Wordpress ཐོན་རིམ་ v3.8 དང་དེའི་རྣམ་པ་གསར་པ།


ཕྱི་ལོ་ ༢༠༡༤ ལོ་འགོ་བཙུགས་པ་དང་ wordpress ཐོན་རིམ་གསར་པ་ v3.8 དེ་དྲ་ལམ་དུ་སྤེལ་ཡོད། ད་ལན་ wordpress v3.8 དེའི་རྣམ་པ་གསར་རྐྱང་ཡིན་པ་དང་། དེ་སྔོན་གྱི་ཐོན་རིམ་དང་བསྡུར་ན་ཡིག་གཟུགས་ཆེ་ཆུང་དང་། ཚོན་གདངས་འདེམས་ཕྱོགས། དེ་བཞིན་སྡེ་ཚན་སོ་སོའི་ནང་གྱི་འདེམས་ག་རྣམས་གྲལ་བསྒྲིགས་ལོས་སོགས་གང་གི་ཆ་ནས་ཧ་ཅང་སྤུས་ཀ་དག་པ་འདུག Wordpress v3.8 གྱི་རྩོམ་ཡིག་སྤེལ་སའི་ནང་བལྟ་གཡོན་ཕྱོགས་ཀྱི་ Dashboard དང་ Posts , Media, Pges, Comments ཡོད་ས་དེ་མངོན་གསལ་འདོད་པ་དང་། Comment སྡེ་ཚན་ནང་གལ་ཏེ་མཆན་ཡོད་ན་ལམ་སེང་ངོས་ཟིན་ཐུབ་ཀྱི་འདུག


རྩོམ་ཡིག་སྤེལ་བའི་སྐབས་ wordpress v3.8 དེ་སྔར་བས་ཁ་མགྱོགས་པ་ཕྱེ་ཐུབ་པ་དང་། དེ་ལས་དགེ་ཚན་ཆེ་བ་གཞན་གཅིག་ནི་གློག་ཀླད་དང་གློག་ཆས་ ( ipad, iphone, androd, tablet) ཚང་མའི་རྒྱུད་ནས་ཀྱང་རྩོམ་ཡིག་སྤེལ་ཐུབ་ཀྱི་འདུག །གལ་ཏེ་རང་ཉིད་ལ་ wordpress 3.7 དང་དེ་ལས་རྙིང་བའི་ wordpress དྲ་ཚིགས་ཡོད་ན་རིམ་ཕར་ (update) བྱེད་པར་བྱེད་པར་ Update Now ཞེས་པའི་ཐོག་གནོན་ན་འགྲེགས། འོན་ཀྱང་ངེས་པར་སེམས་ལ་བཞག་དགོས་པ་ནི་རང་ཉིད་ཀྱི་རྩོམ་(posts)དང་བཟོ་བཀོད་ (theme) ཆ་ཚང་སྔོན་ཚུད་ནས་འདྲ་བཤུས་ (keep backup) ཤིག་ཉར་དགོས།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *