iphone 6 ནང་སྐར་ཁུང་ XP བཅུག་ཐུབ་པ།

རྒྱ་ནག་གློག་འཕྲུལ་མཁས་པ་ཞིག་གིས་ཉེ་དུས་ སྐར་ཁུང་ 95 དེ་རང་ཉིད་ཀྱིས་གསར་དུ་ཉོས་པའི་ iPhone6 Plus ནང་སྒྲིག་འཇུག་བྱེད་ཐུབ་པ་དྲ་ཚིགས་ཁག་ཏུ་མིག་སྟོན་བྱེད་ཡོད། ཁོ་བོས་སྐར་ཁུང་ཞིག་ཁ་པར་ནང་བཅུག་ཐུབ་ཆེད་མཉེན་ཆས་གཙོ་བོ་ iDOS སྤྱད་ཡོད་པ་བཤད། ཁོ་བོས་ད་ལྟའི་ཆར་ སྐར་ཁུང་ XP ཞིག་ཚོད་ལྟ་བྱས་ཀྱང་ལམ་ལྷོང་ལེགས་པོ་མ་བྱུང་རུང་། ད་དུང་ཚོད་ལྟ་དུ་མ་བྱེད་གཏན་དང་། ཐབས་ཤེས་ཡོད་ངེས་ཀྱི་གདེང་ཚོད་ཡོད་ཟེར།




ཁོང་གི་ཚོད་ལྟ་དེ་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་དང་། ཁོ་བོའི་དམིགས་དོན་གཙོ་བོ་གཅིག་ནི། དེང་གི་ཆར་ལག་ཐོག་ཁ་པར་རྣམས་གློག་ཀླད་གཅིག་གི་ཤུགས་ཚད་དང་མཉམ་ཡོད་པ་དང་། ལག་ཐོག་ཏུ་ཡོད་པའི་འཕྲུལ་ཆས་ལེགས་པོ་དེ་འདྲ་གཅིག་ཁ་པར་བཏང་ཐུབ་ཙམ་དང་། དྲ་རྒྱ་ཁ་འབྱེད་ཐུབ་ཙམ། རྩེད་མོ་རེ་གཉིས་རྩེད་ཐུབ་གཅིག་པོ་བྱེད་ན། འཕྲུལ་ཆས་ལེགས་པོ་དེའི་ 20% ཙམ་ལས་ནུས་པ་ཆ་ཚང་བེད་སྤྱོད་བཏང་ཐུབ་མེད།
བསམ་བློ་ཞིག་བཏང་ན་ལག་ངར་སྟེང་གི་འཕྲུལ་ཆས་ཆུང་ཆུང་དེས་ལག་ཐོག་ཁ་པར་དང་གློག་ཀླད་གཉིས་ཀའི་གོ་ཆོད་པ་བཟོ་རྒྱུུ་ཡོད་པ་དེ་གསལ་སྟོན་བྱེད་པ་རང་རེད། གཤམ་གྱི་དཔེ་རིས་ལ་གཅིག་གཟིགས་ན་ད་བཟོད་ཁྱེད་ལ་གོ་བ་ཞིག་བསྟེར་ངེས།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *