དྲ་ཚིགས་བཟོ་བཀོད་ཀྱི་ཐོག་མའི་བསམ་གཞིགས།


དྲ་ཚིགས་ཀྱི་བཟོ་བཀོད་ཚད་ལྡན་ཞིག་ཡོང་བར་གཙོ་བོ་དྲ་ཚིགས་ཀྱིཚད་གཞི་དང་། ཡིག་གཟུགས།  ཚོན་མདོག འགོ་བརྗོད་དང་། དེ་བཞིན་པར་བེད་སྤྱོད་གཏོང་སྟངས་སོགས་ལ་ལྷག་པར་དོ་ནན་བྱེད་དགོས་ཀྱི་ཡོད། དེ་དག་ནི་དྲ་ཚིགས་བཟོ་མཁན་ཞིག་གིས་ཤེས་དགོས་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་ཡིན། དེར་ཐོག་མར་དྲ་ཚིགས་ཞིག་གི་ཞེང་དང་དཀྱུས་ཀྱི་ཚད་གཞི་གཏན་འཁེལ་ཞིག་མེད་ནའང་གཙོ་བོ་མི་ཚང་མའི་གློག་ཀླད་ཀྱི་འཆར་ངོས་ (screen size) ལས་མ་འགལ་བ་ཞིག་དགོས། གློག་ཀླད་ཀྱི་འཆར་ངོས་རྣམས་གཅིག་པ་ཡོང་མི་སྲིད་པས་རན་ཤོས་ནི་ཞེང་ལ་ 900px བཞག་ན་འགྲིགས། དཀྱུས་ལ་རིང་ཐུང་དེ་བས་ཀྱང་ཆོད་བཀའ་ཡང་དྲ་ཚིགས་བཟོ་མཁན་མང་པོའི་བཤད་སྟངས་ལ་བྱེད་ན་མར་འོག་ལ་འགྲོ་མི་དགོས་ཞིག་བྱུང་ན་ལེགས་ཤོས་སུ་རྩིས། འོན་ཀྱང་དེང་གི་དྲ་ཚིགས་ཕལ་མོ་ཆེ་འོག་ཏུ་འགྲོ་དགོས་ངེས་ཡིན་པས་མ་འགྲིགས་པ་གང་ཡང་མ་མཐོང་།

གཉིས་པ་ཡིག་གཟུགས་བེད་སྤྱོད་བཏང་སྟངས་སྐོར་བཤད་ན། དྲ་ཚིགས་ངོས་སུ་བོད་ཡིག་གི་ཡིག་གཟུགས་འདྲ་མིན་འཇོག་རྒྱུ་ནི་བཟོ་བཀོད་ཡག་པོ་ཞིག་མི་བརྩི། གལ་ཏེ་ངེས་པར་དུ་ཡིག་གཟུགས་མི་འདྲ་བ་སྤྱད་དགོས་ན་ཡིག་གཟུགས་གཙོ་བོ་གཉིས་ལྷག་མ་སྤྱད་ན་ལེགས། དཔེར་ན། འགོ་བརྗོད་རྣམས་ལ་འབྲུག་རྩ་་དང་། ནང་དོན་ལ་དབུ་ཅན་འཇོག །ཁྱེད་ཀྱིས་འཚུགས་ཐུང་དང་ཁྱུགས་ཡིག་སོགས་འཇོག་རྒྱུ་ཡོད་ཀྱང་། སྐབས་རེ་དེས་མི་ཚོར་ཀློག་རྒྱུར་དཀའ་ཁག་ཏུ་བཏང་སྲིད་པས་དེ་བསམ་གཞིགས་བྱེད་དགོས།

གསུམ་པ་དྲ་ཚིགས་ངོས་སུ་ཚོན་ཁྲ་གང་བྱུང་དུ་སྒྲིག་པ་ནི་དྲ་ཚིགས་བཟོ་བཀོད་ཀྱི་ལྷོད་གཡེང་ཆེ་ཤོས་ཞིག་ཀྱང་ཡིན། དེ་ཡང་ང་ཚོས་རྒྱབ་ལྗོངས་དང་། འགོ་བརྗོད་ཡི་གེ །ནང་དོན་གྱི་ཡིག་འབྲུག་སོགས་ཀྱི་མཚོན་མདོག་ལ་ངེས་པར་དུ་བསམ་བློ་བཏང་དགོས། ཚོན་ཁྲ་འདེམས་ཕྱོགས་ལ། ཚོན་ཁྲ་གཉིས་ཅན་དང་། ཚོན་ཁྲ་གསུམ་ཅན། ཚོན་ཁྲ་བཞི་ཅན་སོགས་གང་ཞིག་དགོས་མིན་སྔོན་ཚུད་ནས་བསམ་བློ་དགོས། རྒྱབ་ལྗོགས་སྐྱ་ཤས་ཅན་ཡིན་ན་མདུན་ངོས་གྱི་ཡི་གེ་ནག་ཙམ་དགོས་པ་དང་། རྒྱབ་ལྗོངས་ནག་པོ་ལ་མདུན་ངོས་ཡིག་འབྲུའི་ཚོན་དོག་མདངས་ཆེ་ཙམ་དགོས། ཚོན་ཁྲ་སྒྲིག་སྟངས་ཡག་པོ་མ་བྱུང་ན་དྲ་ཚིགས་མཐོང་སྣང་མི་བདེ་བ་དང་། ཀློག་མཁན་ལ་ཡང་ཀློག་མི་བདེ་བའི་བག་ཆགས་ཞིག་འཇོག་ངེས། གལ་ཏེ་ཚོན་ཁྲ་འདེམས་ཕྱོགས་ལ་རྒྱུད་མངའ་དེ་ཙམ་མེད་ན་དྲ་ཐོག་ཏུ་རིན་མེད་ཀྱི་ཞབས་ཞུ་མང་དག་ཞིག་ཡོད་པ་དཔེར་ན་ www.colorschemedesigner.com སྤྱད་ནའང་འགྲིགས།

བཞི་པ་འགོ་བརྗོད་བཞག་སྟངས་སྐོར་བཤད་ན། འགོ་བརྗོད་ནི་རྩོམ་ཡིག་རེ་རེའི་མགོ་ལྟ་བུ་དང་། རྩོམ་ཡིག་མང་པོ་ནང་ནས་ལོགས་སུ་དབྱེ་བའི་དབྱེ་མཚམས་ཞིག་ཀྱང་ཡིན། དེར་བརྟེན་འགོ་བརྗོད་ཀྱི་ཡིག་གཟུགས་དེ་ནང་དོན་གྱི་ཡིག་གཟུགས་དང་གཅིག་པ་བཞག་ན་ཡག་པོ་མེད། འགོ་བརྗོད་ལ་ཡིག་གཟུགས་ཆེ་ཙམ་དང་། ཚོན་ཁྲ་མི་འདྲ་བ། རྒྱབ་ལྗོངས་སོགས་རན་པོ་ཞིག་སྒྲིག་དགོས།

ལྔ་པ་པར་བེད་སྤྱོད་བྱེད་སྟངས་ལ་བསམ་གཞིགས་ངེས་པར་དུ་བྱེད་དགོས། དྲ་ཚིགས་ངོས་སུ་སྐབས་རེ་པར་འཇོག་དགོས་འཁེལ་གྱི་ཡོད། པར་དེ་དག་གི་ཞེང་དཀྱུས་ཀྱི་ཚད་གཞི་དང་། ཚོན་ཁྲའི་ DPI ཇི་ཙམ་དགོས་མིན་ལ་ཡང་སེམས་དགོས། གལ་ཏེ་བསམ་བློ་གང་ཡང་མ་བཏང་བར་རྩོམ་ཡིག་ཞིག་གི་ཐོག་པར་ཆེ་ཐག་ཆོད་ཅིག་བཞག་ན། དང་པོ་ཡར་བླུགས་རྒྱུར་ (upload) དཀའ་བ་དང་། ཡར་བླུགས་ཐུབ་པའི་དབང་དུ་བཏང་ཡང་རང་ཉིད་ཀྱི་རྩོམ་ཡིག་དེ་འཆར་རྒྱུར་དུས་ཡུན་དེ་བས་མང་བ་འགོང་དགོས་པ་ཆགས་སྲིད། དེར་བརྟེན་རྩོམ་ཡིག་དང་དྲ་ཚིགས་ཀྱི་དགོས་མཁོར་དཔག་པའི་པར་རྣམས་བྲེག་གཏུབ་ཚད་གཞི་འཛིན་དགོས།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *