Posts

Showing posts from September, 2014

དྲ་ཐོག་ཉེན་སྲུང་གི་དཔའ་བོ། www.cybersuperhero.net

Image
དྲ་ཐོག་ཉེན་སྲུང་གི་དཔའ་བོ་ཞེས་པའི་ལས་འཆར་འདི་ནི་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་གཙོ་སྐྱོང་བྱེད་ཀྱི་ཡོད་པ་དང་། དྲ་ཚིགས་དེ་ནི་ བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་བརྒྱུད་ནས་གློག་ཀླད་དང་ཁ་པར་དྲ་རྒྱ་སོགས་ཀྱི་ཉེན་སྲུང་ཤེས་བྱ་སློབ་སྟོན་བྱེད་ཀྱི་ཡོད་འདུག དྲ་ཚིགས་འདི་དམིགས་ཡུལ་དང་ལས་གཞི་འདི་བཙུགས་དགོས་དོན་ནི།
བོད་དོན་ལས་འགུལ་བསྟི་གནས་ཁང་གིས་བོད་རང་དབང་གི་ལས་འགུལ་རྒྱ་བསྐྱེད་པའི་ཆེད་དུ། དྲ་བའི་བརྡ་འཕྲིན་འབྲེལ་ལམ་གྱི་སྟོབས་ཤུགས་དང་ཐབས་ཇུས་ལྡན་པའི་ཞི་བའི་ལས་འགུལ་གཉིས་ཟུང་དུ་སྦྲེལ་གྱི་ཡོད། ང་ཚོས་དཔུང་རོགས་བསྐྲུན་པ་དང་ལྷན་དུ་ང་ཚོའི་ཉམས་མྱོང་དག་གཉའ་གནོན་དྲག་པོ་མྱོང་བཞིན་པའི་མི་སྡེའི་སྤྱི་ཚོགས་གཞན་ལ་ཡང་ཁྱབ་སྤེལ་བྱེད་ཀྱི་ཡོད།
དྲ་ཐོག་ནས་བོད་མིར་འཇབ་རྒོལ་དམིགས་འབེན་ཏུ་བཟུང་བའི་གནས་ཚུལ་རིགས་བྱུང་ནས་ལོ་ངོ་བཅུ་གྲངས་ལྷག་འགྲོ་གི་ཡོད་ཅིང་། བོད་མི་རྣམས་ཀྱིས་ཀྱང་གསང་མྱུལ་དང་བྱ་རའི་གནད་དོན་རིགས་ལ་འཐབ་མོ་བྱེད་པའི་ཐབས་ལམ་བསྐྲུན་དགོས་བྱུང་ཡོད་པ་མ་ཟད། ལག་འཁྱེར་ཁ་པར་དང་དྲ་ཐོག་གི་འབྲེལ་བ་ཁག་ལ་ཉེན་སྲུང་ཡག་པོ་བྱེད་དགོས་བ་གཙིགས་སུ་བཟུང་ཡོད། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་བོད་ཕྱི་ནང་གི་བོད་མི་རྣམས་ཀྱི་བདེ་འཇགས་ཤུགས་ཆེ་རུ་གཏོ…

དྲ་རྒྱའི་ནང་གི་བོད་མི་ཚོར་ཕུལ་བའི་གཏམ།

Image
རྩོམ་ཡིག་ཡོངས་ཁུངསས། གློག་ཀླད་སློབ་གླིང་གི་རྩོམ་སྒྲིག་པ། ཟངས་དཀརཿཚུལ་ཁྲིམས། ༡༽ དྲ་ཚིགས་ཀྱི་སྐོར། ང་ཚོའི་ལོངས་སྤྱོད་ཀྱི་དུས་རབས་འདི་ནི་ཆ་འཕྲིན་དང་ཚོང་ལས་ཀྱི་དུས་རབས་ཤིག་ཡིན་ན། ང་ཚོ་བོད་མི་རྣམས་ཀྱང་ཆ་འཕྲིན་ལག་རྩལ་གྱི་ལས་ལ་ཞུགས་ཏེ། དྲ་ཚིགས་མི་ཉུང་བ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་འགྲེམས་སྤེལ་བྱས་པ་འདི་བསྔགས་པར་འོས་པའི་དོན་ཆེན་ཞིག་ཅི་ལ་མིན། དེ་བས་བོད་ཀྱི་དྲ་ཚིགས་ཀྱི་སྐོར་ལ་བསམ་བློ་གཏོང་བའི་འདུན་པ་ཞིག་ངང་གིས་སྐྱེས་བྱུང་།
༢༽ དྲ་ཚིགས་ཀྱི་བརྗོད་བྱའི་སྐོར། མིག་སྔར་བོད་ཡིག་དྲ་ཚིགས་མང་པོ་ཡོད་མོད། ཆེད་ལས་རང་བཞིན་ལྡན་པ་དང་རང་རྐྱ་འཕེར་བའི་དྲ་ཚིགས་ཤིག་བྱུང་མེད།མིག་སྔའི་དྲ་ཚིགས་རེ་རེའི་བརྗོད་བྱ་ལའང་། འབོལ་རྩོམ། དཔྱད་རྩོམ། བཅད་རྩོམ། འགྱུར་རྩོམ། བརྩམས་སྒྲུང་། སྙན་ངག དགག་སྒྲུབ། བཅར་འདྲི། གསར་འགྱུར། འོས་སྦྱོར། ཟིན་བྲིས། གློག་བརྙན། རྒྱུན་ཤེས། བརྡ་འཕྲིན། ཆབ་སྲིད་སོགས་འདུས་ཡོད། དེ་བས་ཧོབ་སྟེ་བལྟས་ན་ཕུན་སུམ་ཚོགས་པ་ལྟར་སྣང་ཡང་། དོན་ལ་ཕན་པ་ཆེ་བའི་རྩོམ་ཡིག་ཉུང་ཉུང་རེད། དཔེར་ན། ལོ་རྒྱུས་ཞིབ་འཇུག་པ་ཞིག་ལ་དཔྱད་གཞིའི་དགོས་མཁོ་བྱུང་ཚེ། ལོ་རྒྱུས་ཆེད་གཉེར་གྱི་དྲ་ཚིགས་དང་དྲ་རྩོམ་རྙེད་དུ་མེད་པ་ལྟ་བུ་རེད། དེ་བཞིན་དྲ་ཚིགས་ཕ…

ePub Maker : ཡིག་ཚང་མཉེན་ཆས་ word ནས་ epub འཕྲུལ་དེབ་བཟོ་ཆེད།

Image
དེང་བོད་མི་མང་པོ་ཞིག་ལ་དྲ་ཐོག་ནས་འཕྲུལ་དེབ་འདྲ་མིན་ཕབས་ལེན་དང་ཀློག་རྒྱུ་བྱུང་བར་ཧ་ཅང་དགའ་འཚོར་སྐྱེས་ཀྱི་ཡོད། དེ་བས་མི་མང་པོ་ཞིག་གི་སེམས་སུ་རང་ངོས་ནས་ཀྱང་འཕྲུལ་དེབ་གཅིག་བཟོ་ཐུབ་ན་སྙམ་པའི་རེ་བ་ཞིག་བྱས་མྱོང་ཡོད་ཤས་ཆེ། དེ་སྔོན་འཕྲུལ་དེབ་བཟོ་མཁན་ཁ་ཤས་ཀྱི་འཕྲུལ་དེབ་མི་ཉུང་བ་ཞིག་བཟོས་ཡོད་ཀྱང་། འཕྲུལ་དེབ་དེ་དག་བཟོ་སྐབས་གོ་རིམ་མང་པོ་རྒྱུད་དགོས་པ་དང་། དམིགས་བསལ་གྱི་མཉེན་ཆས་ Indesign དེ་འདྲ་ཡང་སྤྱད་དགོས་ཀྱི་ཡོད།

འོན་ཀྱང་དེ་རིང་དེར་གུས་པས་ཁྱེད་ལ་ངོ་སྤྲོད་བྱེད་པའི་མཉེན་ཆས་ ePub Maker ཟེར་བ་དེས་ཁྱེད་ཀྱིས་རྒྱུན་པར་གོམས་དྲིས་ཡོད་པའི་ཡིག་ཚང་མཉེན་ཆས་ Word ཞིག་གི་ནང་དེབ་ཀྱི་ནང་དོན་ཆ་ཚང་བཀོད་ཟིན་པ་རྣམས་མགོ་རྙོགས་དང་དཀའ་ཚེགས་གང་ཡང་མེད་པར་འཕྲུལ་དེབ་ལམ་སེང་བཟོ་སྒྲུབ་ཐུབ་ཀྱི་ཡོད།

མཉེན་ཆས་དེ་སྟབས་བདེ་པོ་དང་འཕྲུལ་དེབ་བཟོ་སྐབས་འཕྲུལ་དེབ་ཀྱི་སྒྲིག་སྲོལ་ཆ་ཚང་བརྩི་སྲུང་བྱེད་པ་དང་། འཕྲུལ་དེབ་ལེགས་པོ་དང་ཆ་ཚང་པོ་ཞིག་ཡོང་བའི་ཁྱད་ཆོས་ལྡན་ཡོད། དཔེར་ན།

ཁ་ཤོག་(རྒྱབ་ཤ) དང་ དེབ་ཀྱི་ངོ་སྤྲོད། རྩོམ་པ་པོོ། སྤེལ་དུས་སོགས་བཀོད་བདེ་བ།ནང་དོན་གྱི་ལིའུམ་རབ་བྱེད་དབྱེ་གསེས་བྱེད་པ།དཀར་ཆག་རྣམས་རང་འགུལ་གྱིས་སྒྲིག་པ།འཕྲུལ་དེབ་ཀྱི་སྒྲིག་སྲ…

ཨན་ཌོའི་གློག་ཆས་ཀྱི་ཡིག་གཟུགས་བརྗེ་བསྒྱུར་མཉེན་ཆས་ iFont པར་གཞི་ 5.1 གསར་ཐོན།

Image
iFont མཉེན་ཆས་དེ་ནི་རང་ཉིད་ཀྱི་ཨན་ཌོའི་ཁ་པར་དང་། ཨན་ཌོའི་གློག་ཆས་སོགས་ཀྱི་ནང་ཤར་བའི་ཡིག་གཟུགས་བརྗེ་བསྒྱུར་བྱེད་ཆས་ཞིག་ཡིན། མཉེན་ཆས་དེས་དབྱིན་ཡིག་གི་ཡིག་གཟུགས་བརྗེ་ཐུབ་པ་མ་ཚད། ཀོ་རི་ཡ་དང། ཉི་ཧོང་། ཨེ་རབ། ཨུ་རུ་སུ། ཧྥ་རན་སི། སེ་པན། ཝེ་ཊི་ནམ། བོད་ཡིག་སོགས་ཀྱི་ཡིག་གཟུགས་བརྗེ་ཐུབ། རང་ཉིད་ཀྱི་ཨན་ཌོའི་ཁ་པར་ནང་བོད་ཡིག་མི་ཤར་བ་དེ་འདྲ་ཡོད་ན། iFont མཉེན་ཆས་དེ་སྒྲིག་འཇུག་བྱེད་ནས་ཚོད་ལྟ་ཞིག་བྱེད་ན། བོད་ཡིག་མི་ཤར་བའི་དཀའ་ངལ་དེ་སེལ་ཐུབ་ངེས་རེད།

ཕྱི་ཟླ་ ༩ ཚེས་ ༤ ཉིན་ iFont པར་གཞི་གསར་པ་ཞིག་ཐོན་ཡོད་པ་དང་། མཉེན་ཆས་དེའི་ནང་དེ་སྔོན་གྱི་བོད་ཡིག་ཡིག་གཟུགས་ ༡༦ དེ་རང་ལས་དེའི་སྟེང་ཡིག་གཟུགས་གསར་པ་ཁ་སྣོན་དམིགས་བསལ་བྱེད་མིན་འདུག །འོན་ཀྱང་མཉེན་ཆས་ཀྱི་སྒྲོམ་གཞི་དང་། འདེམས་ག་ཁ་གསལ་དུ་བཏང་ཡོད་པ་མ་ཚད། Samsung Galaxy S3, S4, Notee, Note II, XiaoMi, Meizu, HuaWei, སོགས་ཀྱི་ནང་ཡིག་གཟུགས་བརྗེད་བསྒྱུར་བྱེད་པའི་སྐབས་ རུ་ཊི (root) བྱེད་མི་དགོས། HTC, Sony, Motorola, Karbonn, Micromax ཀྱི་ཁ་པར་ཡིན་ན་ རུ་ཊི (rooted phone) བྱེད་དགོས་པ་དང་། དེ་ནས་ iFont སྒྲིག་འཇུག་བྱེད་ན་ཡིག་གཟུགས་བརྗེད་པོ་བརྒྱག་ཐུབ།
མཉེན་ཆས་ཕབ་ལེན། iFont ཡིག་…

སློབ་ཆེན་པ་ཞེས་པའི་མཉེན་ཆས་གསར་བ་ཞིག་ངོ་སྤྲོད།

Image
གནས་ཚུལ་ཡོངས་ཁུངས། བཙན་པོའི་འགར་གྱི་དྲ་བ།
མཛའ་ཤིང་བརྩེ་བའི་གྲོགས་པོ་རྣམས་པ། ཡང་ན་རྩོམ་པོ་རྣམས་པ། སློབ་ཆེན་པ་ཞེས་པའི་ཁ་པར་མཉེན་ཆས་འདི་ཟླ་༤བའི་ཚེས་༡༩་ཉིན་དངོས་སུ་བཀྲམས་པ་རེད། མཉེན་ཆས་འདི་ནི་ཀུ་ཤུ་དང་ཨན་ཏྲོ་མ་ལག་གཉི་ཀར་འཇུག་ཐུབ་པའི་བོད་ཡིག་རྩོམ་འབྲིའི་ཡོ་ཆས་ཤིག་ཡིན་པར་མ་ཟད། དྲྭ་ཐོག་སྨྱན་བྱེད་དཔེ་མེད་ཅིག་ཡིན་པ་དང་། དྲྭ་ཐོག་རྩོམ་དེབ་ལེགས་པོ་ཞིག་ཏུ་འགྱུར་བཞིན་པ་ན། འདིར་ཆེད་དུ་སློབ་ཆེན་པའི་མཉེན་ཆས་ངོ་སྤྲོད་དང་འབྲེལ་གསལ་བརྡ་ཞིག་གཏོང་དགོས་བསམ།
མཉེན་ཆས་འདི་བསྒྲུབས་པའི་དམིགས་ཡུལ། མཉེན་ཆས་འདི་བསྒྲུབས་པའི་དམིགས་ཡུལ་ནི་འདི་ལྟ་སྟེ། ཆེད་དུ་སློབ་ཆེན་པ་ཞེས་མིང་ཆེན་པོ་དེ་ཁོལ་དུ་བྱུང་ནས། བོད་ཀྱི་སྐད་ཡིག་དང་རིག་གནས་སྦྱངས་ཏེ་གྲོང་ཁྱེར་དང་གྲོང་ཁྱེར་མྱུལ་ནས། ཆེད་ལས་དང་ཐོབ་ཐང་གླེང་ཞོར་རང་དོན་འབའ་ཞིག་ལ་གཞོལ་བའི་སློབ་ཆེན་པ་དང་། སྤྱི་ཚོགས་དངོས་ཀྱི་ངོ་གདོང་ནས་རང་ཉིད་ཀྱི་འཚོ་གནས་ཙམ་མ་ཟད་མིའི་འཚོ་གནས་གླེང་བར་སྤྲོ་བའི་ལང་ཚོ་དང་དཔའ་སྐད་ཡོད་པའི་སློབ་ཆེན་པ་རེ་ཟུང་། ད་དུང་རིག་གནས་ཤིག་དང་བསམ་བློ་ཞིག ལྟ་བ་ཞིག་དང་ལྟ་ཚུལ་ཞིག  མདོར་ན་མི་སྒེར་གྱི་ལྟ་བ་ཞིག་འདོན་ལ་མཁས་པའི་སློབ་ཆེན་པ་ཁ་ཅིག་བཅས་ལ། ཤར་ལྷོ་ནུང་བྱང་གང་ན་བསྡད་ཀྱང་། …

[video] མེ་ནང་གི་ཐར་པ། (Nirvana in Fire)

Image
ཧྲང་ཏོང་གློག་བརྙན་བཟོ་སྒྲིག་པ་དང། གཟུགས་མཐོང་རླུང་འཕྲིན་ཚན་པས་དེ་སྔོན་ 《མེ་ནང་གི་ཐར་པ།》 ཞེས་པའི་བརྙན་འཕྲིན་གློག་བརྙན་དེ་ནི་ ཧྥ་རན་སི་ བརྩམས་སྒྲུང་གྲགས་ཅན་ "The Count of Monte Cristo" ལ་གཞི་བཅོལ་བའི་རང་གི་དགྲ་བོར་དགྲ་ལན་སློག་པ་སྐོར་ཡིན་སྐོར་བརྗོད་ཡོད། སྒྲུང་གི་ནང་དོན་ ཧྥ་རན་སིའི་བརྩམས་སྒྲུང་ཡིན་པ་དང་། ད་ལྟ་རྒྱ་ནག་གི་གློག་བརྙན་ཐོག་བསྒྱུར་དགོས་པར་བརྟེན། དང་ཐོག་ཕྲན་གྱི་བློ་ངོར་མི་བཤོང་པའམ་ཇི་ལྟར་ཡིན་ནམ་བསྙམས་མྱོང་། འོན་ཏེ་ཉེ་ཆར་རྒྱ་ནག་གི་གློག་བརྙན་དེའི་འཁྲབ་གཞི་མདོར་བསྡུས་ཞིག་ཁྱབ་བསྒྲགས་སུ་བཀོད་འདུག་པ་དང་། དེར་བལྟ་སྐབས་ད་བཟོས་གཞི་ནས་ གློག་བརྙན་འདི་དང་ ཧྥ་རན་སི་གློག་བརྙན་དེ་གཉིས་བར་གྱི་ཁྱད་པར་དང་། མི་འདྲ་ས་གཉིས་ཀ་མངོན་གསལ་འདོད་པོ་བྱུང་སོང་།

《མེ་ནང་གི་ཐར་པ།》 དེ་ཐོག་མར་བལྟ་སྐབས་རྟོགས་སྒྲུང་ཁོ་ན་འདྲ་པོ་འདུག །སྒྲུང་གི་ནང་རྒྱ་ནག་གི་རྒྱལ་པོའི་རིང་ལུགས་ཀྱི་སྐབས་སུ། རྒྱལ་པོས་རྒྱལ་སྲས་ལ་མཁོན་སེམས་བྱེད་པ་དང། བུ་སྤུན་དང་བུ་སྤུན་བར་ལ་ཡང་དབང་ཆའི་ཆེད་ཐབས་རྩོད་སྣོ་ངར་ཅན་ཞིག་བྱེད་ཀྱི་འདུག །དེས་རྒྱལ་པོའི་ཁྱིམ་ཚང་ནང་གཞི་འཇགས་མེད་པ་དང་ཁ་འཐོར་དུ་འགྲོ་བཞིན་ཡོད་ཀྱང་། དེའི་ནང་གི་བུ་སྤུན་གཉིས་ཀྱི་བརྩེ་…

[video] ངོ་དེབ་ཀྱི་གློག་བརྙན་ཕབས་ལེན་བྱེད་སྟངས།

Image
བརྙན་ཟློས་འདིའི་ནང་ངོ་དེབ་(facebook) ཀྱི་གློག་བརྙན་རིགས་རང་ཉིད་ཀྱི་གློག་ཀླད་ནང་ཕབས་ལེན་ཇི་ལྟར་བྱེད་དགོས་མིན་གྱི་ཐབས་འཇུས་ཞིག་ཡིན།

ཚིག་མཛོད་ཕྱོགས་བསྒྲིགས་ཤིག་དབུ་འབྱེད་གནང་སོང་།

Image
གནས་ཚུལ་ཡོངས་ཁུངས། ཤམ་བྷ་ལའི་ཕོ་ཉ། ཚིག་མཛོད་ཕབས་ལེན་བྱེད་སྟངས། ༢༠༡༤།༠༩།༠༤ཉིན་སྤེལ། དེ་བས་ལོ་༡༥ལྷག་གི་དུས་ཚོད་བཏང་ནས་ཉམས་ཞིབ་དང་གསོག་སྒྲུབ་བྱས་པར་དུས་ཚོད་མང་པོ་ཞིག་འགོར་སོང་། མཐའ་མ་དེར་ཤེས་རིག་ལས་ཁུངས་ཀྱི་རྒྱབ་སྐྱོར་ཐོབ་པར་བརྟེན་འགྲུབ་པ་ཞིག་ཡིན། ཁ་སང་ཉིན་རྒྱབ་ཚོུད་༣།༣༠སྟེང་། ཤེས་རིག་དང་དཔེ་མཛོད་ཟུང་འབྲེལ་གྱི་གོ་སྒྲིག་འོག བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ངམ་རིང་བློ་བཟང་བསྟན་དར་ལགས་ཀྱིས་ཕྱོགས་བསྒྲིགས་བྱས་པའི་ཚིག་མཛོད་ཅིག་སྒོ་འབྱེད་བྱས་སོང་།

འདིར་ཕེབས་སྐུ་མགྲོན་གཙོ་བོ་ཤེས་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་མཆོག དམིགས་བསལ་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག ཤེས་རིག་ཐ་སྙད་གཏན་འབབ་ལས་འཆར་འགན་འཛིན་ཀརྨ་སྨོན་ལམ་མཆོག ཚིག་མཛོད་ཕྱོགས་བསྒྲིག་གནང་མཁན་ངམ་རིང་བློ་བཟང་བསྟན་དར་ལགས།
དེ་བཞིན་སྐད་བསྒྱུར་གསབ་སྦྱོང་གི་སློབ་ཕྲུག་རྣམས་དང་གཞུང་ཞབས་ལྷན་ཁང་གི་མི་སྣ་ཁག དེ་མིན་གཞུང་འབྲེལ་མིན་པའི་ལས་ཁང་ཁག་གི་མི་སྣ། གསར་འགོད་པ་བཅས་ཁྱོན་བསྡོམས་མི་གྲངས་༡༠༠ལྷག་ཅིག་འདུར་འཛོམས་ཐོག

ཤེས་རིག་ཐ་སྙད་གཏན་འབབ་ལས་འཆར་འགན་འཛིན་ཀརྨ་སྨོན་ལམ་ལགས་ཀྱིས་གསུངས་དོན། དབྱིན་བོད་ཚིག་མཛོད་གསར་བ་དེ་༢༠༠༠ལོར་པར་རྒྱབ་པའི་རྗེས་སུ། སོ་སོའི་ཉམ་མྱ…

www.democracyoftibet.com དྲ་ཚིགས་གསར་པ།

Image
གནས་ཚུལ་ཡོངས་ཁུངས། ཤམ་བྷ་ལའི་ཕོ་ཉ། ༢༠༡༤ལོའི་ཟླ་༩ཚེས༢ཉིན་སྤེལ། འདི་ག་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལ་གཞིགས་ན། བོད་ཀྱི་མང་གཙོ་ཞེས་པའི་དྲ་ཚིགས་ཤིག་བོད་ཀྱི་མང་གཙོའི་དུས་དྲན་ཐེངས་༥༤པ་དང་སྟབས་བསྟུན་ནས་དངོས་སུ་དབུ་འབྱེད་གནང་འདུག

དེ་ཡང་གསར་འགོད་གསལ་བསྒྲགས་ཤིག་གི་ནང་དུ། "གནམ་འོག་གི་གསར་འགྱུར་ཞེས་པ་ལས་བོད་ཀྱི་རྒྱལ་ཡོངས་བོད་ཡིག་གསར་འགྱུར་ཡོངས་རྫོགས་བལྟ་ཐུབ་ལ། སྤྱི་སྒེར་གྱི་གསལ་བསྒྲགས་དགོས་རིགས་རིན་མེད་ཀྱི་ལམ་ནས་སྤེལ་ངེས་ཡིན། གནམ་འོག་གི་གསར་འགྱུར་གྱི་བརྒྱུད་ལམ་གཅིག་འཕྲིན་ཕྲན་ (wechat) ནས་གཏོང་བཞིན་པ་དང༌། འཕྲིན་ར་དེར་གཙོ་བོ་ཀ་སྡེ་དང་ཁ་སྡེ་གཉིས་སུ་དབྱེ་ཡོད། དེར་རྒྱལ་ཕྱི་ནང་གི་དོ་སྣང་ཅན་ཤིན་ཏུ་མང་པོ་ཞིག་མཉམ་ཞུགས་ཟིན་པ་ཡིན། དེའང་འཕྲིན་ཕྲན་གྱི་ཚོགས་པ་གཞན་དང་མི་འདྲ་བར་གསར་འགྱུར་ཁོ་ན་གཏོང་སའི་སྡིངས་ཆ་ཞིག་ཡིན་ལ། དེར་དོ་བདག་སུ་ཡིན་ཡང་གསར་འགྱུར་གཏོང་ཆོག་པ་ཡིན། རྩོམ་སྒྲིག་པས། བརྒྱུད་ལམ་དེར་བོད་ཀྱི་མང་གཙོ་དྲ་ཚིགས་ཀྱི་གཙོ་ངོས་གསར་འགྱུར་བསྡུས་གཏོང་བྱེད་པ་དང༌། མི་ཡུལ་གྱི་སློབ་དཔོན་ཆེན་མོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེའི་གསུང་ཡིག་ཐོག་ནས་ཉིན་རེར་སྐར་མ་༡༠རིང་སྒྲོག་སྦྱང་ཞུ་རྒྱུར་གཏན་འཁེལ་ཏེ་དེ་རིང་ན…

[video] ངམ་རིང་བསྟན་དར་གྱི་ཚིག་མཛོད་ཕྱོགས་བསྒྲིགས།

Image
ངམ་རིང་བསྟན་དར་ཞེས་པའི་ཚིག་མཛོད་ཕྱོགས་བསྒྲིགས་དེ་ནི་མཉེན་ཆས་ mdict (ཨེམ་ཌིག་)ཞེས་པ་ཞིག་བེད་སྤྱད་དེ་བཟོས་པ་ཞིག་ཡིན། ཨེམ་ཌིག་མཉེན་ཆས་དེ་སྐར་ཁུང་གི་གློག་ཀླད་དང་། ཀུ་ཤུ་གློག་ཀླད། དེ་བཞིན་ ཨན་ཌོའི་ཁ་པར་དང་། ཨྱ་ཧྥོན། ཨྱ་པེཊ་སོགས་ཚང་མའི་ནང་སྒྲིག་འཇུག་བྱེད་རྒྱུའི་ཐོན་བརྐྱེན་འདུག །གློག་ཆས་གང་ཞིག་གི་ནང་ཨེམ་ཌིག་མཉེན་ཆས་འཇུག་ཚར་བ་དང་། དེ་ནས་ངམ་རིང་བསྟན་དར་གྱིས་བཟོ་སྒྲིག་བྱས་པའི་ཚིག་མཛོད་ཀྱི་ཡིག་ཆ་དེ་དག་ཕབས་ལེན་གནང་ནས་འཇུག་དགོས་འདུག །ཚིག་མིག་མཛོད་ཀྱི་ཡིག་ཆ་དེ་དག་ད་ལྟ་སྐབས་ཕྲལ་རིང་བོད་ཀྱི་དཔེ་མཛོད་ཁང་གི་དྲ་ཚིགས་ www.ltwa.net དང་དེ་ནས་ཕབས་ལེན་ (Download) གྱི་སྡེ་ཚན་ནང་འཇོག་ཡོད།
སྐར་ཁུང་ནང་ངམ་རིང་བསྟན་དར་ཟེར་བའི་ཚིག་མཛོད་སྒྲིག་འཇུག་བྱེད་སྟངས། རང་ཉིད་ཀྱི་སྐར་ཁུང་ནང་ཚིག་མཛོད་ཕྱོགས་བསྒྲིགས་འདི་སྒྲིག་འཇུག་བྱེད་སྟངས་གཤམ་གྱི་བརྙན་ཟློས་ཐུང་ངུ་འདིར་གཟིགས་རོགས།

ཨན་ཌོའི་གློག་ཆས་ནང་ངམ་རིང་བསྟན་དར་ཟེར་བའི་ཚིག་མཛོད་སྒྲིག་འཇུག་བྱེད་སྟངས། གལ་ཏེ་རང་ཉིད་ཀྱི་ཨན་ཌོའི་ཁ་པར་སོགས་ཀྱི་ནང་བོད་ཡིག་ཚིག་མཛོད་ཕྱོགས་བསྒྲིགས་དེ་སྒྲིག་འཇུག་བྱེད་དགོས་ན། དང་པོ། Google Play བརྒྱུད་དེ་ Mdict ཞེས་པའི་མཉེན་ཆས་དེ་ཕབས་ལེན་དང་སྒྲིག་འཇུག་བ…