ePub Maker : ཡིག་ཚང་མཉེན་ཆས་ word ནས་ epub འཕྲུལ་དེབ་བཟོ་ཆེད།


དེང་བོད་མི་མང་པོ་ཞིག་ལ་དྲ་ཐོག་ནས་འཕྲུལ་དེབ་འདྲ་མིན་ཕབས་ལེན་དང་ཀློག་རྒྱུ་བྱུང་བར་ཧ་ཅང་དགའ་འཚོར་སྐྱེས་ཀྱི་ཡོད། དེ་བས་མི་མང་པོ་ཞིག་གི་སེམས་སུ་རང་ངོས་ནས་ཀྱང་འཕྲུལ་དེབ་གཅིག་བཟོ་ཐུབ་ན་སྙམ་པའི་རེ་བ་ཞིག་བྱས་མྱོང་ཡོད་ཤས་ཆེ། དེ་སྔོན་འཕྲུལ་དེབ་བཟོ་མཁན་ཁ་ཤས་ཀྱི་འཕྲུལ་དེབ་མི་ཉུང་བ་ཞིག་བཟོས་ཡོད་ཀྱང་། འཕྲུལ་དེབ་དེ་དག་བཟོ་སྐབས་གོ་རིམ་མང་པོ་རྒྱུད་དགོས་པ་དང་། དམིགས་བསལ་གྱི་མཉེན་ཆས་ Indesign དེ་འདྲ་ཡང་སྤྱད་དགོས་ཀྱི་ཡོད།

འོན་ཀྱང་དེ་རིང་དེར་གུས་པས་ཁྱེད་ལ་ངོ་སྤྲོད་བྱེད་པའི་མཉེན་ཆས་ ePub Maker ཟེར་བ་དེས་ཁྱེད་ཀྱིས་རྒྱུན་པར་གོམས་དྲིས་ཡོད་པའི་ཡིག་ཚང་མཉེན་ཆས་ Word ཞིག་གི་ནང་དེབ་ཀྱི་ནང་དོན་ཆ་ཚང་བཀོད་ཟིན་པ་རྣམས་མགོ་རྙོགས་དང་དཀའ་ཚེགས་གང་ཡང་མེད་པར་འཕྲུལ་དེབ་ལམ་སེང་བཟོ་སྒྲུབ་ཐུབ་ཀྱི་ཡོད།

མཉེན་ཆས་དེ་སྟབས་བདེ་པོ་དང་འཕྲུལ་དེབ་བཟོ་སྐབས་འཕྲུལ་དེབ་ཀྱི་སྒྲིག་སྲོལ་ཆ་ཚང་བརྩི་སྲུང་བྱེད་པ་དང་། འཕྲུལ་དེབ་ལེགས་པོ་དང་ཆ་ཚང་པོ་ཞིག་ཡོང་བའི་ཁྱད་ཆོས་ལྡན་ཡོད། དཔེར་ན།

  • ཁ་ཤོག་(རྒྱབ་ཤ) དང་ དེབ་ཀྱི་ངོ་སྤྲོད། རྩོམ་པ་པོོ། སྤེལ་དུས་སོགས་བཀོད་བདེ་བ།
  • ནང་དོན་གྱི་ལིའུམ་རབ་བྱེད་དབྱེ་གསེས་བྱེད་པ།
  • དཀར་ཆག་རྣམས་རང་འགུལ་གྱིས་སྒྲིག་པ།
  • འཕྲུལ་དེབ་ཀྱི་སྒྲིག་སྲོལ་ལྡན་པ།
  • ནང་དོན་ནང་དྲ་ཚིགས་དང་དྲ་ཐག་བཀོད་ཐུབ་པ།
  • སྐད་ཡིག་དང་ཡིག་གཟུགས་གང་ཡང་བཀོད་ཐུབ་པ།
  • བཟོས་ཟིན་པའི་འཕྲུལ་དེབ་རྣམས་ Adobe དང་ ཀུ་ཤུ་རྟགས་ཅན་ནང་བལྟ་ཐུབ་པ།
  • སྐར་ཁུང་མ་ལགས་ windowXP, Vista, Win7, Win8 ནང་མཉེན་ཆས་འགྲོ་ཐུབ།
  • ཡིག་ཚང་མཉེན་ཆས་ Word2003 དང་ Word2007, Word2010, Word2013 སྤྱད་དེ་བཟོས་པའི་ཡིག་ཆ་རྣམས་འཕྲུལ་དེབ་ཀྱི་ངོ་བོར་བསྒྱུར་ཐུབ་པ།

གློག་ཀླད་ནང་སྒྲིག་འཇུག་བྱེད་སྟངས།

༡༽ ཡིག་ཁུག་ནང་སྐར་ཁུང་ bit64 དང་ bit 32 ཅན་གཉིས་ཀའི་ཆེད་དུ་བཙིར་ཆས་ལོགས་སུ་ཡོད་པས་རང་ཉིད་ཀྱི་གློག་ཀླད་ལ་གཞིགས་ཏེ་ནང་འཇུག་བྱེད་དགོས།
༢༽ ནང་འཇུག་སྒྲུབ་པ་དང་། key ཟེར་བའི་ཡིག་ཁུག་ནང་ཡོད་པའི་ཡིག་ཆ་ rarreg.key དེ་གློག་ཀླད་ཀྱི་ C:\Program Files\WinRAR\ ནང་བཤུ་འཇོག་བྱེད་ན་ད་བཟོད་གསང་ཟ་བསྟོར་ཟིན་པ་དང་། མཉེན་ཆས་དེ་བེད་སྤྱོད་གཏོང་ཐུབ།

གཤམ་གྱི་བརྙན་ཟློས་ལ་གཟིགས།

གལ་ཏེ་འཕྲུལ་དེབ་བཟོ་སྟངས་ཤེས་འདོད་ན། འདིར་གཟིགས།
བཟོས་ཟིན་པའི་འཕྲུལ་དེབ་རྣམས་དྲ་མྱུལ་མཉེན་ཆས་ firefox དང་ chrome ནས་བལྟ་སྟངས་་་འདིར་གཟིགས།

མཉེན་ཆས་ཕབ་ལེན།

ཡིག་ཆ་ཆེ་ཆུང་ 1.8 MB
ePub Maker version1.8
མཉེན་ཆས་ཕབ་ལེན་གནང་།

Comments

  1. བསོད་ནམས་ཟླ་བ་ལགས།
    ཁྱེད་ཀྱིས་ePubMaker འདིའི་མཉེན་ཆས་མ་ལག་ཆ་ཚང་འདི་ཕབ་བཤུས་ཇི་ལྟར་བྱེད་དགོས་མིན་གསལ་བཤད་ཤིག་གནང་རོགས། ངས་འདི་ཕབ་བཤུས་བྱས་ཡིན་འོན་ཏེ་ཁྱེད་ཀྱིས་གསུང་པ་དང་ལྷག་པར་ཁྱེད་ཀྱི་ཕབ་བཤུས་བྱས་པ་བཞིན་ང་ལ་ཡིག་ཆ་ཚང་ཐོབ་ཀྱི་མི་འདུག ནང་བཅུག་བྱེད་ཆེད་ཀྱི་གཉེན་ཆས་ཙམ་ལས་དེ་མིན་Crack ཞེས་པའི་ཡིག་སྒམ་ནང་དུ་ཡོད་པའི་མཉེན་ཆས་ཀྱི་མ་ལག་དང་གསལ་བཤད་ཡིག་ཆ་ང་ཀློག་ཞེས་པ་གཉིས་ཀ་ཕབ་བཤུས་དྲ་ཚིགས་ནས་བྱེད་ཤེས་ཀྱི་མི་འདུག་པས་ལམ་སྟོན་ཞིག་གནང་རོགས།
    ཐུགས་རྗེ་ཆེ།

    ReplyDelete
    Replies
    1. ཡིག་ཆ་མ་ཚང་བའི་བརྡ་ལན་གནང་བར་ཐུགས་རྗེ་ཆེ། འདིར་ངས་ཡིག་ཆ་ཆ་ཚང་བ་ཞིག་དེ་བསྐྱར་བཅུག་བྱས་ཡོད། ཕབ་ལེན་གནང་ན་འགྲིགས་པ་ཡོད།

      Delete
  2. བསོད་ནམས་ཟླ་བ་ལགས།
    ཁྱེད་རང་ངོ་མ་དུས་རབས་ཉེར་གཅིག་པ་ཆ་འཕྲིན་གྱི་དུས་རབས་ནང་འཚོ་བཞིན་ཡོད་ས་རེད། ཞོགས་པའི་ལན་འདི་བདུན་ཕྲག་རྗེས་མར་ཐོབ་ཡོང་བསམ་ཀྱང་ཉིན་རྒྱབ་ལ་གནང་བར་ཐུགས་རྗེ་ཆེ། བཀའ་དྲིན་ཆེ། ད་ངས་ཀྱང་གློག་རྡུལ་འཕྲུལ་དེབ་བཀྲགས་མོ་ཤིག་བཟོ་ངེས་ཡིན། ཧ་ཧ་ཧ་ཧ་

    ReplyDelete
  3. This comment has been removed by the author.

    ReplyDelete

Post a Comment

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག