Google Fonts Download གུ་གུལ་གྱི་ཡིག་གཟུགས་ཕབས་ལེན་བྱེད་སྟངས།

གུ་གུལ་ཡིག་གཟུགས་ནི་རིན་མེད་ངང་སྤྱོད་མཆོག་པའི་ཡིག་གཟུགས་ཀྱི་དྲ་མཛོད་ཆེན་པོ་ཞིག་ཡིན་པ་མ་ཚད་སྒེར་དང་ཚོང་ལས་ཀྱི་ཆེད་དུ་ཡིག་གཟུགས་དེ་དག་བཀོལ་སྤྱོད་བྱེད་ཀྱང་དཔར་དབང་གི་རྙོག་དྲ་རྩ་བ་ནས་མེད། ད་ཕན་ཆར་གུ་གུལ་ཡིག་གཟུགས་ལ་བཟོ་དབྱིབས་དང་རྣམ་གྲངས་སྟོང་ཕྲག་ག་ཤས་ཟིན་ཡོད་པ་དང་། ཡིག་གཟུགས་དེ་དག་དྲ་ཚིགས་དང་ཡིག་ཆའི་ནང་འཇུག་སྐབས་མཛེས་བཀོད་ཐད་ཕྱོགས་ཡོངས་ལ་ཉམས་སྣང་གསར་པ་བྱིན་ཐུབ་ཀྱི་ཡོད།

དྲ་ཚིགས་ཀྱི་ངོས་སུ་ཡིག་གཟུགས་དེ་དག་བེད་སྤྱོད་བཏང་བདེ་པོ་ཡོད། གཙོ་བོ་ html དང་ css གི་ཡིག་ཕྲེང་གཉིས་རང་ལས་མེད་པ་དེ་དྲ་ཚིགས་ཀྱི་ html ནང་ངོས་སུ་འཇུག་སྟངས་ཤེས་ན་འགྲིགས། སྐབས་འབབ་གུ་གུལ་གྱི་ཡིག་གཟུགས་དེ་དག་ photoshop དང་ indesign དང་  Word སོགས་ཀྱི་ནང་སྤྱོད་འདོད་ན། གཤམ་གསལ་ལྟར་འགྲོ་དགོས།

འདིར་ཡིག་གཟུགས་རྣམས་ཕབས་ལེན་བྱེད་རྒྱུར་དཀའ་ངལ་གང་ཡང་མེད། ཕབས་ལེན་བྱེད་སྐབས་འདིར་གུ་གུལ་གྱི་ཡིག་གཟུགས་ཡོད་དོ་ཅོག་མར་ལེན་ཐབས་དང་། ཡང་ན་དགོས་མཁོ་ལྟར་ཡིག་གཟུགས་གཅིག་གཉིས་འདེམས་སྒྲུག་དང་ཕབས་ལེན་བྱེད་སྟངས་གཉིས་སྟོན་གྱི་ཡིན།

གུ་གུལ་ཡིག་གཟུགས་ཡོད་དོ་ཅོག་ལ་ 700MB ཙམ་ཟིན་གྱི་ཡོད་པ་དང་། ཕབས་ལེན་བྱེད་སྐབས་མཉེན་ཆས་ HTTrack དང་ Wget གང་རུང་སྤྱད་དེ་དྲ་ཚིགས་ཁ་བྱང་ googlecode.com དེ་ནས་ལེན་ན་འགྲིགས།

ལས་ལྷ་ཤོས་ནི་དགོས་མཁོའི་ཡིག་གཟུགས་དེ་དག་རེས་མོས་ཕབས་ལེན་བྱེད་རྒྱུ་དེ་ཡིན། དྲ་ཚིགས་ཁ་བྱང་ https://www.google.com/fonts/ ཐོག་ཕེབས་ནས་ཕབས་ལེན་བྱེད་ཟེར་བའི་བརྡའི་ཐོག་གནོན་ན་འགྲིགས།

ཕབས་ལེན་ཟིན་པའི་ཡིག་ཆ་དེ་ zip གྱི་རྣམ་པའི་ཐོག་ཡོད། ཡིག་ཆ་དེ་ upzip བྱེད་དགོས། དེ་ནས་ཡིག་གཟུགས་དེ་དག་གློག་ཀླད་ཀྱི་ཡིག་ཁུག་ C:\Window\Fonts\ ཐོག་བཤུ་འཇོག་བྱེད་ན་འགྲིགས།

དེ་ནས་ Word སོགས་མཉེན་ཆས་ནང་ཡི་གེ་བཏགས་ནས་ཡིག་གཟུགས་དེ་དག་འདེམས་ནས་བེད་སྤྱོད་གཏོང་ཐུབ་པ་ཆགས།
Microsoft PowerPoint ནང་གུ་གུལ་གྱི་ཡིག་གཟུགས་གསར་པ་གཉིས་བེད་སྤྱོད་བྟེད་ཁུལ་གྱི་དཔེ་མཚོན།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག