ལག་ཐོག་ཁ་པར་ངོས་ཀྱི་མཐེབ་གཞོང་ལེགས་ཤོས་དང་བོད་ཡིག


སྐབས་རེ་ལག་ཐོག་ཁ་པར་ངོས་སུ་ཡི་གེ་བརྒྱག་རྒྱུ་ནི་ཉོབ་སྣང་སྐྱེ་གཞི་ཞིག་དང་། དུས་ཚོད་མང་པོ་འགོར་བའི་གནས་སྟངས་ཞིག་ཡོང་སྲིད། གལ་ཏེ་ཁྱེད་ཀྱི་གསུན་སྣང་དེ་དགའ་མོས་སྐྱེས་གཞི་ཞིག་ཏུ་འགྱུར་ཐུབ་པ་ཁྱེད་ཀྱིས་ཨེ་ཤེས། Touchpal X མཉེན་ཆས་དེ་ཁྱེད་ཀྱི་ལག་ཐོག་ཁ་པར་ནང་དུ་བཅུག་དང་། མཉེན་ཆས་དེ་སྤྱོད་འགོ་བཙུགས་པ་ནས་བཟུང་ཡི་གེ་བཏགས་རྒྱུར་སྤྲོ་སྣང་གསར་པ་ཞིག་བསྟེར་རྒྱུ་ཉག་ཅིག་རེད། ཟླ་ཤས་སྔོན་ནས་གུས་པས་ལག་ཐོག་ཁ་པར་གསར་པ་ཞིག་ཉོས་པ་ཡིན། དེའི་ནང་ཡི་གེ་བརྒྱག་ཆེད་ཀྱི་མཉེན་ཆས་ Touchpal X ཞེས་པ་ཞིག་རང་སྒྲིག་ཞིག་འདུག །གུས་པས་ཐེངས་དང་པོ་ཡིག་བརྒྱག་མཉེན་ཆས་དེ་བེད་སྤྱད་པ་དང་། དེར་དགའ་མོས་ཧ་ཅང་སྐྱེས་བྱུང་།

Touchpal X མཉེན་ཆས་དེ་ནི་ཨན་ཌོ་ དང་ ཨྱ་ཧྥོན་ གཉིས་ཀའི་ནང་རིན་མེད་དུ་ཕབས་ལེན་དང་སྤྱོད་མཆོག་གི་འདུག །ཡིག་བརྒྱག་མཉེན་ཆས་དེའི་བཀོད་སྤྱོད་བདེ་བ་དང་། སྤྱིར་བཏང་གི་ཡིག་བརྒྱག་མཉེན་ཆས་ལས་ལྡབ་མང་པོས་ཡི་གེ་མགྱོགས་པ་བརྒྱག་ཐུབ་ཀྱི་འདུག །འུར་མ་བཤད་ན། ད་ལྟའི་ཆར་ཡིག་བརྒྱག་མཉེན་ཆས་དེ་མཉེན་ཆས་ལེགས་ཤོས་གྲས་སུ་ཚུད་ཀྱི་ཡོད།

Touchpal X ནང་གང་བྱེད་ཐུབ་ཟེར་ན།

  • ཡི་གེ་བཏགས་པའི་སྐབས་མིང་ཚིག་མངོན་དཔག་བྱེད་ཐུབ། དེས་ཁྱེད་ལ་ཡིག་འབྲུ་རྐང་གཅིག་གཉིས་བཏགས་འགོ་བཙུགས་པ་དང་མིང་ཚིག་ཆ་ཚང་བཏགས་མི་དགོས་པའི་དགེ་མཚན་ལྡན།
  • མིང་ཚིག་དང་པོ་བརྒྱག་ཚར་བ་དང་། དེའི་རྗེས་མ་དང་། དེའི་རྗེས་མའི་རྗེས་མའི་མིག་ཚིག་གཞན་ཡང་སྔོན་དཔག་བྱེད་ཐུབ། དེས་ཁྱེད་ལ་ཚིག་སྒྲུབ་ཆ་ཚང་ཞིག་བཏགས་པར་ཡིག་འབྲུ་རྐང་ཁ་ཤས་ལས་སྣོན་མི་དགོས་པ་ཆགས་ཐུབ།
  • སྐད་སྒྲ་ཡར་བཅུག་པ་དང་། ཚིག་སྒྲུབ་ཆ་ཚང་རང་ཁུལ་གྱི་བཏགས་རོགས་བྱེད་པ།
  • འཆར་ངོས་སུ་མཛུབ་མོས་ཡི་གེ་ཐད་ཀར་བྲིས་ནས་ཡི་གེ་བཀོད་ཐུབ།
  • མཉེན་ཆས་དེའི་ནང་སྐད་ཡིག་གཞན་ཡང་བཀོད་ཐུབ། ཧིན་དྷི་དང་། རྒྱ་ཡིག །དབྱིན་ཡིག །ཀོ་རི་ཡ། བོད་ཡིག་ཀྱང་འདུག
  • མཐེབ་གཞོང་གི་རྣམ་པ་འདྲ་མི་བརྗེ་འགྱུར་བྱེད་རྒྱུ་འདུག།
  • སེམས་འཚོར་མཚོན་ཆེད་ཀྱི་དཔར་ཆུང་ཆུང་གྲངས་ལས་འདས་པ་བཀོལ་སྤྱོད་བྱེད་ཐུབ།
ཚོད་ལྟ་བྱས་པའི་རྒྱུད་བོད་ཡིག་གི་མཐེབ་གཞོང་ལ་མིང་ཚིག་མངོན་དཔག་བྱེད་ཐུབ་ཀྱི་མིན་འདུག །ངའི་རེ་བར་གལ་ཏེ་བོད་ཡིག་ནང་དུའང་ཡིག་འབྲུ་གཅིག་གཉིས་ལས་བཀོད་མི་དགོས་པར་མིང་ཚིག་དང་བརྗོད་པ་རྣམས་མངོན་དཔག་བྱེད་ཐུབ་ན། བོད་ཡིག་བཀོལ་སྤྱོད་བྱེད་མཁན་ཡོངས་ལ་བོད་ཡིག་བཏགས་རྒྱུ་ནི་ལྡབ་མང་པོས་བདེ་རུ་དང་མྱུར་དུ་འགྲོ་རྒྱུ་ཡིན་པ་སྨྲོས་མི་དགོས།

མཉེན་ཆས་དེ་ཕབས་ལེན་བྱེད་སའི་དྲ་ཚིགས་ཨ་མ་ནི། http://www.touchpal.com/


2 མཆན་གྲངས།:

  1. དྲ་ངོས་སུ་ཡོད་པའི་དྲ་བའི་རླུང་འཕྲིན་དེ་མེད་པར་ཟོ་བའམ་ཡང་ན་རང་འགུལ་མིན་པར་དྲ་མྱུལ་བའི་ཆོག་འཆན་ཁོ་ནས་སྐོ་འབྱེད་དགོས་པ་བཟོ་རོགས། དྲ་བ་སྒོ་འབྱེད་པར་དལ་དུ་གཏོང་གིན་འདུག

    ReplyDelete
    Replies
    1. སྐུ་ཉིད་ཀྱི་རེ་སྐུལ་ལྟར་དྲ་བའི་རླུང་འཕྲིན་དེ་མེད་པ་བཟོས་ཟིན། དྲ་ཚིགས་འདིར་ཡང་ཡང་ཕེབས་པར་དགའ་བསུ་ཞུ།

      Delete

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *