Google Inbox གུ་གུལ་གློག་འཕྲིན་ཞབས་ཞུ་གསར་པ།


དེ་རིང་ངས་ཁྱེད་ལ་གུ་གུལ་གྱི་ཞབས་ཞུ་གསར་ཐོན་ཞིག་ངོ་སྤྲོད་བྱེད་འདོད་བྱུང་། གཅིག་བྱས་ན་ཁྱེད་ཀྱིས་སྔོན་ཚུད་ནས་དོ་སྣང་བྱུང་ཡོད་ཀྱི་རེད། དེ་ནི་གུ་གུལ་གྱིས་འདི་ལོའི་ཕྱི་ཟླ་ ༡༠ ནང་ Google Inbox ཞེས་པའི་གློག་འཕྲིན་ཞབས་ཞུ་ཞིག་བཟོས་ཡོད། Google Inbox ནི་དོན་དངོས་ཐོག་ Gmail གློག་འཕྲིན་ཞབས་ཞུ་ཡི་རྣམ་པ་གསར་རྐྱང་ཞིག་ཡིན། Gmail ནང་ཡོད་པའི་ཁྱེད་ཀྱི་གློག་འཕྲིན་ཡོད་དོ་ཅོག་ Google Inbox ནས་ཀྱང་ཁ་འབྱེད་ཐུབ།

Gmail དང་ Inbox གཉིས་ཀྱི་མི་འདྲ་ས་གཙོ་བོ་ནི་བཟོ་བཀོད་དང་། བརྗེད་ཐོ་བསྐྱོན་སའི་མཐུན་རྐྱེན། དེ་བཞིན་གློག་འཕྲིན་དབྱེ་གསེས་བྱེད་སྟངས་སོགས་ཡིན། གུ་གུལ་གྱིས་ inbox དེ་བྱུང་དགོས་དོན་ནི་ད་བར་གློག་འཕྲིན་བེད་སྤྱོད་བཏང་མཁན་གྱི་གོམས་གཤིས་དང། ཁོང་ཚོར་ངེས་པར་དུ་མཁོ་བ་དང་མ་འདེངས་པའི་མཐུན་རྐྱེན་དེ་དག་ཁ་གསབ། དེ་བཞིན་གློག་འཕྲིན་བཏང་རྒྱུ་ནི་སྤྲོ་སྣང་རང་བཞིན་སྦྱིན་ཐུབ་པ་གཙོ་བོར་དམིགས་ཡོད།

ཁྱེད་ཀྱིས་ Google Inbox བེད་སྤྱོད་དང་ཚོད་ལྟ་ཞིག་བྱེད་འདོད་ན། Gmail རྒྱུད་ inbox@google.com ཁ་བྱང་དེའི་ཐོག་གློག་འཕྲིན་ཞིག་བཏང་ན། ཆུ་ཚོད་ 24 ནང་ད་ཟོད་ http://inbox.google.com ལ་གཟིགས་ཐུབ། ཁྱེད་ཀྱིས་ Google Inbox བེད་སྤྱོད་བཏང་ཀྱང་མུ་མཐུད་དེ་སྔའི་ Gmail ལ་མཆོང་ཀྱང་མཆོག

གུས་པས་ Google Inbox བེད་སྤྱོད་བཏང་ནས་ཟླ་གཅིག་དང་ཕྱེད་ཙམ་ཟིན་སོང། དེའི་བར་ Gmail ལ་ཕར་བལྟ་དགོས་པ་དམིགས་བསལ་མ་བྱུང་། གུ་གུལ་གྱིས་ Inbox དང་ Gmail གཉིས་ཀ་འཇོག་དགོས་དོན་གཙོ་བ་གཅིག་ནི་ད་ལྟ་ཚོད་བྱེད་བཞིན་པ་དང་། གཉིས་ནས་གུ་གུལ་བེད་སྤྱོད་བཏང་མཁན་ཚོར་འདེམས་གར་འཇོག་ཡོད། འོན་ཀྱང་ངའི་བསམ་པར་མ་འོངས་ Gmail དེ་རིམ་པས་ Inbox གྱི་རྣམ་པར་བརྗེད་འགྱུར་བྱེད་ངེས་སྙམ། གལ་ཏེ་ཁྱེད་ཀྱིས་ Inbox བེད་སྤྱོད་བཏང་མྱོང་ན། ཁྱེད་ཀྱི་ཉམས་མྱོང་དང་བསམ་ཚུལ་གང་ཡོད་གཤམ་ཀྱི་མཆན་འཇོག་སའི་ནང་འཇོག་རོགས།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *