དངོས་ཆས་གསར་ཐོན་རྣམས་ཀྱི་ཐ་སྙད་ལ་དོན་བསྒྱུར་བྱེད་དགོས་སམ།

དངོས་པོ་རེ་ལ་ཐོག་མར་དོན་གྱི་ཆ་ནས་མིང་བཏགས་པ་དང་དོན་དམིགས་བསལ་གང་ཡང་མེད་པར་བཏགས་པའི་བཏགས་མིང་མང་དག་ཞིག་རྒྱུན་གཏན་འཚོ་བའི་ནང་སླེབས་ཀྱི་ཡོད་པ་དང་བོད་ཡིག་ལ་གདུང་པའི་བོད་ཕྱི་ནང་གཉིས་ཀྱི་སྤུན་ཟླ་མང་པོས་སྐབས་ཐོག་ཏུ་དངོས་པོ་དེ་དག་ལ་བོད་ཡིག་གི་ཐ་སྙད་རེ་སྦྱར་ཐུབ་པའི་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་པ་ནི་བསྔགས་བརྗོད་ཞུ་འོས་ཞིག་ལགས། ལོ་འགའི་རིང་ནས་གུས་པས་རང་གི་དུས་ཚོད་ནམ་འཁོམ་ལ་གློག་ཀླད་དང་ཁ་པར་སྐོར་གྱི་རྩོམ་ཡིག་གང་ཐུབ་སྒེར་གྱི་དྲ་ཚིགས་འདིའི་ནང་སྤེལ་བའི་སྐབས་འགག་རྡོ་ཆེ་ཤོས་ནི་གློག་ཀླད་ཀྱི་དངོས་ཆས་གསར་པ་དེ་དག་ལ་བོད་ཡིག་གི་ཐ་སྙད་གང་བཀོད་མིན་ཐད་དེ་ཡིན།

སྤྱིར་བོད་ཕྱི་ནང་གཉིས་སུ་གློག་ཆས་དང་དངོས་རྫས་གསར་ཐོན་དེ་དག་ལ་བརྡ་ཆད་གཏན་འབེབ་འགོ་བཙུགས་པ་ཙམ་ལས་བརྒྱ་ཆ་དགུ་ཅུ་ལྷག་གི་མིང་ཚིག་གསར་པ་དེ་དག་ཡོངས་ཁྱབ་དང་གཅིག་མཐུན་བྱུང་མེད། དེར་དཔེ་མཚོན་ཆུང་ཆུང་ཞིག་ལེན་ནས་བཤད་ན། དབྱིན་ཡིག་གི་ཚིག Computer ལྟ་བུ་ཞིག་ལ་བོད་ནང་ གློག་ཀླད་ཅེས་བེད་སྤྱོད་བྱེད་ཀྱི་ཡོད། རྒྱ་གར་ནང་ ཀམ་པུ་ཊར་ ཞེས་བེད་སྤྱོད་བྱེད་ཀྱི་ཡོད། ཕྱིས་སུ་དོན་བསྒྱུར་བྱེད་ནས་རྩིས་བརྒྱག་འཕྲུལ་འཁོར་རམ་རྩིས་འཁོར་ཟེར་ཏེ་བེད་སྤྱོད་བྱེད་མཁན་མང་པོ་འདུག །ཐ་སྙད་དེ་དག་གང་ཞིག་བེད་སྤྱོད་བྱེད་ཀྱང་མི་འགྲིགས་པ་མེད། དེར་ངས་ཤོད་འདོད་པ་ནི། computer ཟེར་བའི་དངོས་པོ་དེ་ ཕྱི་ལོ་ ༡༩༨༧ ཙམ་ནས་ཁྲོམ་རྭའི་ནང་ཐོན་པ་ནས་ད་བར་ལོ་སུམ་ཅུ་མན་ཙམ་འགྲོ་གི་ཡོད་ཀྱང་ད་དུང་གཅིག་འགྱུར་གྱི་མིང་ཚིག་ཆགས་ཐུབ་མེད། དེར་བརྟེན་གློག་ཀླད་དང་། ཀམ་པུ་ཊར། རྩིས་འཁོར་གསུམ་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་རྩིས་ཏེ་རྩོམ་ཡིག་དང་ཡི་གེར་བཀོད་སྐབས་ཕལ་ཆེར་མི་ཚང་མས་དངོས་པོ་དེ་ངོ་ཐག་ཆོད་ཀྱི་ཡོད། དངོས་ཆས་དེ་འདྲ་གཅིག་ལ་ཡོངས་གྲགས་བོད་ཡིག་ཐ་སྙད་གཅིག་བཟོ་བར་དུས་ཡུན་ཇི་ཙམ་འགོར་འདུག །དེའི་བར་ལ་དངོས་ཆས་གསར་པ་ག་ཚོད་ཁྲོམ་རྭར་ཐོན་ཡོང་གི་ཡོད། ངའི་བསམ་པར་སྐབས་ཐོག་གི་དངོས་པོ་དེ་དག་ལ་ཐད་བསྒྱུར་བྱེད་ན་སྤྱོད་ཐུབ་ན་དེ་གས་འགྲིགས་སྙམ། དུས་ཡུན་གང་མཚམས་རྗེས་ཐད་བསྒྱུར་བྱེད་པའི་ཐ་སྙད་དེ་དག་འགྲིགས་མིན་ནམ། རན་མིན་ནམ། ཡང་ན་བརྡ་ཆད་བཏན་འབེབས་ཚོགས་ཆུང་སོགས་ཀྱིས་གཏན་འབེབས་བྱེད་ཡོད་མེད་ལ་མ་ལྟོས་པར་བོད་མི་ཡོངས་ཀྱིས་བཀོལ་སྤྱོད་དང་གོ་བརྡ་ཐུབ་ན་ཧ་ཅང་ལེགས། གང་ལྟར་དངོས་པོ་ཞིག་ལ་མིང་བཏགས་པ་ཙམ་ལས་དེ་ལ་དོན་དག་གང་དགོས་པ་མ་རེད།

དེར་བརྟེན་དངོས་ཆས་གསར་པ་རེ་ཁྲོམ་རར་ཐོན་པ་དང་། དངོས་ཆས་དེའི་དབྱིན་ཡིག་ལས་སྒྲ་ཐད་ཀར་བཀོད་དེ་བཞག་རྗེས། བོད་མིའི་འཚོ་བའི་ནང་བེད་སྤྱོད་དང་ཁྱབ་འཕེལ་བཏང་ཐུབ་ན། དངོས་ཆས་གསར་པ་དེ་དག་ལ་བོད་མི་རང་ངོས་ནས་བརྡ་ཆད་གཏན་འབེབ་བྱེད་ཟིན་པ་འདྲ་པོ་རེད། དཔེར་ན་ ཨྱ་ཧྤོན་ (iphone), ཨྱ་པེཊ་ (ipad), ཊེ་བྷེ་ལེཊ་ (tablet) ལྟ་བུ།

མི་འགའ་རེས་བོད་ཡིག་ལ་གདུང་ཞེན་དང་ཤ་ཚ་ཡོད་ཟེར་ཏེ་ལྐུགས་པ་ཨུ་ཚུགས་ཀྱིས་དབྱིན་ཡིག་ནང་ཡོད་པའི་དངོས་ཆས་ཆ་ཚང་ལ་བོད་ཡིག་ནང་དོན་འགྱུར་བྱེད་དགོས་པའམ་གཏན་འབེབ་བྱེད་དགོས་པ་དེ་འདྲ་བསམ་མཁན་དང་འཁྲེགས་བཟུང་བྱེད་མཁན་ཡང་མང་དག་མཐོང། དཔེ་མཚོན་གཅིག་ཞུ་ན། དབྱིན་ཇིའི་ཟས་རིགས་ Sandwitch ལྟ་བུ་ལ་མི་འགས་ དཀྱིལ་བཙིར་བག་ལེབ། ཟེར་བ་དོན་བསྒྱུར་བྱེད་འཁུལ་དང་མཚན་ལྡན་དུ་འདོད་ཀྱི་ཡོད་ཀྱང་། ཐ་སྙད་གསར་པ་དེ་ཡོངས་གྲགས་ཆགས་མེད་ལ། མི་མང་པོས་མཁས་ལེན་མིན་ངེས་པ་མེད། ཉིན་རེ་བཞིན་འཚོ་བའི་ནང་དངོས་ཆས་སྟོང་ཕྲག་ལྷག་གསར་ཐོན་དང་དེ་དག་ལ་མིང་རེ་ཡོད་དེར་བརྟེན་མིང་ཚིག་རེ་རེ་ལ་དོན་བསྒྱུར་བྱེད་ཚོད་ཡོད་དམ། ངའི་བསམ་པར་དོན་བསྒྱུར་བྱེད་དེ་ཡོངས་གྲགས་སུ་འགྲོ་ཐུབ་པ་རྣམས་གང་ཐུབ་ཀྱིས་ཐ་སྙད་གཏན་འབེབས་བྱེད་པའི་ཞོར་དུ། མིང་ཚིག་ཕོན་ཆེ་བ་རྣམས་ཐད་བསྒྱུར་བྱེད་ན་སྟབས་བདེ་ཤོས་དང་། བོད་ཡིག་ནང་ཐ་སྙད་མི་གདངས་བའི་སྐད་ཆ་ལྷག་གི་མེད། དཔེར་ན། Sandwitch ལ་ སེནྚ་ཝི་ཆི་ ཞེས་འབྲི་ན་ད་གས་འཐུད། རྣམ་དབྱེ་དང་པོ་དོན་གྱི་ངོ་བོ་ཙམ་སྟོན་པ་མ་ཟད། བོད་ཡིག་གི་ཡི་གེ་བེད་སྤྱོད་ཆེས་མེད་པའི་ ལོག་ཡིག་དང་། ཐུག་པའི་ཡི་གེ །དབྱངས་གཉིས་བརྩེགས་སོགས་བེད་སྤྱོད་བྱེད་ཆོག

|   མིང་ཚིག      |  ཐད་བསྒྱུར། | དོན་བསྒྱུར་ཡོངས་གྲགས |
|:----------:|:-------------:|:----------:|
| computer | ཀམ་པུ་ཊར། | རྩིས་འཁོར། གློག་ཀླད། |
| scanner    | སྀ་ཁཱན་ཎར། |    བཤེར་འབེབ།     |
| mouse     |   མའོ་སི།     |      ཙི་ཙི།         |
| keyboard |  ཀི་བྷོར་ཊི།   |    མཐེབ་གཞོང་།   |
|  tablet      |  ཊེ་བྷེ་ལེཊ།   |
|   ipad       |   ཨྱ་པེཊ།    |
|  iphone    |   ཨྱ་ཧྥོན།    |
|  android  |   ཨན་ཌོ།    |

གོང་གི་རིའུ་མིག་ལས་ང་ཚོས་རྟོགས་ཐུབ་པ་ནི། སྒྲ་ཐད་བསྒྱུར་བྱེད་ན་བོད་ཡིག་བརྡ་ཆ་གཏན་འབེབ་རང་ཤུགས་ཀྱིས་གྲུབ་འགྲོ་བ་དང་། དོན་བསྒྱུར་བྱེད་ན་མི་འགྲིགས་པ་གང་ཡང་མེད་ཀྱང་ཡོངས་གྲགས་ཐུབ་མིན་བཤད་ཚོད་མི་ཐིགས། ཁྱེད་ལ་དགོངས་ཚུལ་མི་འདྲདེ་འདྲ་ཡོད་སྲིད་པས་བློ་ཟུར་བོས་བསམ་ཚུལ་གནང་བ་དགའ་བསུ་ཞུ་ཞུ།

མཆན།

ཉེ་ཆར་གསར་དུ་ཉོས་པའི་གློག་ཀླད་ཀྱི་འཆར་ངོས། རྒྱ་གར་སྒོར་ 16974/- ཐོག་ཚོང་འགྱུར་བྱེད་ཀྱི་འདུག

Name

Android,41,Aphone,6,APK,12,Blogger,1,eBook,3,Freeware,1,Game,1,iPad,7,iphone,11,iPod,3,itune,1,Linux,3,Mac,6,Mobile,12,MS Excel,1,MS Word,2,Office,10,Photoshop,2,PowerPoint,8,PPT Draw,2,Wallpaper,1,wechat,9,Window,24,Wordpress,1,YouTube,1,གཞན་རྩོམ།,42,གླུ་གཞས།,5,གློག་ཀླད་ཀྱི་ལམ་འཕྲང།,32,གློག་བརྙན།,17,གསར་འཕྲིན།,74,གསལ་བསྒྲགས།,2,གུ་གུལ་ལམ་གྲོལ།,43,གུས་པའི་བཟོ་བཀོད།,42,ངོ་དེབ།,9,ཐབས་ཇུས་ཟབ་མོ་,93,ཐོན་ཟོག་གསར་པ།,11,དཔྱད་རྩོམ་གྱི་ལ་མོ།,15,དམིགས་བསལ།,8,དྲ་ཚིགས་ངོ་སྤྲོད་,40,དྲ་ཚིགས་མཚམས་སྦྱོར།,37,དྲི་བ་དྲིས་ལན།,15,ཕབ་ལེན།,1,ཕབས་ལེན།,65,བཅར་འདྲིའི་ལེ་ཚན།,1,བརྙན་ཟློས་ཀྱི་རྨུ་ཐག,52,བརྩམས་སྒྲུང་གི་རང་འཐག,5,བསྒྱུར་རྩོམ་གྱི་རྩ་ཐང།,3,མཉེན་ཆས་ངོ་སྤྲོད་,64,མི་ཚེ་ཡི་འཕོ་འགྱུར།,5,ཚོང་སྒྱུར།,5,ཟབ་སྦྱོང་།,7,ཟིན་བྲིས་བཟོ་བཀོད་,16,འཕྲུལ་དེབ།,4,ལྷུག་རྩོམ་གྱི་རི་ཕྲེང།,17,སྙན་ངག་གི་གླིང་ག,2,
ltr
item
གློག་ཀླད་དང་ཁ་པར།: དངོས་ཆས་གསར་ཐོན་རྣམས་ཀྱི་ཐ་སྙད་ལ་དོན་བསྒྱུར་བྱེད་དགོས་སམ།
དངོས་ཆས་གསར་ཐོན་རྣམས་ཀྱི་ཐ་སྙད་ལ་དོན་བསྒྱུར་བྱེད་དགོས་སམ།
དངོས་པོ་རེ་ལ་ཐོག་མར་དོན་གྱི་ཆ་ནས་མིང་བཏགས་པ་དང་དོན་དམིགས་བསལ་གང་ཡང་མེད་པར་བཏགས་པའི་བཏགས་མིང་མང་དག་ཞིག་རྒྱུན་གཏན་འཚོ་བའི་ནང་སླེབས་ཀྱི་ཡོད་པ་དང་བོད་ཡིག་ལ་གདུང་པའི་བོད་ཕྱི་ནང་གཉིས་ཀྱི་སྤུན་ཟླ་མང་པོས་སྐབས་ཐོག་ཏུ་དངོས་པོ་དེ་དག་ལ་བོད་ཡིག་གི་ཐ་སྙད་རེ་སྦྱར་ཐུབ་པའི་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་པ་ནི་བསྔགས་བརྗོད་ཞུ་འོས་ཞིག་ལགས། ལོ་འགའི་རིང་ནས་གུས་པས་རང་གི་དུས་ཚོད་ནམ་འཁོམ་ལ་གློག་ཀླད་དང་ཁ་པར་སྐོར་གྱི་རྩོམ་ཡིག་གང་ཐུབ་སྒེར་གྱི་དྲ་ཚིགས་འདིའི་ནང་སྤེལ་བའི་སྐབས་འགག་རྡོ་ཆེ་ཤོས་ནི་གློག་ཀླད་ཀྱི་དངོས་ཆས་གསར་པ་དེ་དག་ལ་བོད་ཡིག་གི་ཐ་སྙད་གང་བཀོད་མིན་ཐད་དེ་ཡིན།
http://4.bp.blogspot.com/-hIYfHCyccwg/U6VeDg9Oe5I/AAAAAAAAHvA/KLv1A5aNzgo/s1600/word.png
http://4.bp.blogspot.com/-hIYfHCyccwg/U6VeDg9Oe5I/AAAAAAAAHvA/KLv1A5aNzgo/s72-c/word.png
གློག་ཀླད་དང་ཁ་པར།
http://www.sonamdawa.com/2014/06/blog-post_18.html
http://www.sonamdawa.com/
http://www.sonamdawa.com/
http://www.sonamdawa.com/2014/06/blog-post_18.html
true
8975001132631270234
UTF-8
རྩོམ་ུཡིག་ཡོངས་འཆར་ཟིན། རྩོམ་ཡིག་གང་ཡང་རྙེད་མ་སོང་། ཆ་ཚང་ལྟ། འཕྲོ་ཀློགས། ལན་སློགས། ལན་ཕྱིར་འཐེན་བྱེད། སུབ། སྤེལ་མཁན། གཙོ་ངོས། ཤོག་ངོས། རྩོམ་ཡིག ཆ་ཚང་ལ་ལྟ། འབྲེལ་ཡོད་རྩོམ་ཡིག་གཞན། སྡེ་ཚན། ཡིག་ཚགས། འཚོལ་བཤེར། རྩོམ་ཡོངས། ཁྱེད་ཀྱིས་འཚོལ་བཞིན་པའི་རྩོམ་ཡིག་འདི་མིན་འདུག གཙོ་ངོས་སུ་ལོག གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཉི་མ། ཟླ་བ། མིག་དམར། ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཅིག ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཉིས། ད་ལྟ་རང་། སྐར་མ་གཅིག་སྔོན་ལ། $$1$$ minutes ago ཆུ་ཚོད་ 1 སྔོན་ལ། $$1$$ hours ago ཁ་སང་། $$1$$ days ago $$1$$ weeks ago ཟླ་བ་ 5 ཙམ་གོང་། རྗེས་བཞུགས་པ། རྗེས་བཞུགས། ནང་དོན་འདི་ནི་ཆེད་དུ་བཀག་ཡོད། ངོ་དེབ་དང་ཊེའུ་ཊར་གྱི་དྲ་གནས་ཁག་ཏུ་རྒྱུད་སྤེལ་རེ་བྱས་ན་ནང་དོན་ལྟ་ཐུབ། Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy