བརྩེ་གདུང་སླེབས་པའི་དུས་སུ། 愛情闖進門 མུ་འབྲེལ་གློག་བརྙན།

 
བརྩེ་གདུང་སླེབས་པའི་དུས་སུ་ ཞེས་པ་ནི་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༩ ཉིན་རྒྱང་གསེང་བྱས་པའི་ཐེ་ཝན་གྱི་གློག་བརྙན་ཞིག་ཡིིན། མུ་འབྲེལ་གློག་བརྙན་དེར་ལིའུ་ ༣༢ ཡོད། འཁྲབ་སྟོན་པ་གཙོ་བོ་ཁག་ནི་  Victoria Song དང་ Calvin Chen, Zhou Mi བཅས་དང་། འཁྲབ་ཁྲིད་པ་ནི་སྐུ་ཞབས་  Chen Zhi(陈致) དང་སྐུ་ཞབས་ Han Feng (韩风) རྣམ་པ་གཉིས་ཡིན།

སྒྲུང་གི་ནང་དོན་རོབ་བསྡུས།

ལོ་གཞོན་འཇོན་ཐང་ཅན་ ཆིང་ཡུ་ཅང་ (Qin Yu Jiang) ལ་ཉིན་ཞིག་ཀུང་སིའི་གཙོ་སྐྱོང་པའི་བཀའ་ཞིག་འབྱོར། བཀའ་དེ་ནི། གཙོ་སྐྱོང་པའི་ཚ་མོ་ ཧྲིན་ཡ་ཡིན་ (Shen Ya Yin) ཕྱི་ཡུལ་དུ་འགྱར་ནས་ལོ་མང་ཕྱིན་ཡོད་སྟངས་ཁོང་མོ་ལམ་སང་འཚོལ་ཞིབ་བྱེད་དགོས་པ་དེ་ཡིན། ལོ་བཅོ་བརྒྱད་སྔོན་གཙོ་སྐྱོང་པའི་བུ་མོ་དང་ཁོའི་འོག་གི་ལས་མི་ཞིག་མཉམ་དགའ་བོ་ཆགས། གཙོ་སྐྱོང་པས་དེར་མོས་མཐུན་མ་བྱས་ཙང་བུ་མོ་དང་དགའ་རོགས་དེ་གཉིས་བྲོས་ཕྱིན། གཙོ་སྐྱོང་པས་བུ་མོ་ཚུར་རགས་ཐབས་དང་། ཁོ་གཉིས་ཁ་འཕྲལ་གཏོང་ཐབས་སུ་སྔུག་ཐང་མང་པོ་སྤྲད། འོན་ཀྱང་དེ་ལས་ལྡོག་ཏེ་ཁོ་གཉིས་ག་སོང་ཆ་མེད་དུ་འགྱུར། དོན་དངོས་ཐོག་ཁོ་གཉིས་ནི་ཨ་ཕས་མི་བཏང་ནས་ཡང་བསྐྱར་རྩད་འཚོལ་ཆེད་དུ་ཡོང་གི་རེད་བསམ་པའི་དངངས་སྐྲག་དང་ཞེད་སྣང་འོག་མི་ཚེ་སྐྱེལ་དགོས་བྱུང་། ཁྱོ་ཤུག་གཉིས་ཀྱི་བར་ལ་བུ་མོ་ཞིག་སྐྱེས། འོན་ཀྱང་ཨ་མ་ལུས་པོ་སྐྱོ་དྲག་པས་ཚེ་ལས་འདས། ཁྱོ་གས་བུ་མོར་ཧ་ཅང་བརྩེ་གདུང་ཆེ་ཡང་། ཉིན་ལྟར་གཙོོ་སྐྱོང་པའི་རྗེས་འདེད་ལས་ཡང་ཡང་འགྲོས་དགོས་པ་སོགས་ཀྱི་དཀའ་ཚིགས་འོག་ནད་པ་ཆགས་ནས་སྨན་ཁང་དུ་གྲོངས། དེ་དུས་སྨན་ཁང་དུ་ལུས་པའི་བུ་མོ་ཆུང་ཆུང་དེའི་སེམས་ནང་རང་ཉིད་ཀྱི་ སྤོ་སྤོ་ (གསོ་སྐྱོང་པ་) ལ་མི་དགའ་བ་ཆགས། དེར་བརྟེན་བུ་མོ་མོ་རང་ཡང་སྤོ་སྤོ་སར་མ་ཕྱིན་པར་ཕྱི་ཡུལ་དུ་འགྱར།
ཆིང་ཡུ་ཅང་ (Qin Yu Jiang)
ཧྲིན་ཡ་ཡིན་ (Shen Ya Yin)
དེར་ལྟར་ལོ་བཅོ་བརྒྱད་ཀྱི་རྗེས་བུ་མོ་ཆུང་ཆུང་དེ་གཞོན་ནུ་ཞིག་ཏུ་འགྱུར་བ་དང་། སྤོ་སྤོས་ངོ་ཐག་འཆོད་ནས་ནང་དུ་བསུ་སྟངས། དེའི་དབར་ལ་ ཆིང་ཡུ་ཅང་ (Qin Yu Jiang) དང་ ཧྲིན་ཡ་ཡིན་ (Shen Ya Yin) བརྩེ་གདུང་བྱུང་སྟངས། ཁོ་གཉིས་ཀྱི་དབར་ལ་འགལ་ཟླ་དང་། དཀའ་ཚེགས་སོགས་རིམ་པས་གློག་བརྙན་ནང་གཟིགས་ཐུབ། སྒྲུང་གི་སྟོད་སྨད་བར་གསུམ་ལ་འདོད་བློ་ཁེངས་པ་ཞིག་འདུག

གློག་བརྙན་ལ་གཟིགས།

གློག་ཀླད་ཀྱི་ངོས་སུ་ WhatsApp སྤྱོད་རུང་བ།

 
ཉེ་ཆར་ཁྱེད་ཀྱི་ WhatsApp རིམ་སྤར་(update)བྱེད་ཡོད་དམ། རིམ་སྤར་གསར་པའི་ནང་མཐུན་རྐྱེན་གསར་པ་ཞིག་སྦྱོར་ཡོད་པ་ནི་ད་ནས་བཟུང་ WhatsApp དེ་ལག་ཐོག་ཁ་པར་དང་གློག་ཀླད་གཉིས་ཀའི་ནང་བེད་སྤྱོད་གཏོང་རྒྱུ་ཡོད་པ་དེ་ཡིན། དེའི་དགོས་པ་ཆེ་ཤོས་ཞིག་ནི། ལག་ཐོག་ཁ་པར་ནས་ཡི་གེ་བརྒྱག་རྒྱུ་ལས་གློག་ཀླད་ཀྱི་མཐེབ་གཞོང་སྤྱད་ན་ཡི་གེ་མགྱོགས་པ་བཏགས་ཐུབ་པ་དང་གཅིག།།གཉིས་ནས་གློག་ཀླད་ཀྱི་ནང་ཡོད་པའི་ཡིག་ཆ་དེ་དག་ WhatsApp ནང་ཐད་ཀར་གཏོང་ཐུབ་པའི་དགེ་མཚན་ལྡན་ཡོད། མཐུན་རྐྱེན་དེ་ WhatsApp ལ་གསར་པ་འདྲ་པོ་རེད། འོན་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ནི་ཝི་འཕྲིན་ (weChat) ནང་མཐུན་རྐྱེན་དེ་ལོ་འགའ་ཤས་སྔོན་ནས་ཡོད་བསྡད་པ་ཞིག་རེད།

དགོས་མཁོ་ཁག་ནི།

  • གུ་གུལ་ཁཱོ་རོམ་ (google chrome) སྤྱད་དགོས། དྲ་མྱུལ་མཉེན་ཆས་གཞན་གྱི་ནང་ཡག་པོ་ཞིག་མི་ཡོང་། གལ་ཏེ་ཁྱེད་གུ་གུལ་ཁཱོ་རོམ་མེད་འདི་ནས་ཕབས་ལེན་བྱེད།
  • རང་ཉིད་ཀྱི་ལག་ཐོག་ཁ་པར་ནང་ཡོད་པའི་ WhatsApp དེ་རིམ་སྤར་བྱེད་དགོས།
  • ཁྱེད་ཁ་པར་ནི་ ཨན་ཌོ་ཁ པར་དང་། BlackBerry, BlackBerry 10, Windows Phone, Nokia S60 ཡིན་དགོས།  ཨྱ་ཧྥོན་ཁ་པར་ལ་ད་ལྟ་མཐུན་རྐྱེན་གསར་པ་དེ་མེད། སེམས་པ་མ་སྐྱོ། ངའི་བསམ་པར་གང་མགྱོགས་ཨྱ་ཧྥོན་ཆེད་དུ་མཐུན་རྐྱེན་དེ་སྦྱོར་ངེས་རེད།
  • མེད་ཐབས་མེད་པའི་དྲ་རྒྱའི་མཐུན་རྐྱེན། བཅས་དགོས།

ལག་བསྟར་བྱེད་སྟངས་ནི་སྟབས་བདེ་པོ་འདུག །གཤམ་གསལ་ལྟར་གྱིས།

གློག་ཀླད་ནང་ནས་གུ་གུལ་ཁཱོ་རོམ་ (google chrome) ཁ་ཕྱེ་ནས་དྲ་ཚིགས་ https://web.whatsapp.com/ འདིར་ཕེབས།
ལག་ཐོག་ཁ་པར་ལས་ WhatsApp ཁ་ཕྱེ་ནས་འདེམས་གའི་ནང་ WhatsApp Web ཟེར་བ་དེར་གནོན་ནས་དྲ་ཐོག་གི་ QR code དེའི་སྟེང་བཤེར་དགོས།
དེ་བཤེར་ཟིན་པ་དང་། ལག་ཐོག་ཁ་པར་གྱི་ WhatApp གྲོགས་པོ་རྣམས་དྲ་ཚིགས་ https://web.whatsapp.com/ སྟེང་དུ་འཆར་ངེས།

དྲ་ཐོག་ནས་བརྙན་ཟློས་ཞིག་འདུག་འདིར་གཟིགས་ནའང་འགྲིགས།

ཁ་པར་གྱི་པར་ཆས་བརྒྱག་སྟངས་ཐབས་ཇུས་བདུན།

 
ཁྱེད་ཀྱིས་ལག་ཐོག་ཁ་པར་གྱི་པར་ཆས་དེ་བེད་སྤྱོད་སྙིང་རྗེ་པོ་ཞིག་བཏང་འདོད་ནས་གཤམ་གྱི་བརྙན་ཟློས་ཐུང་ཐུང་དེར་གཅིག་གཟིགས་དང་། འགྲེལ་བཤད་དམིགས་བསལ་དགོས་དོན་མིན་འདུག །བརྙན་ཐུང་བལྟ་ཐེངས་གཅིག་ལ་སུས་ཀྱང་ལག་ལེན་ཏུ་བསྟར་ནུས།

གྱང་དཔར། ཕབས་ལེན། Wallpaper Download

 
གློག་ཀླད་དང་ཁ་པར་གྱི་བཤར་ངོས་སུ་འཇོག་རྒྱུའི་དཔར་སྤུས་དག་མང་པོ་ཞིག་འདུ་རུབ་བྱེད་ནས་ཁྱེད་ལ་ཕབས་ལེན་དུ་འཇོག་ཡོད། དེར་ Wallpaper ལ་བོད་བསྒྱུར་ཇི་ལྟར་བྱེད་དགོས་མིན་མ་ཤེས།

ཕྲ་མཉེན་གྱིས WINDOWS 10 འགྲེམས་བསྒྲགས་བྱས་པ།

 
བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ་ལས།
སྤྱི་ཟླ་དང་པོའི་ཚེས22ཉིན་གྱི་པེ་ཅིང་གི་ཆུ་ཚོད1སྟེང་དུ། ཕྲ་མཉེན་སྤྱི་གཉེར་ཁང་གིས་འགྲེམས་བསྒྲགས་ཚོགས་འདུ་བསྡུས་པ་དང་། Windows 10 དངོས་སུ་ཚོང་རར་འགྲེམས་རྒྱུ་ཡིན་པའི་བརྡ་བསྟན་ཡོད།
ཕྲ་མཉེན་གྱིས Windows 10 འགྲེམས་བསྒྲགས་བྱས་པ།
དེ་ཡང་ཕྲ་མཉེན་གྱིས Windows 10 འགྲེམས་བསྒྲགས་བྱས་རྗེས་ཀྱི་ལོ་གཅིག་གི་དུས་ཡུན་ནང་དུ Windows 8.1 རྒྱུད་ཁོངས་རིན་མེད་ངང Windows 10 ལ་རིམ་སྤར་བྱེད་ཆོག་པ་དང་། དེ་ལས་ཀྱང་གལ་ཆེ་ཤོས་ཤིག་ནི Windows 7 རྒྱུད་ཁོངས་སྤྱོད་མཁན་གྱིས་ཀྱང་རིན་མེད་ངང་དེ་ཉིད་ལོངས་སུ་སྤྱོད་ཆོག་པ་དེ་རེད།
ཕྲ་མཉེན་གྱིས Windows 10 འགྲེམས་བསྒྲགས་བྱས་པ།
ཕྲ་མཉེན་གྱིས Windows 10 འགྲེམས་བསྒྲགས་བྱས་པ།
དེ་དང་ལྷན་དུ། ལག་འཕྲིན Windows Phone 8.1 རྒྱུད་ཁོངས་ཡང Windows 10 རུ་རིན་མེད་རིམ་སྤར་བྱ་ཆོག་ལ། ཐེངས་འདིར་རྩ་བའི་ཆ་ནས PC དང་ལག་འཕྲིན་གྱི་རྒྱུད་ཁོངས་གཅིག་གྱུར་བྱས་པ་རེད།

གཞན་ཡང་ཤེས་གསལ་ལྟར་ན། Windows ཡི་བཤར་ལྟ་ཆས་གསར་བའི་ཚབ་མིང་ལ Spartan ཟེར་གྱིན་ཡོད་པ་དང་། དེ་ནི་ཆེད་དུ Windows 10 རྒྱུད་ཁོངས་དང་འཚམ་པ་ཞིག་བཟོས་ཡོད་སྟབས། ང་ཚོས་དུས་རྒྱུན་སྤྱོད་བཞིན་པའི IE བཤར་ལྟ་ཆས་དེ་ཡང་མི་འགྱངས་པར་ཀུན་གྱི་མཐོང་ལམ་ནས་ཡལ་བར་འགྲོ་རྒྱུ་ཡིན་པ་གོར་མ་ཆག

གསར་འཕྲིན་འདི་ནི་བརྡ་འཕྲིན་ལག་རྩལ་དྲ་བའི་གསར་འགོད་པ་གླིང་སྨྱོན་གྱིས་ཕྱོགས་བསྡུས་བྱས་ནས་སྤེལ་བ་ཡིན།

ངོ་དེབ་རྒྱུད་ནས་ཡོང་བའི་གློག་འཕྲིན་རྣམས་ཇི་ལྟར་བཀག་དགོས།

 
ངོ་དེབ་ཀྱི་ཡི་གེ་རྫོགས་རྒྱུ་མེད་ཞིག་རང་ཉིད་གློག་འཕྲིན་ཡིག་སྒམ་ནང་འབྱོར་ཡོང་གི་འདུག །དེ་བཀག་ཐབས་ཤིག་ཡོད་དམ།
ངོ་ཚོས་ཤེས་གསལ་ལྟར་ངོ་དེབ་ནང་འཛུལ་རྒྱུར་རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་དང་དེ་ནས་གསང་ཨང་བཀོད་དགོས་ཀྱི་ཡོད། སྒེར་གྱི་གློག་འཕྲིན་ཁ་བྱང་དང་ངོ་དེབ་གཉིས་འབྲེལ་བ་བྱུང་བའི་ཉིན་མོ་ནས་འགོ་བཙུགས་ཏེ་རང་ཉིད་ཀྱི་གློག་འཕྲིན་ཡིག་སྒམ་ནང་ངོ་དེབ་དང་འབྲེལ་བའི་གསར་འགྱུར་རྫོགས་མཐའ་མེད་པ་འབྱོར་གྱི་ཡོད། སྐབས་རེ་དེས་རྐྱེན་པས་གློག་འཕྲིན་གལ་ཆེ་བ་དེ་རིགས་རྙེད་ཁག་ཏུ་འགྲོ་ཡི་ཡོད།

ངོ་དེབ་རྒྱུད་ན་ཡོང་བའི་གློག་འཕྲིན་ཡི་གེ་རྣམས་བཀག་དགོས་ན་གཤམ་གྱི་བརྙན་ཟློས་ནང་གསལ་བ་ལྟར་ལག་ལེན་བྱེད་ན་དཀའ་ངལ་དེ་སེལ་ཐུབ།

ཨན་གྲོལ་ཁ་པར་དང་འབྲེལ་ནས་བོད་མི་རྣམས་ཀྱིས་ཤེས་དགོས་པ།

 
བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ་ལས།
སྤྱིར་བཏང་དུ་ལག་འཁྱེར་ཁ་པར་ཞིག་ཉོ་དགོས་བྱུང་ཚེ། བོད་པ་ཚོས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་པ་ནི་ཁ་པར་དེའི་ནང་དུ་བོད་ཡིག་ཡོད་མེད་དེ་རེད། ཀུན་གྱིས་ཤེས་གསལ་ལྟར་ན། ཀུ་ཤུའི་ཁ་པར་ནང་དུ་བོད་ཡིག་ཡོད་པ་མ་ཟད་གཏག་ཐབས་ཀྱང་འདུས་ཡོད་མོད། རིན་གོང་ནི་ཅུང་མཐོ་བས་མང་ཆེ་བས་ཉོ་ཐུབ་པ་མ་རེད། དེས་ན་ཁ་པར་གཞན་པ་ནི་ཕལ་ཆེར་བའི་མ་ལག་ཨན་གྲོལ་ཟེར་བ་དེ་ཡིན་འདུག་པ་དང་། སམ་སུང་(Samsung)ཟེར་བའི་ཁ་པར་དེ་ཡག་པོ་ཞིག་ཏུ་བརྩི་བཞིན་ཡོད། དེའི་མིང་ལ་རྒྱ་ཡིག་གིས་སན་ཤིན(三星)ཅེས་འབོད་ལ། དེ་ཡང་སྒྲ་བསྒྱུར་ཡིན་པ་ལས་སྐར་གསུམ་ཟེར་བའི་དོན་ཞིག་རྩ་བ་ནས་མིན། ཡིན་ཡང་གླེན་པ་ཁ་ནག་འགས་ཅི་ཞིག་ཤེས་མདོག་གིས་སྐར་གསུམ་ཁ་པར་ཟེར་བ་ནི་དགོད་བྲོ་བ་ཞིག་རེད། ཁ་པར་དེ་ནི་ཁོ་རེ་ཡ་ལྷོ་མས་བཟོས་པ་ཞིག་ཡིན་ལ། བོད་སྐད་དུ་སྒྲ་བསྒྱུར་བྱས་ན་སམ་སུང་ཅེས་འབོད་པ་རེད། སམ་སུང་ཕུད་ད་དུང་ཨན་གྲོལ་མ་ལག་ཡིན་པའི་ཁ་པར་ནི་བགྲང་གིས་མི་ལངས་པ་ཞིག་རེད།
སམ་སུང་(Samsung)ཁ་པར།
མིག་སྔར་བོད་ཡིག་འདུས་པའི་ཁ་པར་ནི་ཨཱོ་ཕོ(OPPO)ཟེར་བ་དེ་དང་ཐོ་བ(锤子)ཟེར་བའི་རྒྱ་ནག་གི་ཁ་པར་དེ་གཉིས་ཡིན་འདུག་ཅིང་། ངེད་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཁྱེད་ཚོར་འདི་གཉིས་འོས་སྦྱོར་བྱས་པ་ཡིན། བོད་ནང་གི་ཉོ་མཁན་ཚོས་ཀུ་ཤུ་མ་ཡིན་པའི་ཁ་པར་ཁྲོད་ནས་ཐོག་མར་འདི་གཉིས་ལ་བསམ་བློ་འཁོར་ཆོག་གི་རེད།
ཨཱོ་ཕོ(OPPO / 锤子)ཁ་པར།
ཐོ་བ(锤子)ཁ་པར་ནང་དུ་བོད་ཡིག་འཇོག་པའི་གྲོས་གཞི་འདོན་མཁན་ནི་བོད་ནང་དུ་གནས་སྡོད་བྱེད་པའི་ལུག་རིན་པོ་ཆེ་ཟེར་བའི་དངོས་མིང་ལ་ཡེ་ཤེས་བསྟན་འཛིན་ཞུ་བ་དེ་རེད་འདུག་ལ། ཁོང་གིས་ཐོ་བ་ཁ་པར་ནང་དུ་བོད་ཡིག་འཇོག་པར་རམ་འདེགས་ཚད་མེད་བྱས་ཤིང་། བྱས་རྗེས་འཇོག་མཁན་གཙོ་བོ་དེ་རེད།

དེ་ནས་སམ་སུང་ཁ་པར་ལ་དགའ་མཁན་ཞིག་ཡིན་ན། ཁ་པར་དེའི་ནང་དུ་སྤྱིར་བཏང་བོད་ཡིག་འདུས་མེད་མོད། འོན་ཀྱང་རེ་འདུན་མཐོན་པོ་མེད་མཁན་ཞིག་ཡིན་ན་བོད་ཡིག་སྒྲིག་འཇུག་ཤིན་ཏུ་སླ་པོ་ཡོད་པ་རེད། རོ་ཐུ(root)བྱེད་མི་དགོས་པར་ཐད་ཀར་ iFont爱字体 ཟེར་བའི་མཉེན་ཆས་དེ་སྒྲིག་བྱེད་པ་དང་། ཁ་ཕྱེ་ཚར་རྗེས་ཀོར་ཐིག་ཚོན་མདོག་ཅན་དེ་ཚོའི་ནང་དུ་རྒྱ་ཡིག་གིས་ 藏 བོད་ཅེས་པ་ཞིག་རྙེད་ཐུབ། དེ་མནན་ཚེ་བོད་ཡིག་གི་ཡིག་གཟུགས་མང་པོ་ཡོད་ལ་རང་གི་དགའ་ཕྱོགས་ལྟར་གཅིག་འདེམས་ནས་ཕབ་ལེན་བྱ་དགོས། སྒྲིག་འཇུག་ཚར་རྗེས་སྒྲིག་འགོད(设置)ནང་ལ་བསྐྱོད་དེ། ཡིག་གཟུགས་ཀྱི་བཀོད་པ(字体风格)ཞེས་པའི་ནང་ནས་རང་གིས་སྒྲིག་འཇུག་བྱས་ཟིན་པའི་བོད་ཡིག་གི་ཡིག་གཟུགས་དེར་གཏན་འཁེལ་གནང་ན་ཏན་ཏན་ཡོང་གི་རེད། དེ་ལྟར་ཚར་རྗེས་ཡིག་གཟུགས་སྒྲིག་འཇུག་གི་བྱ་བ་ཡོངས་སུ་རྫོགས་ཤིང་། ད་ནི་བོད་ཡིག་གི་གཏག་ཐབས་སྒྲིག་འཇུག་བྱེད་དགོས་པ་རེད།

ཨན་གྲོལ་མ་ལག་ཁྲོད་དུ་བོད་ཡིག་གི་གཏག་ཐབས་འགའ་ཤས་འདུག་མོད། ངེད་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཁྱེད་ཚོར་འོས་སྦྱོར་བྱེད་པ་ནི་མིང་ལ Multiling Keyboard ཟེར་བའི་མཉེན་ཆས་དེ་ཡིན། ཕབ་ལེན་བྱེད་གནས་ནི། Multiling Keyboard མཉེན་ཆས་དེ་སྒྲིག་འཇུག་བྱེད་སྟངས་ནི་ཤིན་ཏུ་སླ་བས་འདིར་མི་འགོད། དེ་ལྟར་གྲུབ་རྗེས་ཁྱེད་ཀྱི་སམ་སུང་ཁ་པར་དུ་བོད་ཡིག་བདེ་བླགས་ངང་བཅུག་ཚར་བ་ཡིན། ཡིན་ཡང་སྐད་འཕྲིན་གྱི་འཕྲིན་སྟེགས་ཁྲོད་ཀྱི་བོད་ཡིག་རྣམས་འཐོར་འདུག་པའི་གནད་དོན་ཞིག་ལ་འཕྲད་སྲིད། གནད་དོན་དེ་སེལ་དགོས་ན་ངེས་པར་དུ་རོ་ཐུ(root)བྱེད་དགོས།
Multiling Keyboard
རོ་ཐུ(root)ཅི་ལྟར་བྱེད་དགོས་པ་དང་ཨན་གྲོལ་མ་ལག་ཁྲོད་དུ་རྩ་བའི་ཆ་ནས་བོད་ཡིག་བླུགས་སྟངས་ཤེས་འདོད་ན། ངེད་དྲ་བའི་རྩོམ་པ་པོ་རྩེ་གངས་བུ་ལགས་ནས་བཟོས་པའི་“ཨན་གྲོལ་ཁ་པར་དུ་བོད་ཡིག་སྒྲིག་འཇུག་བྱེད་སྟངས། གཟུགས་བརྙན་སློབ་ཁྲིད།”དེ་ལ་གཟིགས་རོགས་ཞུ།

ཁ་པར་ཕྲ་ཤོས་དྲུག

 
ལོ་ཤས་སྔོན་ཁ་པར་བཟོ་གྲྭ་ཚང་མས་ཁ་པར་གྱི་ནང་ཆས་ཀྱི་ཤུགས་ཚད་ཇི་མཐོར་བཏང་ཐབས་ལས་ཁ་པར་གྱི་མཐུག་ཚད་ལ་དམིགས་བསལ་དོ་སྣང་བྱེད་མེད། དེར་བརྟེན་སྔོན་མའི་ཁ་པར་མང་པོ་ཞིག་ཧ་ཅང་མཐུག་པོ་ཡོད། ཕྱི་ལོ་ ༢༠༡༤ ཟླ་དཀྱིལ་ནས་ ཕྱོ་ལོ་ ༢༠༡༥ ལོ་སྟོད་ནས་ཁ་པར་མཐུག་ཚད་ལ་འགྱུར་བ་ཆེན་པོ་ཞིག་འཐེབས་ཡོད་པ་མ་ཟད། ཚོང་རའི་ཐོག་ཁ་པར་ཕྲ་ལོས་ཀྱི་འགྲན་བསྡུར་ཞིག་ཀྱང་འགོ་བཙུགས་ཡོད། གཤམ་ལ་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༥ བར་གྱི་ནང་ཁ་པར་ཕྲ་ཤོས་དྲུག་ངོ་སྤྲོད་བྱེད་འདོད་བྱུང་།

ཨང་དང་པོ། Vivo  X5 Max – 4.75mm

ཁ་པར་མིང་། :  Vivo  X5 Max
མཐུག་ཚད། : 4.75mm
ཞེང་ཚད། : 5.5 inches 1080p super AMOLED
བྱང་བུ།  : གཉིས། dual SIM
Support: 3G and 4G
Processor: 1.7GHz 64-bit Qualcomm Snapdragon 615 octa-core
RAM :  2GB
གཤོང་ཚད། : 16GB - 128GB
དཔར་ཆས། : མདུན་ངོས་ 5mp རྒྱབ་ 13mp

ཨང་གཉིས་པ།  OPPO R5 – 4.85mm

ཁ་པར་མིང་། :  OPPO R5
མཐུག་ཚད། : 4.85mm
ཞེང་ཚད། : 5.2 inch FHD, 423 ppi
བྱང་བུ།  :
Support: 3G and 4G
Processor: Snapdragon 615, Octa-core
RAM :  2GB
གཤོང་ཚད། : 16GB
དཔར་ཆས། : མདུན་ངོས་ 5mp རྒྱབ་ 13mp

ཨང་གསུམ་པ།  GIONEE ELIFE S5.1mm

ཁ་པར་མིང་། :   GIONEE ELIFE S5.1
མཐུག་ཚད། : 5.1mm
ཞེང་ཚད། : 4.8-inch AMOLED, 1280 x 720, 306 ppi
བྱང་བུ།  : གཅིག
Support: 3G
Processor: 1.2 GH, Snapdragon 400 quad core
RAM :  1GB
གཤོང་ཚད། : 16GB
དཔར་ཆས། : མདུན་ངོས་ 5mp རྒྱབ་ 8mp
རིན་གོང་། : Rs. 18,999

ཨང་བཞི་པ།  Gionee Elife S5.5 – 5.5mm

ཁ་པར་མིང་། :   GIONEE ELIFE S5.5
མཐུག་ཚད། : 5.5mm
ཞེང་ཚད། : 5 inch Full HD AMOLED
བྱང་བུ།  : གཅིག
Support: 3G
Processor: 1.7GHz Octa Core
RAM :  2GB
གཤོང་ཚད། : 16GB
དཔར་ཆས། : མདུན་ངོས་ 5mp རྒྱབ་ 13mp
རིན་གོང་། : Rs. 22,999

ཨང་ལྔ་པ།  VIVO X3 – 5.57MM

ཁ་པར་མིང་། :   VIVO X3
མཐུག་ཚད། : 5.57mm
ཞེང་ཚད། : 5 inch
བྱང་བུ།  : གཉིས།
Support: 3G
Processor: 1.5GHz quad-core MediaTek A7 CPU, Huawei K3V2 chipset
RAM :  1GB
གཤོང་ཚད། : 16GB
དཔར་ཆས། : མདུན་ངོས་ 5mp རྒྱབ་ 8mp
རིན་གོང་། : Rs. 24,999

ཨང་དྲུག་པ།  HUAWEI ASCEND P6 – 6.18MM

ཁ་པར་མིང་། :   HUAWEI ASCEND P6
མཐུག་ཚད། : 6.18 mm
ཞེང་ཚད། : 4.7 inch
བྱང་བུ།  : གཉིས།
Support: 3G
Processor: 1.5 Ghz Quad Core
RAM :  2GB
གཤོང་ཚད། : 8GB, Card Slot upto 32GB
དཔར་ཆས། : མདུན་ངོས་ 5mp རྒྱབ་ 8mp
རིན་གོང་། : Rs. 21,999