དྲ་ཚིགས་ངོས་སུ་ youtube གློག་བརྙན་ལེགས་པོ་འཇོག་ཐབས་བཞི།


སྐབས་རེ་དྲ་ཚིགས་དང་སྒེར་གྱི་ཟིན་བྲིས་ངོས་སུ་ youtube གློག་བརྙན་དེ་འདྲ་འཇོག་དགོས་པ་འཁེལ་གྱི་ཡོད། དེ་ནི་གཅིག་ནས་ཀློག་པ་པོ་རྣམས་ལ་གནས་ཚུལ་གོ་རྟོགས་ལེགས་པོ་ཡོང་ཐབས། གཉིས་ནས་དྲ་མི་གང་མང་རང་ཉིད་ཀྱི་དྲ་ཚིགས་ངོས་སུ་ཕེབས་ཐུབ་པའི་ནུས་པ་ངེས་ཅན་ལྡན་ཡོད། འོན་ཀྱང་བསམ་མེད་ངང་ youtube གློག་བརྙན་ཞིག་ཐད་ཀར་དྲ་ཚིགས་ངོས་སུ་ ( embed ) འཇོག་པ་ནི་ལག་ལེན་བཟང་པོ་ཞིག་རྩ་བ་ནས་མ་མཐོང་། དེར་བརྟེན་ང་ཚོས་གཤམ་ལ་ youtube གློག་བརྙན་དེ་རིགས་རང་ཉིད་ཀྱི་དྲ་ཚིགས་ངོས་སུ་ཡག་པོ་བྱེད་ནས་འཇོག་ཐབས་བཞི་ངོ་སྤྲོད་བྱེད།

༡༽ རྩོམ་ (post) ཞིག་གི་ནང་གློག་བརྙན་ཡོད་མེད་གསལ་སྟོན་བྱེད་དགོས།

དྲ་ཚིགས་ངོས་སུ་ཕེབས་མཁན་སུ་ཞིག་གིས་ཀྱང་རང་ཉིད་ཀྱི་རྩོམ་ (post) གང་ཞིག་གི་ནང་གློག་བརྙན་བལྟ་རྒྱུ་ཡོད་མེད་ཤེས་ཐུབ་པའི་གསལ་ཁ་སྟོན་དགོས། དེ་ལ་ཐབས་གཉིས་ཡོད།
  1. རྩོམ་(post)གྱི་འགོ་བརྗོད་ཀྱི་གོང་དུ་ [VIDEO] ཅེས་བཀོད་ན་འཐུད། དཔེར་ན། "[VIDEO] དགོད་བྲོའི་གཏམ་གླེང་།" ཟེར་བ་ལྟ་བུ།
  2. རྩོམ་གྱི་འགོ་སྟོད་དུ་གློག་བརྙན་དེ་བཞག་དགོས། དེ་ལྟར་བྱས་ན་ཀློག་མཁན་གྱིས་གློག་བརྙན་དེ་སྣང་མེད་ཤོར་མི་ཐུབ།

༢༽ གློག་བརྙན་གྱི་འགྲེལ་བཤད་ཡོད་པ།


སྐབས་རེ་དྲ་ཚིགས་ཞིག་གི་ངོས་སུ་གློག་བརྙན་གཅིག་པོ་འཇོག་པ་ལས་གློག་བརྙན་དེའི་སྐོར་གྱི་འགྲེལ་བཤད་ཡིག་འབྲུ་གཅིག་ཀྱང་མེད་པ་དེ་འདྲ་མཐོང་རྒྱུ་འདུག །དེ་ནི་ཡག་པོ་ཞིག་མིན། ངེས་པར་དུ་གློག་བརྙན་གྱི་ནང་དོན་རྒྱས་པོ་རང་མེད་ནའང་འགྲེལ་བཤད་ཚུལ་དུ་ནང་དོན་བསྡུས་པོ་ཞིག་གམ་ཚིག་སྒྲུབ་རྐང་ཁ་བཤད་ཡོད་ནའི་འགྲིགས།

༣༽ གློག་བརྙན་ཆེ་ཆུང་སྒྲིག་བཀོད་རན་པོ་འདེམས་དགོས།

དྲ་ཚིགས་མང་པོ་ཞིག་གི་ནང་གློག་བརྙན་འཇོག་སྐབས་ནོར་འཁྲུལ་ཆེ་ཤོས་གཅིག་ནི། གློག་བརྙན་གྱི་ཞེང་ཚད་དེ་དྲ་ཚིགས་ཀྱི་ཞེང་ཁ་དང་བཏགས་བཏགས་མེད་པ་དེ་ཡིན། རྒྱུ་མཚན་གཙོ་བོ་གཅིག་ནི། youtube གློག་བརྙན་ཞིག་ཐད་ཀར་ embed བྱེད་ཤེས་པ་ཙམ་ལས་ནང་ངོས་ Custom Size དང་ འདེམས་ག་ option འགའ་ཤས་ཤིག་ཡོད་པ་དེ་དག་བེད་སྤྱོད་མ་བྱེད་པའི་སྐྱོན་རེད།


ཐད་ཀར་  Embed བྱེད་སྐབས་གློག་བརྙན་གྱི་ཞེང་ཚད་ནི་ width=”560″ height=”315″ རེད། དེར་བརྟེན་གློག་བརྙན་གྱི་ཞེང་ཚད་དེ་དྲ་ཚིགས་ཀྱི་ངོས་ཤོག་ལས་མ་རྒལ་བ་དགོས། གལ་ཏེ་གློག་བརྙན་གྱི་ཞེང་ཚད་དང་དྲ་ཚིགས་ཤོག་ངོས་གཉིས་བཏགས་བཏགས་བསྡད་དགོས་ན། འདེམས་གའི་ནང་ Video Size: Custom Size ནང་སྒྲིག་ན་འགྲིགས། དེ་བཞིན་དེ་མིན་འདེམས་ག་གཞན་ཡང་ཡོད་པས་གློག་བརྙན་སྟོན་སྟངས་ཡག་པོ་ཡོང་ཐབས་ལ་ངེས་པར་འབད་དགོས།

༤༽ མཉམ་བཞུགས་ཡོང་ཆེད་སྐུལ་སློང་བྱེད་པ།

Youtube གློག་བརྙན་རིགས་དྲ་ཚིགས་ཐོག་ལེགས་པོ་ཇི་ལྟར་འཇོག་དགོས་མིན་གྱི་རྩོམ་ཡིག་དེ་ལྟ་བུ་ཞིག་སྤེལ་ཟིན་པ་དང་མཐའ་མ་དེར་ཀློག་པ་པོར་མཉམ་ཞུགས་ཆེད་རེ་སྐུལ་འགའ་བྱེད་ན་ཡག་པོ་ཡོད། དཔེར་ན། ཁྱེད་ལ་དེ་མིན་གྱི་ཐབས་ཤེས་བཟང་པོ་གང་ཡོད་དེར་བསམ་ཚུལ་སྤེལ་བར་དགའ་བསུ་ཞུ་ཟེར་བ་ལྟ་བུ། ཡང་ན་དེ་དང་འབྲེལ་བའི་སྤྱི་ཚོགས་དྲ་ཚིགས་ངོ་དེབ་ནང་མཉམ་བཞུགས་ (Like us on Facebook) འབོད་སྐུལ་སོགས་བྱེད་ན་ཧ་ཅང་མཚམས་པོ་ཡོད།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག