ལ་མཚོན། དགེ་རྒན་ལ་སློབ་མ་དགོས། སློབ་མ་ལ་ཤེས་བྱ་མཁོ། ལ་སོགས་བོད་དམངས་ཁྲོད་ཀྱི་གཏམ་དཔེ་དང་དམངས་གླུ་སོགས་ཀྱི་སྐོར་ན་ཡང་ན་ལ་ འཇུག་ཚུལ་གྱི་གྲངས་འབོར་མང་པོ་ཞིག་ཟིན་ཡོད། དེ་དང་དེ་བཞིན་དུ་རྩིས་འཁོར་ཕབ་གཞོང་ངོས་ཀྱི་མྱུར་མཐེབ་བཀོལ་སྤྱོད་ཀྱིས་ ཀྱང་ Ctrl Alt Shiftཡི་རྩིས་འཁོར་ཕབ་གཞོང་ངོས་ཀྱི་མྱུར་མཐེབ་བཀོལ་སྤྱོད་ལ་གནས་བབ་ཆེན་པོ་ ཞིག་བཟུང་ཡོད་དེ་རྩིས་འཁོར་ཕབ་གཞོང་བཀོལ་སྤྱོད་ལ་མཚོན་ན་རྩིས་འཁོར་ཙིག་ རྟགས་ལས་ཀྱང་མྱུར་མཐེབ་བཀོལ་སྤྱོད་ལ་བཀོལ་སྤྱོད་ཀྱི་རིན་ཐང་དང་གཞི་རྒྱ་ཆེ་ བ། སྟབས་བདེ་བ། ང་ཚོས་བེད་སྤྱོད་དང་ལག་ལེན་ལ་དཔྱིས་ཕྱིན་པ་ཞིག་བསླབ་པར་བྱ་བ་ནི་འུ་ཅག་གི་ འོས་འགན་དང་དུས་རབས་ཉེར་གཅིག་གི་ཆ་འཕྲིན་དུས་རབས་ཀྱིས་ང་ཚོ་ལ་སྤྲད་པའི་ ལྡོག་མེད་ཀྱི་ཆོས་ཉིད་ཉག་ཅིག་གོ།། །།

ཟུར་ལྟའི་དཔེ་ཆ།

 ①༼པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ།༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།P༢༥
 ④⑤⑥༼པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ།༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།P༢༨-༣༠
 ②༼ཚ་སྤྲུལ་ངག་དབང་བློ་བཟང་གི་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་གི་རྩ་འགྲེལ།༽མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།P༢༨
 ⑨༼རྗེ་འཇིགས་མེད་དམུ་དགེ་བསམ་གཏན་གྱི་བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས།༽མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།P༡༧
 ⑦⑧༼དཔའ་རིས་སངས་རྒྱས་ཀྱི་བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།༽ མི་རིགས་དཔེ་སྐྲུན་ཁང་། P༢༨༩—༢༩༣
 ③༼http://baike.baidu.com/view/102830.htm༽

Google Keep

 
Google Keep ནི་རང་ཉིད་ཀྱི་དྲན་ཐོའམ་ཟིན་བྲིས་ཐུང་ངུའི་རིགས་ཉར་ཚགས་དང་དྲན་སྐུལ་ཡང་ན་རིག་པ་གསར་པ་འཕེལ་བར་བྱེད་པའི་ཞབས་ཞུ་ཞིག་ཡིན། སྤྱིར་བཏང་ Evernote དང་ StickyNote སོགས་ཀྱི་ཞབས་ཞུ་མང་དག་སྔོན་ནས་ཐོན་ཡོད་ཀྱང་གུས་པར་མཚོན་ན་གུ་གུལ་གྱི་ཞབས་ཞུ་ཁོ་ནར་དགའ་བས་ཟིན་བྲིས་ཐུང་ཐུང་བྲིས་ས་དང་ཉར་ཚགས་བྱེད་ས་དེ་འདྲ་ཞིག་གུ་གུལ་རང་ཉིད་ཀྱིས་བཟོས་ན་ལེགས་བསྙམས་མྱོང་།

Gmail ངོས་སུ་བོད་ཡིག་བཏགས་ཆས་རང་སྒྲིག

 
གུ་གུལ་གྱིས་རང་ཉིད་ཀྱི་དྲ་ཐོག་ཞབས་ཞུ་དེ་བཞིན་ཡག་ཐོག་ཡག་བརྩེག་ཡོད་ཆེད་མངོན་གསལ་ཡོད་པ་དང་མེད་པའི་འགྱུར་བ་མང་པོ་ཞིག་གཏོང་དང་གཏོང་མུས་ཡིན་བཞིན། དེའི་ནང་ཚན་ང་ཚོ་བོད་ཡིག་བཀོལ་སྤྱོད་བྱེད་མཁན་ངོས་ནས་དགའ་ངོས་པ་ཞིག་ནི། Gmail གློག་འཕྲིན་ཞབས་ཞུའི་ཐོག་རྒྱལ་ཁབ་ ༧༥ སྐད་ཡིག་བཅུག་ཡོད་པའི་ནང་བོད་ཡིག་བཏགས་ཆས་རང་སྒྲིག་ཞིག་ཀྱང་ཁ་སྣོན་བྱེད་ཡོད་པ་དེ་ཡིན། བོད་ཡིག་བཏགས་ཆས་དེ་ནི་རྫོང་ཁ་ཡིན་པ་དང་། ཁ་སྣོན་དེས་ཁྱེད་ཀྱི་གློག་ཀླད་ནང་སྨོན་ལམ་གསུམ་པའི་བཏགས་ཆས་སམ་དེ་བཞིན་གྱི་བོད་ཡིག་གི་བཏགས་ཆས་གཞན་གང་ཡང་མི་དགོས་པ་ཆགས་ཟིན།

Cosmology and Consciousness [Knowing & Action]

 

ཕྱིི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༥ ནས་ ༡༧ བར་ཚོགས་གཏན་འཁེལ་བའི་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པ་ཐེངས་གཉིས་པའི་ཚན་རིག་པ་དང་ནང་པའི་མཁས་དབང་དབར་གྱི་བགྲོ་གླེང་། ཚོགས་ཡུལ། དྷེ་ར་དྷུན་སྲོང་བཙན་དཔེ་མཛོད་ཁང་དུ།