སློབ་ཆེན་པ་ཞེས་པའི་མཉེན་ཆས་གསར་བ་ཞིག་ངོ་སྤྲོད།

གནས་ཚུལ་ཡོངས་ཁུངས། བཙན་པོའི་འགར་གྱི་དྲ་བ།

མཛའ་ཤིང་བརྩེ་བའི་གྲོགས་པོ་རྣམས་པ། ཡང་ན་རྩོམ་པོ་རྣམས་པ། སློབ་ཆེན་པ་ཞེས་པའི་ཁ་པར་མཉེན་ཆས་འདི་ཟླ་༤བའི་ཚེས་༡༩་ཉིན་དངོས་སུ་བཀྲམས་པ་རེད། མཉེན་ཆས་འདི་ནི་ཀུ་ཤུ་དང་ཨན་ཏྲོ་མ་ལག་གཉི་ཀར་འཇུག་ཐུབ་པའི་བོད་ཡིག་རྩོམ་འབྲིའི་ཡོ་ཆས་ཤིག་ཡིན་པར་མ་ཟད། དྲྭ་ཐོག་སྨྱན་བྱེད་དཔེ་མེད་ཅིག་ཡིན་པ་དང་། དྲྭ་ཐོག་རྩོམ་དེབ་ལེགས་པོ་ཞིག་ཏུ་འགྱུར་བཞིན་པ་ན། འདིར་ཆེད་དུ་སློབ་ཆེན་པའི་མཉེན་ཆས་ངོ་སྤྲོད་དང་འབྲེལ་གསལ་བརྡ་ཞིག་གཏོང་དགོས་བསམ།

མཉེན་ཆས་འདི་བསྒྲུབས་པའི་དམིགས་ཡུལ།

མཉེན་ཆས་འདི་བསྒྲུབས་པའི་དམིགས་ཡུལ་ནི་འདི་ལྟ་སྟེ། ཆེད་དུ་སློབ་ཆེན་པ་ཞེས་མིང་ཆེན་པོ་དེ་ཁོལ་དུ་བྱུང་ནས། བོད་ཀྱི་སྐད་ཡིག་དང་རིག་གནས་སྦྱངས་ཏེ་གྲོང་ཁྱེར་དང་གྲོང་ཁྱེར་མྱུལ་ནས། ཆེད་ལས་དང་ཐོབ་ཐང་གླེང་ཞོར་རང་དོན་འབའ་ཞིག་ལ་གཞོལ་བའི་སློབ་ཆེན་པ་དང་། སྤྱི་ཚོགས་དངོས་ཀྱི་ངོ་གདོང་ནས་རང་ཉིད་ཀྱི་འཚོ་གནས་ཙམ་མ་ཟད་མིའི་འཚོ་གནས་གླེང་བར་སྤྲོ་བའི་ལང་ཚོ་དང་དཔའ་སྐད་ཡོད་པའི་སློབ་ཆེན་པ་རེ་ཟུང་། ད་དུང་རིག་གནས་ཤིག་དང་བསམ་བློ་ཞིག ལྟ་བ་ཞིག་དང་ལྟ་ཚུལ་ཞིག  མདོར་ན་མི་སྒེར་གྱི་ལྟ་བ་ཞིག་འདོན་ལ་མཁས་པའི་སློབ་ཆེན་པ་ཁ་ཅིག་བཅས་ལ། ཤར་ལྷོ་ནུང་བྱང་གང་ན་བསྡད་ཀྱང་། མདོ་དབུས་ཁམས་གསུམ་གང་དུ་གནས་ཀྱང་། སློབ་ཆེན་པ་ཞེས་པའི་མིང་བྱང་འདི་བླངས་པ་ནས་བཟུང་ང་ཚོར་བགྲོ་གླེང་བྱེད་ས་ཞིག་དང་། འབྲེལ་འདྲེས་བྱེད་ས་ཞིག མཉམ་འུར་བྱེད་ས་ཞིག རྒྱུས་ལོན་བྱེད་ས་ཞིག་ངེས་པར་མཁོ་བ་རེད། དེས་རྐྱེན་གྱིས་གཞུང་ཕྱོགས་ཀྱི་སློབ་གྲྭ་ཆེན་མོ་ཡིན་དང་མ་ཡིན་གང་རུང་ཀྱང་། ཤེས་རིག་དང་དཔྱོད་ཤེས་ལ་དུངས་པའི་མི་བུ་བྱེ་བྲག་པ་རེ་རེ་ནས་འདིར་ལེགས་རྩོམ་གྱི་གཟི་བརྗིད་ལེན་ཆོག་ལ། བོད་ཁུལ་གྱི་སློབ་གྲྭ་ཆེན་མོ་བཅུ་གཉིས་ཙམ་གྱི་བྱ་ར་དང་གཞན་མཉམ་འུར་གླེང་ཀ་བདུན་ཙམ་ཡོད་པ་འདི་དག་གིས་ང་ཚོར་སྐྱོན་ཡོད་ན་དམར་འདོན་དང་། གནད་དོན་ཡོད་ན་མཉམ་གསེས། ལེགས་རྩོམ་ཡོད་ན་མཉམ་མྱོང་བྱེད་སའི་སྟེགས་བུ་ཤིག་བསྐྲུན་པ་ཡིན།

ཁྱེད་ཅག་གིས་རྒྱབ་སྐྱོར་དང་ཐུགས་ཁུར་འོག་ནས། ངེད་སློབ་ཆེན་པའི་རྩོམ་འབྲིའི་གླིང་དེ་མུ་མཐུད་ནས་དར་ཁྱབ་དང་བཀོལ་ཆེར་འགྲོ་བཞིན་པ་འདི་ལྟར་རེད། འདི་ནི་ཁྱེད་རྣམ་པའི་ཐུགས་བསོད་ཡིན་པ་སུ་ལའང་དོགས་པ་མེད། འོན་ཀྱང་རྩོམ་གྱི་སྤུས་ཀ་དང་བརྗོད་བྱའི་ཐད་ནས་ངས་ཀྱང་མནོ་བསམ་རེ་མ་བཏང་རང་བཏང་ཡིན་པས། དེ་དོན་རྣམ་པ་ཚོའི་ཐུགས་འཇགས་ཡོང་རེ་ཡོད། ཉེ་སྔོན་རྩོམ་མཁན་མང་པོས་རྩོམ་ཡིག་གིས་གནང་སྤྱིན་མཛད་པ་ལས་འགའ་ཤས་རེ་བཀོད་མེད་པ་ཡང་དོན་དེ་ཡིན། དེ་བས་གཞུག་ཕྱོགས་ནས་རྩོམ་སྤུས་ཀྱི་ཚད་གཞི་མུ་ནས་མུར་ལེགས་པར་ཡོང་བའི་རེ་བ་ཡོད།

 སྤྱིར་ན་མཉེན་ཆས་འདི་ཡང་དུས་དེབ་ཞིག་དང་འདྲ་བར་ཁོ་བོའི་དམིགས་ཡུལ་དང་ཁ་ཕྱོགས་ཡོད་པ་ཡིན་ན། རྩོམ་ཡིག་གང་བྱུང་བྱུང་དུ་འགོད་པར་མི་བྱེད་ལ། འབོལ་རྩོམ་གཙོ་བྱས་ནས་བོད་ཀྱི་སྤྱི་ཚོགས་ལ་གདོང་གཏད་པའི་གནད་དོན་གླེང་བར་སྤྲོ་བ་ཡིན། དེ་ལས་གཞན་པའི་རོལ་རྩེད་ཀྱི་རྣམ་པ་ཅན་གྱི་གསར་འགྱུར་ཐུང་བ་དང་། སྙན་ངག་འཆལ་འཆོལ་དག་འགོད་གི་མིན་ལ། ཆང་གི་སྙན་ངག་དང་བརྩེ་བ་དམར་བརྗོད་ཀྱི་ངོས་སུ་བཀོད་པའི་སྙན་ངག་དག་ཀྱང་ལེགས་འདེམས་ཀྱི་ཚུལ་དུ་བསུབ་ཞོར་སྤེལ་ཞོར་བྱེད་ཀྱི་ཡིན། འདི་དག་ནི་ཤེས་པར་བྱ་བའོ།།

མཉེན་ཆས་འདིའི་བཀོད་སྒྲིག་ངོ་སྤྲོད།

འདིའི་དཀར་ཆགས་ནང་དུ་ལེ་ཚན་བྱ་ར་ཉི་ཤུ་ཡོད། དེ་ཡང་ཐོག་མར་མཉེན་ཆས་འདིའ་དམིགས་ཡུལ་ལས་གླེང་བྱ་གཙོ་བོར་གྱུར་བའི་མཉམ་འུར་གྱི་དགོས་པ་དང་བསྟུན་ནས། འཛམ་གླིང་ཡོངས་ཁྱབ་དང་། རིག་གནས་གསར་རྙིང་། བསམ་བློའི་འཐབ་རྭ་ལྟ་བུའི་ལེ་ཚན་བྱ་ར་བདུན་ཡོད་ལ། དེའི་གཤམ་དུ་བོད་ཀྱི་རིག་གནས་བསླབ་བཞིན་པའི་སློབ་གྲྭ་ཆེན་མོ་བཅུ་གཅིག་དང་། གཞན་སློབ་ཆེན་གཞན་དག་ཞེས་འཕར་མ་ཞིག་བཅས་ཡོད། ཆེས་མཐའ་མར་རྩོམ་རིག་སུ་གཏོགས་ཤིང་བོད་ཡུལ་དུ་དར་ཁྱབ་ཆེ་བའི་བོད་བརྙན་སྐོར་ཀྱི་ལེ་ཚན་ཞིག་བཅས་ཡོད། (དམིགས་བསལ་དུ་ཞུ་རྒྱུ་ཞིག་ལ།  རྩོམ་པ་པོའི་སྒྲིག་གཞི་ནི་ངེད་སློབ་ཆེན་པའི་ཁ་ཕྱོགས་དང་འཕེལ་ཕྱོགས་ཀྱི་ཤུགས་རྐྱེན་གཙོ་བོ་ཞིག་ཡིན་པས། ལེ་ཚན་གྱི་བྱ་ར་དག་ཉེ་བར་འགྱུར་བའི་ངེས་པ་ཡོད་ཀྱང་། ཆེས་སྤྱིར་བཏང་གི་རྩོམ་རང་གིས་བཞག་པའི་སྤྱི་ཚོགས་ཀྱི་འགན་ཁུར་ལ་ནང་ཡང་འགྱུར་བ་མི་འབྱུང་བ་ཡིན། )སྤྱོད་མཁན་གྱིས་ཐད་ཀར་ཁ་པར་ཨང་གྲངས་དང་ཝེ་པོ་གང་རུང་གིས་གི་ཐོ་འགོད་བྱས་རྗེས་ཐད་ཀར་རྩོམ་སྤེལ་ཆོག་ལ། ལེགས་རྩོམ་དག་སྐད་འཕྲིན་དང་གླེང་མོལ་ནས་མཉམ་སྤྱོད་དང་འོས་སྦྱོར་བྱས་ཀྱང་ཆོག

ནང་དུ་ཞུགས་རྗེས་ཀྱི་ཤེས་བྱ།

  1. འདིའི་ནང་དུ་ཞུགས་ཚད་སློབ་ཆེན་པ་རྐྱང་རྐྱང་ཡིན་དགོས་པའི་ངེས་པ་མེད་ཀྱང་། ཡི་གེའི་སྦྱོར་བ་དང་ཚིག་གི་དག་ཆ། ནང་དོན་ཀྱི་ཞིབ་ཆ་སོགས་ངེས་པར་ཐོན་དགོས། དེ་ལྟར་མིན་ན་རྩོམ་འགོད་ཀྱི་མིན།
  2. ཐོག་མའི་མཉམ་འུར་ཀྱི་བྱ་ར་དག་དུ་ཆང་གི་སྙན་ངག་དང་བརྩེ་བ་དམར་བརྗོད་ལས་གཞན་པར་སྙན་ངག་གཅིག་ཀྱང་མི་འགོད།
  3. རང་ཉིད་ཀྱི་རྩོམ་གྱི་ནང་དོན་ཅི་ལྟ་བ་བཞིན་དུ་བྱ་ར་འདེམས་དགོས་པ་སྟེ། ཡོངས་ཁྱབ་རིན་ཐང་གི་སྐོར་ལྟ་བུ་ཡིན་འཛམ་གླིང་ཡོངས་ཁྱབ་འདེམས་པ་དང་། རིག་གནས་ཡིན་ན་རིག་གནས་གསར་རྙིང་སོགས་མ་ནོར་བར་གྱིས། གལ་ཏེ་ནོར་ཡོད་ན་ལྟ་དཔྱོད་པས་བརྗེ་རྒྱུ་ཡིན།
  4. གཤམ་གྱི་སློབ་གྲྭ་སོ་སོའི་བྱ་རའི་ནང་དུ་། དེ་སྔར་སློབ་གྲྭ་ངོ་སྤྲོད་ཙམ་བཞག་ཡོད་ལ། གཞུག་མར་སློབ་གྲྭའི་ནང་གི་རིག་གནས་བགྲོ་གླེང་དང་། རིག་གཞུང་འཆད་ཁྲིད་དང་། རིག་རྩལ་འཁྲབ་སྟོན་དང་། སྐབས་དོན་གནས་ཚུལ་སོགས་སློབ་གྲྭའི་གནས་ཚུལ་བཀོད་ཆོག
  5. སློབ་ཆེན་གཞན་དག་གི་ལེ་ཚན་བྱ་རའི་ནང་དུ་ལེ་ཚན་བྱ་རའི་ནང་དུ་མ་འདུས་པའི་བོད་རིགས་སློབ་ཆེན་པ་དག་གི་རྩོམ་ཡིག་འགོད་ངེས། ངེས་པར་དུ་སློབ་གྲྭ་ཆེན་མོ་བ་ཡིན་དགོས་པའི་ངེས་པ་མེད།
  6. བོད་བརྙན་གྱི་ལེ་ཚན་བྱ་རའི་ནང་དུ། TEDབོད་འགྱུར་གཏམ་བཤད་དང་། བོད་དང་བོད་འབྲེལ་གློག་བརྙན། བོད་ཡིག་བརྙན་ཡིག་ཅན་གྱི་གློག་བརྙན་གྲགས་ཅན་བཅས་ཀྱི་སྦྲེལ་ཐག་འཇོག་རྒྱུ་ཡིན།
  7. འདིའི་ནང་ཞུགས་པའི་གྲོགས་པོ་ཚོས་མཉམ་འཇོག་བྱེད་དགོས་པ་དག་གོང་ནས་བཤད་པ་ལྟར་རོ། གཞན་ཁྲིམས་འགལ་རིགས་མི་གླེང་བར་མཁྱེན།

ཡང་འདིར་རྒྱུ་རྐྱེན་གང་རུང་ཞིག་གིས་ངེད་ཀྱི་མཉེན་ཆས་འདི་དྲྭ་ཐོག་ཏུ་ཁྱབ་འཇོག་བྱེད་མ་ཐུབ་པས།གྲོགས་པོ་ཚོར་མི་འོས་པའི་དཀའ་ཁག་གང་མང་ཞིག་བཟོས་སོང་། དེས་ཕྱིར་འདིར་ནང་འཇུག་བྱེད་ཐབས་འགའ་བཤད། སྦྲེལ་ཐག་

འདི་ལས་ཐད་ཀར་ཨན་ཊོ་ཁ་པར་ནང་དུ་མཉེན་ཆས་ཀྱི་ཐུམ་དེ་ཕབ་ལེན་བྱེད་ཐུབ། http://www.cutt.com/app/down/532348 གཞན་འདི་ལས་ཕབ་ལེན་བྱས་དེ་ཀུ་ཤུ་ཁ་པར་གྱི་ནང་དུ་ནང་འཇུག་བྱས་ཆོག   


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *