DiDi / Digisocial


གཉེན་ཆས་འདི་ནི་ང་ཚོས་དུས་རྒྱུན་བེད་སྤྱོད་བྱེད་བཞིན་པའི་འཕྲིན་ཕྲན་ (weChat) དང་ཧ་ཅང་འདྲ་ལ་འཕྲིན་ཕྲན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ལྡན། རྒྱུན་ལྟར་གྲོགས་ཕན་ཚུན་བར་སྐད་ཆ་དང་པར། བརྙན་ཐུང་སོགས་བསྐུར་ཐུབ་པ་ནི་གཅིག་པའི་ཆ་ཡོད་ཀྱང་། དེའི་དགེ་ཚན་ནམ་མི་འདྲ་ས་ཆེ་ཤོས་ནི།
༡༽མཉེན་ཆས་འདི་ནི་ཨ་རའི་ཀམ་པ་ཎི་(company) རང་ཁུངས་གཅིག་གི་བཟོས་པ་ལས་རྒྱ་ནག་གིས་བཟོས་པ་ཞིག་མ་ཡིན།
༢༽ མི་ཕན་ཚུན་བར་བཏང་རེས་བྱས་པའི་སྐད་ཆ་དང་ཡིག་ཆ་རྣམས་གསང་ཡིག་(encrypt)བཀོད་ཀྱི་ཡོད་པས་གཞུང་དང་མི་ངན་གྱིས་ལྐོག་ཉན་བྱེད་མི་ཐུབ།
༣༽ཁྱེད་ཀྱི་སྐད་ཆ་དང་ཡིག་ཆ་རྣམས་ཉར་གསོག་ཆེད་ 1TB གྱི་སྟོང་ཆ་ཡོད་པ།
༤༽ ཌི་ཌི་ནང་ཁྱབ་བསྒྲགས་དང་ཡིག་རྙོགས་རྩ་བ་ནས་མེད་པ།
༥༽སྐད་ཆའི་སྒྲ་ཧ་ཅང་གཙང་མ་དང་ཁ་གསལ་བ།
༧༽ སྐད་ཆའི་དུས་ཡུན་ལ་ཚད་བཀག་མེད་པས་ཁྱེད་ཀྱིས་སྐད་ཆ་རྒྱུན་རིང་བཤད་ཐུབ།
༨༽ མཛུབ་མོ་གནོན་ས་དང་འདེམས་ཁ་རྣམས་ཁམས་གཙང་བ།
༩༽ འདྲ་པར་དང་སྐད་མཆན་མཉམ་དུ་བཀོད་མཆོག་པ།


མཉེན་ཆས་དེ་འཕབ་ལེན་བྱེད་སའི་དྲ་ཚིགས་ནི་ http://digisocial.com/ ཡིན་པ་དང་། དྲ་ཚིགས་འདི་ནས་མཉེན་ཆས་ DiDi དང་ Digisocial ཟེར་བ་གཉིས་ཕབས་ལེན་བྱེད་རྒྱུའི་འདེམས་ཀ་ཡོད། DiDi ནི་འཕྲིན་ཕྲན་(weChat) དང་འདྲ་བ་དང་། Digisocial ནི་འཕྲིན་ཕྲན་ནང་གི་ Moment ཟེར་བ་དེ་དང་བྱེད་ལས་གཅིག་པ་རེད་འདུག

DiDi ཁ་བྱང་བཟོ་བར་རང་ཉིད་ཀྱི་ཁ་པར་ཨང་གྲངས་བཀོད་པའམ་ཡང་ན་ངོ་དེབ་(facebook) ཁ་བྱང་གང་རུང་བཀོད་ནས་དེབ་སྐྱེལ་བྱེད་ན་འགྲིགས།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག