དྲ་ཐོག་ཉེན་སྲུང་གི་དཔའ་བོ། www.cybersuperhero.net


དྲ་ཐོག་ཉེན་སྲུང་གི་དཔའ་བོ་ཞེས་པའི་ལས་འཆར་འདི་ནི་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་གཙོ་སྐྱོང་བྱེད་ཀྱི་ཡོད་པ་དང་། དྲ་ཚིགས་དེ་ནི་ བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་བརྒྱུད་ནས་གློག་ཀླད་དང་ཁ་པར་དྲ་རྒྱ་སོགས་ཀྱི་ཉེན་སྲུང་ཤེས་བྱ་སློབ་སྟོན་བྱེད་ཀྱི་ཡོད་འདུག དྲ་ཚིགས་འདི་དམིགས་ཡུལ་དང་ལས་གཞི་འདི་བཙུགས་དགོས་དོན་ནི།
བོད་དོན་ལས་འགུལ་བསྟི་གནས་ཁང་གིས་བོད་རང་དབང་གི་ལས་འགུལ་རྒྱ་བསྐྱེད་པའི་ཆེད་དུ། དྲ་བའི་བརྡ་འཕྲིན་འབྲེལ་ལམ་གྱི་སྟོབས་ཤུགས་དང་ཐབས་ཇུས་ལྡན་པའི་ཞི་བའི་ལས་འགུལ་གཉིས་ཟུང་དུ་སྦྲེལ་གྱི་ཡོད། ང་ཚོས་དཔུང་རོགས་བསྐྲུན་པ་དང་ལྷན་དུ་ང་ཚོའི་ཉམས་མྱོང་དག་གཉའ་གནོན་དྲག་པོ་མྱོང་བཞིན་པའི་མི་སྡེའི་སྤྱི་ཚོགས་གཞན་ལ་ཡང་ཁྱབ་སྤེལ་བྱེད་ཀྱི་ཡོད།
དྲ་ཐོག་ནས་བོད་མིར་འཇབ་རྒོལ་དམིགས་འབེན་ཏུ་བཟུང་བའི་གནས་ཚུལ་རིགས་བྱུང་ནས་ལོ་ངོ་བཅུ་གྲངས་ལྷག་འགྲོ་གི་ཡོད་ཅིང་། བོད་མི་རྣམས་ཀྱིས་ཀྱང་གསང་མྱུལ་དང་བྱ་རའི་གནད་དོན་རིགས་ལ་འཐབ་མོ་བྱེད་པའི་ཐབས་ལམ་བསྐྲུན་དགོས་བྱུང་ཡོད་པ་མ་ཟད། ལག་འཁྱེར་ཁ་པར་དང་དྲ་ཐོག་གི་འབྲེལ་བ་ཁག་ལ་ཉེན་སྲུང་ཡག་པོ་བྱེད་དགོས་བ་གཙིགས་སུ་བཟུང་ཡོད། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་བོད་ཕྱི་ནང་གི་བོད་མི་རྣམས་ཀྱི་བདེ་འཇགས་ཤུགས་ཆེ་རུ་གཏོང་བ་དམིགས་ཡུལ་དུ་བཟུང་ནས། གསར་གཏོད་རང་བཞིན་གྱི་ཟབ་སྦྱོང་དང་ཤེས་ཡོན། འཕྲུལ་རིག་ལས་གཞི་བཅས་ཡར་རྒྱས་དང་ལག་ལེན་ཏུ་བསྟར་བཞིན་ཡོད།
དྲ་ཚིགས་ཁ་བྱང་ནི། www.cybersuperhero.net


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *