Doodle 4 Google 2013 ཐོབ་མཁན་གུ་གུལ་དྲ་ཚིགས་མདུན་ངོས་སུ་བཤམས་པ།


རྒྱ་གར་ས་གནས་པུ་ཎེའི་(Pune) འཛིན་རིམ་བཅུ་པའི་སློབ་ཕྲུག་ཅིག་གིས་འདི་ལོའི་ Google Doodle གྱི་རི་མོའི་འགྲན་བསྡུར་ནང་ཨང་དང་པོ་ཐོབ་སྟེ་ཁོང་གིས་བྲིས་པའི་རི་མོ་དེ་དེ་རིང་རེས་་གཟའ་ཕུར་བུ་བྱིས་པའི་ཉིན་མོ་དང་བསྟུན་ཏེ་གུ་གུལ་དྲ་ངོས་སུ་བཤམས་ཡོད་འདུག Doodle ནི་གུ་གུལ་གྱི་ལས་རྟགས་དེ་པར་རིས་ཀྱི་རིག་རྩལ་ལས་གལ་ཆེའི་དུས་ཚིགས་དང་སྙན་གྲགས་ཅན་གྱི་མི་སྣ་རྣམས་མཚོན་ཐབས་དང་སྲུང་བརྩི་བྱེད་ཐབས་ཞིག་ཡིན།

"Sky's the limit for Indian women"  ཅེས་པའི་བརྗོད་བྱའི་འོག་ Doogle གྱི་བྱ་དགའ་ཐོབ་མཁན་སློབ་ཕྲུག་ གྱ་ཡ་ཊྲི་ ཀེ་ཐ་ར་མན ( Gayatri Ketharaman ) གྱིས་བྲིས་གནང་བའི་རི་མོའི་སྐོར་སྐད་ཆ་དྲིས་སྐབས། ཁོང་མོས་གསུངས་དོན། "གུ་གུལ་གྱི་ཡི་གེ་རེ་རེས་རྒྱ་གར་གྱི་བུད་མེད་དང་འབྲེལ་ཡོད། ངས་བུད་མེད་རྣམས་ཉམས་འགྱུར་དང་ཡིད་དུ་འོང་བ་ཞིག་ཡིན་པ་མ་ཟད། ཕྱི་ནང་གི་ལས་ཀ་གཉིས་ཀར་ལྕོགས་ཐུབ་མཁན། དེ་བཞིན་འཇིགས་ཞུམ་མེད་པའི་ཨ་མ་བཟང་པོ་ཞིག་ཀྱང་མཚོན་ཐབས་བྱས་ཡིན།" ཟེར།
གཞན་ཡང་ད་ལོའི་རྒྱ་གར་གྱི་ Doodle 4 Google གྱི་རིས་མོའི་འགྲན་བསྡུར་དེར་སྡེ་ཚན་གསུམ་དུ་དབྱེ་བའི་ནང་། འཛིན་རིམ་དང་པོ་ནས་གསུམ་པའི་ཁུངས་སུ་ Lucknow ས་གནས་ནས་ཡིན་པའི་སློབ་ཕྲུག་ མ་དྷུ་རམ་ ཝཱཏ་སལ་ (Madhuram Vatsal) དང། འཛིན་རིམ་བཞི་པ་ནས་དྲུག་པའི་ཁུངས་ནས་ Bangalore ས་གནས་ནས་ཡིན་པ་སློབ་ཕྲུག་ ཨ་ཀྴ་ ཤཻ་ཊི་ (Akash Shetty) ལ་ཡང་བྱ་དགའ་ཐོབ་འདུག

འགྲན་བསྡུར་འདི་ནི་རྒྱ་གར་རྒྱལ་ཡོངས་སུ་གྲོང་ཁྱེར་ ༡༠༠ ལྷག་དང་། སློབ་གྲྭ་ ༡༥༠༠ ནང་ཁུལ་དུ་འགྲན་བསྡུར་བྱས་པ་ཞིག་ཡིན། བྱ་དགའ་ཐོབ་མཁན་ལ་དངུལ་སྒོར་འབུམ་ ༡.༥ ཡིན་འདུག

རྒྱ་གར་ཁུལ་གྱི་ Google Doodle ལ་གཟིགས་ན། དྲ་ཚིགས་ཁ་བྱང་ནི། http://www.google.co.in/doodle4google/
ཨ་རིའི་ཁུལ་གྱི་ Google Doodle ལ་གཟིགས་ན། དྲ་ཚིགས་ཁ་བྱང་ནི། http://www.google.com/doodle4google/

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག