AppLock Pro v1.62

 

མཉེན་ཆས་འདི་ནི་རང་ཉིད་ཀྱི་ཁ་པར་ནང་ཡོད་པའི་འཕྲིན་ཕྲན་དང་། པར། གློག་བརྙན། ཡིག་ཆ་དེ་དག་ལ་གསང་ཨང་བཀོད་དེ་མི་གཞན་གྱིས་ལས་སླ་པོའི་ངང་ཁ་འབྱེད་རྒྱུ་མེད་པ་བཟོ་ཆེད་ཞིག་ཡིན། དཔེར་ན་ཉེ་ཆར་ཁྱེད་ཀྱིས་འཕྲིན་ཕྲན་རྒྱུད་དེ་དགའ་རོགས་གསར་པ་དང་སྐད་ཆ་མང་པོ་ཞིག་བྱུང་བ་དང་། གནས་ཚུལ་དེ་དག་མི་གཞན་དང་དམིགས་བསལ་རང་ཉིད་ཀྱི་དགའ་རོགས་རྙིང་པས་ཧ་མ་གོ་བའི་ཆེད་དུ་བེད་སྤྱོད་བཏང་རྒྱུའང་འདུག གལ་ཏེ་དགའ་རོགས་རྙིང་པ་དང་གསར་པ་སུས་རང་གི་ཁ་པར་ནང་ལྐོག་ལྟ་བྱེད་ཀྱང་འཕྲིན་ཕྲན་ལ་གསང་ཨང་མེད་ན་ཁ་འབྱེད་མི་ཐུབ་པ་བཟོ་བ་ལྟ་བུ་ཡིན།

AppLock མཉེན་ཆས་དེ་ཐོག་མར་ཨན་ཌོ་མ་ལག་ནང་བླུགས་འཚར་བ་དང་དེ་ལ་གསང་ཨང་ཞིག་བཀོད་དགོས། གསང་ཨང་དེ་ནི་མཉེན་ཆས་ཁ་ཕྱེ་ཆེད་ཀྱི་གཅིག་བསྒྱུར་གསང་ཨང་དེ་ཡང་རེད། མཉེན་ཆས་དེས་ཨན་ཌོའི་ནང་ཡོད་པའི་གཉེན་གཞན་རྣམས་འཆར་འོང་། དེ་ནས་འཕྲིན་ཕྲན་དང་། པར་གསོག གློག་བརྙན། ཝེ་བྷོ་ (weibo) སོགས་གང་རུང་འདེམས་ཏེ་སྒོ་ལྕགས་རྒྱག་ཅེས་པའི་རྟགས་དེར་ཐེངས་གཅིག་གནོན་ན་འདེམས་ཟིན་པའི་གཉེན་ཆས་དེ་དག་ཁ་བསྔོག་པར་ངེས་པར་དུ་གསང་ཨང་བཀོད་དགོས་པ་ཆགས་ཐུབ། དེ་ལྟར་མི་གཞན་གྱིས་རང་ཉིད་ཀྱི་ཁ་པར་ནང་དོན་མེད་ཀྱིས་བསྔོག་བལྟ་བྱེད་མི་ཐུབ་བོ།

ཕབས་ལེན་གནང་དགོས་ཚེ་དྲ་ཐག་དེར་ཕེབས། http://1drv.ms/Rg2YAq
ཡིག་ཆ་ཆེ་ཆུང་ 650 KB

OfficeSuite Pro 7

 

མཉེན་ཆས་དེ་ནི་ཨན་ཌོ་ (android) མ་ལག་ཆེད་དུ་བཟོས་པའི་ཡིག་ཚང་མཉེན་ཆས་ (Office Suite) ཆ་ཚང་ཞིག་ཡིན་པ་དང་། དུས་རྒྱུན་གློག་ཀླད་ཐོག་ཡོད་པའི་ཡིག་ཚང་མཉེན་ཆས་ཀྱི་ཚབ་བྱེད་ཐུབ། གལ་ཏེ་ཁྱེད་ཀྱིས་ལག་ཐོག་ཁ་པར་རམ་ tablet ནང་མཉེན་ཆས་འདི་ཡོད་ན་ཁྱེད་ཉིད་ས་ཕྱོགས་གང་དུ་ཡོད་ཀྱང་ Word དང་ Excel , PowerPoint སོགས་ཀྱི་ཡིག་ཆ་རྣམས་ཁ་ཕྱེ་ཐུབ་པ་དང་བཟོ་སྒྲིག་ཀྱང་བྱེད་རྒྱུ་ཡོད།

མཉེན་ཆས་དེས་ཡིག་ཆའི་རྣམས་མང་པོ་ཞིག་ཀྱང་ཁ་བསྔོག་ཐུབ། གཤམ་གསལ།
* Text format - Microsoft DOC, DOCX, DOCM, RTF, TXT, LOG, ODT
* Spreadsheet - Microsoft XLS, XLSX, XLSM, CSV, ODS
* Presentation - Microsoft PPT, PPTX, PPS, PPSX, PPTM, PPSM, ODP
* ཡིག་ཆ་གཞན། - Microsoft PDF, EML, ZIP
* Microsoft Office 365 རིགས་ཀྱང་ཁ་ཕྱེ་ཐུབ།

ཕབས་ལེན་གནང་དགོས་ཚེ་དྲ་ཐག་དེར་ཕེབས། http://1drv.ms/1kB5fNK
ཡིག་ཆ་ཆེ་ཆུང་ 30.1MB