Gionee


Gionee (ཇི་ཡོ་ཎི) ཀུང་སི་འདི་ནི་རྒྱ་ནག་ ཧྲན་ཊན་ ཏུ་གཏན་གཞི་བྱས་པའི་ལག་ཐོག་ཁ་པར་བཟོ་གྲྭ་ཆེ་ཤོས་འདི་ཡིན། ཀུང་སི་འདི་ཕྱི་ལོ་ ༢༠༠༢ ལོར་གསར་བཙུགས་ནས་ད་ལྟའི་ཆར་གྲུབ་འབྲས་ལེགས་པོ་བྱུང་ཡོད་པ་མ་ཟད། ཕྱི་རྒྱལ་རྒྱལ་ཁབ་ཁག་མང་པོའི་ནང་དུ་ཚོང་ལས་ཀྱི་རྐང་པ་གཏན་པོ་བཙུགས་ཟིན། མཉམ་ལས་བྱས་མཁན་གྱི་རྒྱལ་ཁབ་གཙོ་བོ་ཁག་ནི་ རྒྱ་གར་དང་། ཝེཊ་ནམ། ཧྥི་ལི་ཧྥེན། ནེ་ཇི་རྱི་སོགས་ཡིན།

Gionee (ཇི་ཡོ་ཎི) ལ་རྒྱུ་ཆ་སྒྲིག་འཇུག་གཏི་གནས་ Dongguan Jinming Electronics དང་ Dongguan Jinzhong Electronics བཅས་གཉིས་ཡོད་པ་ མ་འཛུགས་རྒྱ་སྒོར་ས་ཡ་ ༨༠ དང་བཟོ་གྲྭའི་རྒྱ་ཁྱོན་མི་ཊར་གྲུ་བཞི་མ་ སྟོང་ཕྲག་ ༢༠  །ལས་མི་གྲངས་ ཆིག་སྟོང་ཟིན་གྱི་ཡོད།

ཕྱི་ལོ་ ༢༠༡༠ ལོ་ནས་ Gionee (ཇི་ཡོ་ཎི) གིས་ལག་ཐོག་ཁ་པར་གྱི་བཟོ་ལྟ་རྣམས་ཕྲ་པོ་བཟོ་བཞིན་ཡོད་པ་དང་། འདི་ལོ་ ༢༠༡༤ ཟླ་ ༨ པར་འཛམ་གླིང་གི་ལག་ཐོག་ཁ་པར་ཕྲ་ཤོས་ཀྱི་མཚན་སྙན་ཐོབ་ཡོད། ཀུང་སིའི་ལག་ཐོག་ཁ་པར་ Gionee Elife S5.5 གི་མཐུག་ཚད་ནི་མི་ལི་ 5.5 ཡིན། འདི་ལོའི་ཕྱི་ཟླ་ ༡༢ ནང་ཡང་ Gionee Elife S5.1 ཟེར་བ་ལག་ཐོག་ཁ་པར་གྱི་མཐུག་ཚད་མི་ལི་ 5.5 འདི་ཡང་ཁྲོམ་བསྒྲགས་བྱས་ཡོད།

Gionee (ཇི་ཡོ་ཎི) ཀུང་སི་འདི་ནི་རྒྱ་གར་ས་ཐོག་གཏན་གཞི་ལེགས་པོ་བྱུང་བ་དང་། ཀུང་སི་འདིས་ཚོང་འགྲེམས་བྱེད་པའི་ལག་ཐོག་ཁ་པར་གྱི་སྤུས་ཚད་དང་བཟོ་ལྟ་ཧ་ཅང་ཡིད་དབང་ཤོར་པ་ཞིག་ཡོད་པས་རྒྱ་གར་མི་མང་གིས་དགའ་བསུ་ཡང་ཐོག་ཡོད། དེ་བས་གལ་ཆེ་བ་ནི་ཉོས་ཟིན་པའི་ལག་ཐོག་ཁ་པར་ལ་སྐྱོན་ཆ་དང་བཟོ་བཅོས་བྱེད་དགོས་ན་ཀུང་སི་འདིས་ཞབས་ཞུ་སྟབས་བདེ་པོ་སྒྲུབ་ཀྱི་འདུག

མུ་འགོད།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག