དྲ་ལམ་ཐོག་རིན་མེད་དུ་སྤྱོད་མཆོག་པའི་ཡིག་ཚང་མཉེན་ཆས་ཆ་ཚང་།

དེང་གི་དུས་སུ་དྲ་རྒྱའི་མྱུར་ཚད་གོང་མཐོར་འགྲོ་བཞིན་པ་དང་མི་རྣམས་དྲ་རྒྱའི་ཤེས་དཔལ་ལ་ལོངས་སྤྱོད་དང་དང་འདོད་ཆེ་ཆེར་འགྲོ་བཞིན་པ་དང་བསྟུན།  རྒྱུན་པར་གློག་ཀླད་ནང་སྒྲིག་འཇུག་བྱེད་དེ་སྤྱོད་དགོས་པའི་མཉེན་ཆས་མང་དག་ཞིག་དྲ་རྒྱའི་ཐོག་རིན་མེད་དུ་བེད་སྤྱོད་བྱེད་རྒྱུ་ཡོད་པ་ཆགས་འགྲོ་ཡི་འདུག །དཔེར་ན་པར་བཟོའི་མཉེན་ཆས་ Photoshop ལྟ་བུ་དྲ་རྒྱའི་སྟེང་ནས་སྤྱོད་རྒྱུ་ཡོད་པ་རྩོམ་ཡིག་ཞིག་སྔར་སྤེལ་ཡོད་ལ། དེ་ནས་གུ་གུལ་གྱི་དྲ་ཐོག་ཞབས་ཞུ་ Google Document, Google Presentation, Google Spreadsheet སོགས་ཆ་ཚང་གི་ཟིན་བྲིས་དང་། བརྙན་ཟློས་ཆ་ཚང་ཞིག་ཡུ་ཊུབ་ཐོག་སྤེལ་ཡོད། ལོ་འགའི་སྔོན་ནས་ཕྲ་མཉེན་མཉེན་ཆས་ཀུང་སིས་ཚོད་ལྟ་རབ་དང་རིམ་པ་མང་པོ་ཞིག་རྒྱུད་ནས་ད་ཆ་ཡིག་ཚང་མཉེན་ཆས་ Microsoft Office Suit ཆ་ཚང་དྲ་ཐོག་རང་ནས་སྤྱོད་ཐུབ་པ་དང་། རང་ཉིད་ཀྱི་གློག་ཀླད་ནང་ office 2007, 2010, 2013, 2015 གང་ཡང་མི་དགོས་པ་འདྲ་པོ་ཆགས་ཟིན།

དྲ་ཐོག་གི་ Office ཞབས་ཞུ་དེའི་དྲ་གནས་ནི་ www.office.com ཡིན། གལ་ཏེ་ཁྱེད་ལ་ hotmail དང་ outlook གི་གློག་འཕྲིན་ཁ་བྱང་ཡོད་ན། ཁྱེད་ཀྱི་ཐད་ཀར་དྲ་ཐོག་ office ཞབས་ཞུ་དེ་ཁ་བསྔོག་ཐུབ། དྲ་ཐོག་གི་ office ཞབས་ཞུའི་ནང་ཁྱེད་ཀྱིས་རྒྱུན་པར་སྤྱོད་བཞིན་པའི་ Word དང་ Excel, PowerPoint, OneNote སོགས་ཡོད།
པར་རིས་འདི་ནི་ chrome དྲ་མྱུལ་མཉེན་ཆས་ཐོག་ཁ་བཟོ་བཅོས་བྱེད་བཞིན་པའི་ word ཡིག་ཆ་ཞིག་རེད།
དྲ་ཐོག་ office དེའི་ཐོག་ཁྱེད་ཀྱིས་དུས་རྒྱུན་གྱི་ལས་ཀ་རྣམས་བྱེད་ཐུབ་པའི་ཁར་ཡིག་ཆ་ག་གེ་མོ་ཞིག་དྲ་ཐོག་ནས་གཞན་ལ་བལྟ་ཀློག་ཆེད་འཇོག་ཐུབ་པ་དང་། ལས་མི་མང་པོས་མཉམ་རུབ་ཐོག་ཡིག་ཆ་གཅིག་གི་སྟེང་ཞུ་དག་དང་། བཟོ་བཅོས་བྱེད་རྒྱུའི་མཐུན་རྐྱེན་ཡག་པོ་ཞིག་ཀྱང་ཡོད།

དྲ་ཐོག་ office ནང་བཟོས་པའི་ཡིག་ཆ་ཞིག་ཕབས་ལེན་བྱེད་རྒྱུའི་འདེམས་ཀ་ཡོད་པ་དང་། ཡིག་ཆའི་རྣམ་པ་ PDF , DOCX ཡང་ན་ oneDrive ནང་དུ་འཇོག་ཐུབ།

གུ་གུལ་གྱི་ཡིག་ཚང་ཞབས་ཞུ་དང་། ཕྲ་མཉེན་མཉེན་ཆས་ཀུང་སིའི་ཡིག་ཚང་ཞབས་ཞུ་དེ་གཉིས་པོའི་དམིགས་ཡུལ་དང་། བྱ་ལས་ཧ་ཅང་འདྲ་པོ་ཡོད། ཞབས་ཞུ་འདི་གཉིས་ལ་འདྲ་ས་དང་མི་འདྲ་སའི་ཁྱད་ཆོས་མང་པོ་ཡོད། དེར་བརྟེན་གཙོ་བོ་སྒེར་སོ་སོར་བེད་སྤྱོད་བཏང་བདེ་ལོས་དང་། དགོས་མཁོ་ཆེ་ལོས་ལ་རགས་ལས་ཡོད་སེམས།

རང་ཉིད་ལ་མཚོན་ན། དེ་སྔ་ཕྲ་མཉེན་མཉེན་ཆས་ཚང་གིས་དྲ་ཐོག་ཡིག་ཚང་ཞབས་ཞུ་དེ་ལེགས་སྒྲུབ་མ་བྱུང་བར་ངས་གུ་གུལ་གྱི་ཡིག་ཚང་ཞབས་ཞུ་རྣམས་ཤུགས་ཆེན་པོ་བེད་སྤྱོད་བྱེད་ཀྱི་ཡོད། ད་ཆ་དྲ་ཐོག་ office སླེབས་ཡོད་དུས་སྐབས་རེ་དགོས་མཁོའི་ཡིག་ཆ་འགའ་ཞབས་ཞུ་དེའི་སྟེང་འཇོག་གི་ཡོད། དྲ་ཐོག་ office ནང་ནས་ཆེས་ལེགས་ཤོས་སུ་མཐོང་བ་ནི་ OneNote ཞེས་པ་དེ་ཡིན། ཞབས་ཞུ་དེ་ནི་སྒེར་གྱི་ཟིན་བྲིས་བཀོད་སའི་སྟེགས་བུ་ཞིག་ཡིན། ཟིན་བྲིས་རྣམས་ཤོག་ངོས་དང་ས་བཅད་ཀྱི་ངོས་ལུ་ཉར་འཇོག་དང་། ཟིན་བྲིས་སུ་ཡི་གེ་བཏགས་པ་དང་། པར་འཇོག་པ། རི་མོ་བྲིས་པ་སོགས་གང་འདོད་དུ་བྱེད་རྒྱུ་ཡོད་ཁར། སྒེར་གྱི་གློག་ཀླད་དང་། དྲ་ཐོག །དེ་བཞིན་ལག་ཐོག་ཁ་པར་སོགས་ཀྱི་ནང་གཅིག་བསྒྱུར་ཏུ་འཆར་ཐུབ་པའི་དགེ་མཚན་བླ་ལྷག་ཞིག་མཐོང་། དེར་བརྟེན་གུས་པས་ཉེ་ཆར་གློག་ཀླད་འཛིན་གྲྭའི་སློབ་མཚན་འཆར་བཀོད་རྣམས་ OneNote གྱི་སྟེང་དུ་བཟོ་འགོ་བཙུགས། འདིར་གཟིགས། http://1drv.ms/19ecQUq

ཕྲ་མཉེན་མཉེན་ཆས་ཀུང་སིས་དྲ་ལམ་ཡིག་ཚང་ཞབས་ཞུ་རྣམས་དྲ་མྱུལ་མཉེན་ཆས་དང་། ཨྱ་ཧྥོན། ཨྱ་པེཊ། ཨན་ཌོ་མ་ལག་སོགས་ཀྱི་ནང་འཇུག་རྒྱུ་འདུག །ཁྱེད་ཀྱིས་ཚོད་ལྟ་ཞིག་བྱེད་དང་མཁྱེན་ངེས་སེམས།

ངའི་བསམ་པར་ཉིན་ཞིག་མཉེན་ཆས་གང་ཡང་ (དཔེར་ན། Indesign, Flash, Illustrator, Photoshop སོགས་ ) རྩིས་འཁོར་ནང་ཕབས་ལེན་དང་སྒྲིག་འཇུག་བྱེད་མི་དགོས་པར་ཆ་ཚང་དྲ་ཐོག་ཏུ་སྤྱོད་ཐུབ་པའི་དུས་ཚོད་ཞིག་ཤར་ན་སྙམ།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *