Posts

Showing posts from July, 2014

སི་ཤེར་ (CShare) སོ་སྔོན་ལས་ལྡབ་སུམ་ཅུས་མགྱོགས་པ།

Image
ཁ་པར་དང་ཁ་པར་བར་དུ་ཡིག་ཆ་གཏོང་རེས་བྱེད་དགོས་ན་མི་ཕལ་ཆེ་བས་སོ་སྔོན་(bluetooth)བེད་སྤྱོད་བྱེད་ཀྱི་ཡོད། དེས་ཡིག་ཆ་གཅིག་གཉིས་ཙམ་ཡིན་ན་དོན་དག་གྲུབ་མོད། འོན་ཀྱང་ཡིག་ཆ་ཆེན་པོ་དང་། ཡིག་ཆ་མང་པོ་ཞིག་སོ་སྔོན་སྤྱད་དེ་གཏོང་དགོས་ན་དངོས་གནས་དུས་ཚོད་མང་པོ་འགོར་སྲིད། དེར་གུས་པས་ང་སྤྲོད་བྱེད་འདོད་པ་ནི། ཨན་ཌོའི་ཨེཔྶ་ཐོན་རིམ་གསར་པ་ སི་ཤེར་ (CShare) ཞེས་པ་ཞིག་སྤྱད་དེ་སོ་སྔོན་ལས་ལྡབ་སུམ་ཅུས་མགྱོགས་པ་ཕན་ཚུན་ཡིག་ཆ་གཏོང་ཐུབ་པ་ཞིག་འདུག

ཨེཔྶ་དེའི་དམིགས་བསལ་ཁྱད་ཆོས་ནི།
ཡིག་ཆ་གཏོང་བར་དམིགས་བསལ་གྱི་སྒྲིག་བཀོད་དམ། ཆ་རྐྱེན་དམིགས་བསལ་མི་དགོས།
ཡིག་ཆ་ཅི་རིགས་ཁ་པར་གཅིག་གནས་གཅིག་དང། གཅིག་ནས་མང་པོར་བཏང་ཐུབ།
ཡིག་ཆ་བཏང་མཁན་དང་གཏོང་ཡུལ་གཉིས་བར་རྒྱང་ཐང་མི་ཊར་ ༡༠༠ ནང་ཚུད་དུ་འབྱོར་ཐུབ།
སི་ཤེར་ ཨེཔྶ་དེ་ཁ་པར་གཉིས་ཀའི་ནང་སྒྲིག་འཇུག་བྱེད་དགོས།
ཁ་པར་ནང་ སིམ་ (sim) དང་། 3G དང་། ཝྭ་ཧྥའི་ (wifi) སོགས་མེད་ཀྱང་ཡིག་ཆ་བསྐུར་རེས་བྱེད་ཐུབ།
CShare App ཡིག་ཆ་ཆེ་ཆུང་ 2.3MB

My Mobile July 2014 ཁ་པར་སྐོར་གྱི་ཟླ་རེའི་དུས་དེབ།

Image
༢༠༡༤ ཟླ་ ༧ པའི་དུས་དེབ་ "My Mobile"དེ་ནི་ལག་ཐོག་ཁ་པར་དང་འབྲེལ་བའི་ཤེས་བྱའི་གནས་གཙོ་བཟུང་བྱེད་ཡོད། དུས་དེབ་དེ་ནི་གུས་པས་ལོ་ཤས་སྔོན་ཐེངས་ཁ་ཤས་ཉོས་ནས་བལྟ་ཀློག་བྱེད་མྱོང་ལ་དུས་དེབ་དེའི་རྒྱུད་ཤེས་བྱ་མང་པོ་ཐོབ་མྱོང་། དུས་དེབ་དེས་ཁྲོམ་རའི་ནང་ཉེ་ཆར་གསར་དུ་ཐོན་པའི་ལག་ཐོག་ཁ་པར་འདྲ་མིན་དང་། ལག་ཐོག་ཁ་པར་དེ་དག་གི་བྱ་ལས། ནུས་པ། ཁྱད་ཆོས། རིན་གོང་སོགས་ཀྱི་དཔྱད་རྩོམ་དང་བསྐྱར་ཞིབ་ཡག་པོ་བྱེད་ཀྱི་འདུག །དུས་དེབ་དེ་ནི་དབྱིན་ཡིག་ཐོག་ཡིན། ཕབས་ལེན་དགོས་ན་གཤམ་གྱི་ Download ལ་གནོན།
Ebook ཡིག་ཆ་ཆེ་ཆུང་ 13MB
ཕབ་ལེན།

hike messenger made with love in india.

Image
རྒྱ་གར་རང་གིས་བཟོ་པའི་སྤྱི་ཚོགས་འཕྲིན་འབྲེལ་ཨེཔྶ་གསར་པ་ ཧྱག་མེ་སེན་ཇར་ (hike messenger) ཟེར་བ་ཞིག་ཉེ་ཆར་བརྙན་འཕྲིན་ཐོག་ཁྱབ་བསྒྲགས་ཐེངས་ཁ་ཤས་མཐོང་བྱུང། ངས་ཐོག་མར་དེར་སྣང་འཇོག་དེ་ཙམ་མ་བྱས་པར་བཞག་ཡིན། དེའི་རྒྱུ་མཚན་ནི་དང་པོ་སྤྱི་ཚོགས་འཕྲིན་འབྲེལ་གྱི་ཨེཔྶ་དེ་འདྲ་མང་པོ་ཡོད་པ་དང་དེ་དག་གི་བྱ་ལས་ནི་ཕལ་ཆེར་གཅིག་མཚུངས་འདྲ་པོ་ཡོད། གཉིས་ནས་ང་ཚོ་བོད་མིར་མཚོན་ན་ད་ཆ་ཝི་འཕྲིན་དང་། ཌི་ཌི། ཝཊ་ཨེཔྶ་སོགས་ཀྱི་ནང་འཐིམས་ཡོད་དུས། དེ་ལས་མང་པའི་སྤྱི་ཚོགས་འཕྲིན་འབྲེལ་ཨེཔྶ་གཞན་གྱི་ནང་ཡོང་རྒྱུ་དཀའ་བ་དང་། དོ་སྣང་མི་བྱེད་བསམ་པའི་དོགས་པ་ཞིག་ངང་ཤུགས་ཀྱིས་སྐྱེ་བའི་དབང་གི་ཡིན།

འོན་ཀྱང་ཁ་སང་གློ་བུར་དུ་དེ་ལ་ཚོད་ལྟ་ཞིག་བྱས་ན་གང་ཡོད་སྙམ་སྟེ་རང་ཉིད་ཀྱི་ལག་ཐོག་ཁ་པར་ནང་སྒྲིག་འཇུག་བྱེད་དེ་བལྟ་སྐབས་གནས་ཡུལ་རྒྱ་གར་གྱི་བཟོས་པའི་ ཧྱག་མེ་སེན་ཇར་ དེ་སྤུས་ཚད་ལྡན་པ་མ་ཟད་དེའི་དམིགས་བསལ་གྱི་ཁྱད་ཆོས་མང་པོ་ཞིག་ལ་རང་བཞིན་གྱིས་ཡིད་སྨོན་དང་མུ་མཐུད་བེད་སྤྱོད་བཏང་འདོད་བྱུང་། གཤམ་ལ་ང་ཚོས་ ཧྱག་མེ་སེན་ཇར་གྱི་དམིགས་བསལ་ཁྱད་ཆོས་དེ་དག་ལ་རྒྱུད་ལོན་རོབ་ཙམ་བྱེད་ཀྱི་ཡིན། འོན་ཀྱང་གཙོ་བོ་རང་ཉིད་ཀྱི་ཁ་པར་ནང་སྒྲིག་འཇུག་བྱས་ཏེ་བལྟ་ན་དེ་བས་ལེགས་པ་མཁྱེན་ངེས་ས…

Digit Magazine June 2014 གློག་ཆས་དང་གློག་ཀླད་སྐོར་གྱི་ཟླ་རེའི་དུས་དེབ།

Image
དེ་ནི་གློག་ཀླད་དང་། གློག་ཆས། ཁ་པར་སོགས་ཀྱི་སྐོར་དུ་འཁོར་པའི་ཟླ་རེའི་དུས་དེབ་ཞིག་ཡིན། དུས་དེབ་དེའི་རིན་གོང་ཆེ་ཙམ་ཡིན་ཡང་དེབ་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། ཤེས་བྱའི་རྣམ་གྲངས་མང་བ། ཤོག་བུ་ཁམས་གཙང་བའི་ཐོག་ཡི་གེ་དང་པར་ཁ་གསལ་བ། ཀློག་སྤྲོ་བ་ཞིག་ཡོད། ཕབས་ལེན་ཆེད་དུ་དེར་འཇོག་ཡོད། སྐད་ཡིག་ནི་དབྱིན་ཡིག་ཐོག་ཡིན།

PDF ཡིག་ཆ་ཆེ་ཆུང་ 14.2MB
ཕབ་ལེན།

Orkut སྤྱི་ཚོགས་དྲ་གནས་སྒོ་བརྒྱག་པའི་གསལ་བསྒྲགས།

Image
གུ་གུལ་གྱི་སྤྱི་ཚོགས་དྲ་གནས་ ཨོར་ཀུཏ་ (orkut) དེ་ཉིད་འདི་ལོའི་ཕྱི་ཟླ་ ༩ པའི་ནང་སྒོ་བརྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་ཡོད། ཨོར་ཀུཏ་ནི་ངོ་དེབ་ལྟར་སྤྱི་ཚོགས་དྲ་གནས་ཐོག་མ་ཡིན་པ་དང་། ཕྱི་ལོ་ ༢༠༠༤ ལོ་སྟོད་དུ་ངོ་དེབ་དང་དུས་མཉམ་འགོ་བཙུགས་པ་ཞིག་ཡིན། འོན་ཀྱང་ལོ་མང་རིང་སྤྱི་ཚོགས་དྲ་གནས་གསར་པ་དང་སྐད་གྲགས་ཅན་གཞན་མང་པོ་སླེབས་ནས་ ཨོར་ཀུཏ་གྱི་ཁྱབ་སྤེལ་ཆེན་པོ་འགྲོ་ཐུབ་མེད། དེ་བཞིན་ཕྱི་ལོ་ ༢༠༡༡ ལོར་གུ་གུལ་གྱིས་སྤྱི་ཚོགས་དྲ་གནས་གསར་པ་གུ་གུལ་པ་ལ་སི་ (google plus) གསར་བཟོ་བྱེད་ནས་དེ་བས་ ཨོར་ཀུཏ་ ལ་ཡར་རྒྱས་བཏང་ཐུབ་མེད། ད་ཆ་ཨོར་ཀུཏ་བེད་སྤྱོད་མང་ཤོས་བཏང་མཁན་ནི་ བྷེ་རི་ཛིལ་ (Brazil) དང་རྒྱ་གར་རྒྱལ་ལས་མེད།  གུ་གུལ་ཀམ་པ་ནི་གི་འགྲིན་འཚབ་པས་ལབ་དོན་"ད་རེས་ ཨོར་ཀུཏ་ ཞབས་ཞུ་སྒོ་བརྒྱག་པ་ནི་གཙོ་བོ་ནུས་པ་གོང་བུར་ཡོང་ཐབས་བྱེད་པ་ཡིན།" ཟེར་བ་ལས་དེ་མིན་གྱི་དམིགས་བསལ་གསལ་བཤད་གང་ཡང་གནང་མིན་འདུག

རིན་མེད་ wifi འཛམ་གླིང་ཡོངས་ལ།

Image
གཏམ་བཟང་། གཏམ་བཟང་། ཨ་རིའི་ཀམ་པ་ནི་ (company) གཅིག་གིས་ Outernet ཞེས་པའི་ལས་འཆར་གསར་གཏོད་ཅན་ཞིག་འགོ་བཙུགས་ཡོད་པ་དང་། ལས་གཞི་འདི་ནི་འཛམ་གླིང་ཡོངས་ལ་རིན་མེད་ཀྱི་དྲ་རྒྱའི་མཐུན་རྐྱེན་སྐྲུན་ཐབས་སུ་ནམ་མཁར་ཡོད་པའི་མི་བཟོས་སྲུང་སྐར་རྒྱུད་སྐད་མེད་དྲ་རྒྱ་ ཝྭ་ཧྥའེ་ (wifi) རིན་མེད་མཁོ་སྤྲོད་བྱེད་རྒྱུ་ཡིན་པ་དེ་རེད་འདུག


ལས་གཞི་གཙོ་སྐྱོང་བས་ཟེར་ན། ལས་གཞི་དེ་ལམ་ལྷོང་བྱུང་བ་ཡིན་ན། རང་ཉིད་རྒྱལ་ཁབ་དང་ས་ཕྱོགས་གང་དུ་གནས་ཡོད་ཀྱང་རུང་། གནས་ཡུལ་རྒྱལ་ཁབ་ཀྱིས་དྲ་རྒྱ་གནས་ཚུལ་ཁག་ལ་ཚོད་འཛིན་བྱེད་མིན་ལ་མ་ལྟོས་པ་པར་མི་ཚང་མའི་ལག་ཐོག་ཁ་པར་དང་། གློག་ཀླད་ནང་དྲ་རྒྱའི་མཐུན་རྐྱེན་ཡོང་བ་དང་། དེ་ལ་རིན་པ་སྐར་མ་གང་ཡང་སྤྲོད་མི་དགོས་པ་ཆགས་ཐུབ།

ལས་གཞི་དེའི་སྐོར་རྒྱས་པ་ཤེས་འདོད་ན་ https://www.outernet.is/