Page Speed Insight སྤྱད་དེ་དྲ་ཚིགས་མགྱོགས་སུ་གཏོང་།


Google Developer དྲ་གནས་ http://developers.google.com/speed/pagespeed/insights/ དེར་དྲ་ཚིགས་ཞིག་གི་ཁ་བྱང་བཀོད་དེ་བལྟ་བའི་སྐབས། དེས་དྲ་ཚིགས་དེ་ཁ་ཕྱེ་མགྱོགས་ལོས་དང་། གལ་ཏེ་དྲ་རྒྱའི་དེ་ཁ་ཕྱེ་མྱུར་པོ་མེད་ན། དེའི་འགག་རྩ་གང་ཡིན་མིན་གྱི་གསལ་བཤད་བྱེད་པའི་མཐུན་རྐྱེན་ཧ་ཅང་ཡག་པོ་ཞིག་འདུག

།དེང་དྲ་ཚིགས་ཤིག་ཀྱི་ཁྱད་ཆོས་གཙོ་བོ་གསུམ་ཚང་དགོས་པ་ནི། བཟོ་བཀོད་མཛེས་པ་དང་། དྲ་ཚིགས་ལམ་སེང་ཁ་ཕྱེ་ཐུབ་པ། དྲ་ཚིགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་བཅས་དགོས། དེར་དོན་ཚན་གཉིས་པ་དྲ་ཚིགས་ལམ་སེང་ཁ་ཕྱེ་ཐུབ་པ་ཟེར་བ་ནི། དྲ་ཤོག་གི་སྤྱིའི་ལྗིད་ཚད་ཡང་པོ་དགོས་པའི་དོན་ཡིན། དཔེར་ན་ index.html དེ་ཡིག་ཆའི་ཚད་གཞི་ནི་ 679Kb རེད་འདུག་ཟེར་བ་ལྟ་བུ། དྲ་ཚིགས་ཤིག་ལ་ཡང་པོ་ཡོད་འགྱུར་ན། དྲ་རྒྱའི་མྱུར་ཚད་ (bandwidth) ལེགས་པོ་མེད་ནའང་དྲ་ཚིགས་ཞིག་དུས་ཡུན་སྐར་ཆ་གསུམ་བཞིའི་ནང་འཆར་ཐུབ།

གུས་པས་རང་ཉིད་ཀྱི་དྲ་ཚིགས་ཀྱི་ཁ་བྱང་ www.sonamdawa.com བཀོད་ནས་ཚོད་ལྟ་བྱེད་སྐབས། གློག་ཀླད་ངོས་ནས་མྱུར་ཚད་ནི་བརྒྱ་ཆ་ ༧༩ སྟོན་གྱི་འདུག་པ་དང་། ལག་ཐོག་ཁ་པར་ངོས་ནས་མྱུར་ཚད་བརྒྱ་ཆ་ ༧༢ ཡིན་འདུག་པས་སྤྱིའི་ཕྱོགས་ནས་མྱུར་པོ་འཆར་ཡོང་བ་བརྩིས་མཆོག།།

དེ་ནས་གཤམ་དུ་གལ་ཏེ་ད་དུང་རང་ཉིད་ཀྱི་དྲ་ཚིགས་དེ་དེ་བས་ཀྱང་མྱུར་དུའམ་ཡང་པོ་བཟོ་དགོས་ན། རང་ཉིད་ཀྱི་དྲ་ཚིགས་ནང་བཟོ་བཅོས་གང་གང་བྱེད་དགོས་མིན་གསལ་པོ་ལམ་སྟོན་བྱེད་ཀྱི་འདུག །ངའི་དྲ་ཚིགས་དེའི་ནང་ད་དུང་ Javascript ཀྱི་ཡིག་ཆ་བཞི་མེད་པ་བཟོས་པ་དང་། དེ་ནས་མདུན་ངོས་ཀྱི་པར་ཆེ་བ་དེ་དག་ཆུང་དུ་བཏང་བ་དང་། དྲ་ཚིགས་ཀྱི་ཚད་གཞི་ css ནང་འགྱུར་བཅོས་འགའ་བྱེད་ཐུབ་ན་ངའི་དྲ་ཚིགས་ཀྱི་སྤྱིའི་མྱུར་ཚད་དེ་བརྒྱ་ཆ་ ༩༢ བར་འཕར་ཐུབ་ཀྱི་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།

དེར་བརྟེན་དྲ་ཚིགས་དེ་ཧ་ཅང་ཕན་ཐོག་ཡོད་པ་ཞིག་རེད་འདུག དེ་མིན་དྲ་ཚིགས་ཀྱི་མྱུར་ཚད་སྐོར་གྱི་ཤེས་བྱ་གཞན་རྒྱས་པ་ཤེས་འདོད་ན་དྲ་ཐག་དེ་ནས་གཟིགས་རོགས།  https://developers.google.com/speed/


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *