Retro Computer Meseum རི་ཁྲོར་གློག་ཀླད་འགྲེམས་སྟོན་ཁང་།


ང་ཚོས་ངོས་འཇམ་གྱི་ ཊེ་བྷེ་ལེཊ་ (tablet) དང་ ལེབ་ཊོབ་ (laptop) གསར་པའི་ནང་གཙོ་འཁོར་མ་ལག processor ཐོན་གསར་ཤོས་ལྡན་པ་དེ་དག་ལ་དགའ་ཞེན་ཆེན་པོ་ཡོད་པ་ལྟར་འཕྲུལ་ལས་མཁས་ཅན་པའི་སེམས་ངོས་སུ་འདས་ཟིན་པའི་གློག་ཀླད་དང་འཕྲུལ་ཆས་རྙིང་པ་དེ་དག་ལ་ཡང་རིན་ཐང་ཆེན་པོ་འཛིན་བཞིན་ཡོད། གལ་ཏེ་སྐད་ཆ་འདི་ཁྱེད་ཀྱིས་བདེན་པ་རེད་བསམ་ན། ཁྱེད་རང་དང་ང་ཚོ། དེ་བཞིན་ Leicester ས་གནས་སུ་བཙུགས་པའི་ རི་ཁྲོར་གློག་ཀླད་འགྲེམས་སྟོན་ཁང་ (Retro Computer Meseum) གི་འགོ་འཛིན་སྐུ་ཞབས་ ཨན་ཌི་ སི་པན་སར་ ( Mr. Andy Spencer) དང་བསམ་བློ་འཁོར་སྟངས་གཅིག་པ་རེད།

ཆ་ཚང་དྭང་བླངས་ཐོག་ ༢༠༠༨ ལོར་ རི་ཁྲོར་གློག་ཀླད་འགྲེམས་སྟོན་ཁང་དེ་ཐོག་མར་འགོ་བཙུགས་པ་དང་དེའི་སྐབས་སུ་སྐུ་ཞབས་ སི་པན་སར་ རང་ཉིད་ཀྱིས་ཉར་ཚགས་བྱེད་པའི་གློག་ཀླད་རྙིང་པ་ ༢༥ ལས་མེད། སྟབས་ལེགས་པ་ཞིག་ལ་མི་ཚོས་ཞལ་འདེབས་བྱུང་བ་ལས་ད་ཆ་གློག་ཀླད་གྲངས་ ༡༠༠༠ བསྒལ་ཟིན། འདུ་རུབ་ཁོངས་སུ་ Ataris དང་ ཕྱི་ལོ་ 1990 ནང་ W Industries གྱིས་བཟོས་པའི་ Virtual-Reality འཕྲུལ་ཆས་ཐོག་མའི་གྲས་དེ་དག་ཀྱང་ཡོད་འདུག

འགྲེམས་སྟོན་ཁང་དེའི་ནང་འཕྲུལ་ཆས་རྙིང་པ་ ༥༠ ཟླ་རེའི་ནང་རེས་མོས་བྱེད་དེ་འགྲེམས་སྟོན་བྱེད་ཀྱི་ཡོད་འདུག །གལ་ཏེ་གློག་ཀླད་རྙིང་པ་གཡུག་དགོས་རིགས་ཡོད་ན། ཁོང་ཚོའི་དྭངས་བླངས་ལས་མིས་སྒོ་འགྲམ་དུ་ལེན་དུ་ཡོང་བའི་འབྲེལ་མཐུད་ཞབས་ཞུའང་ཡོད་འདུག

འགྲེམ་སྟོན་ཁང་དུ་ཡོད་པའི་འཕྲུལ་ཆས་རྙིང་པ་དེ་དག་ཆ་ཚང་སྔར་མུས་བཞིན་ལས་ཀ་བྱེད་ཐུབ་པ་མ་ཟད་གཟིགས་སྐོར་ལ་ཕེབས་མཁན་ཚོས་བེད་སྤྱོད་དང་ཚོད་ལྟ་བྱེད་མཆོག་གི་འདུག །བཅར་འདྲིའི་སྐབས་སྐུ་ཞབས་སི་པན་སར་གྱིས་སྤྲོ་སྣང་ཆེན་པོས་གསུངས་གསལ་ "ངའི་དགའ་ཤོས་ནི། Sinclair ZX81 དང་ ZX Spetrum དེ་ནས་ Commodore 64 བཅས་ཡིན། སྤྱིར་བཏང་ཅ་ལག་དེ་རེ་རེ་ལ་དེའི་དམིགས་བསལ་གྱི་ལེགས་ཆ་རེ་ཡོད་པ་མ་ཟད། ང་ཚོས་གསོག་འཇོག་བྱེད་པའི་མཉེན་ཆས་ཀྱི་འོད་སྡེར་དེ་དག་ཀྱང་བལྟ་འོས་པ་ཞིག་ཡིན།"

རི་ཁྲོར་གློག་ཀླད་འགྲེམ་སྟོན་ཁང་དེ་རེས་གཟའ་ཉི་མའི་ཞོགས་པ་ཆུ་ཚོད་ ༡༡ ནས་དགོང་དྲོ་ཆུ་ཚོད་ ༥ བར་སྒོ་ཕྱེ་གི་ཡོད་པ་དང་འགྲེམ་སྟོན་ཁང་དུ་འཛུལ་བར་མི་རྒན་པར་ £6.50 དང་ཕྲུ་གུར་ £3.50 ཡིན་འདུག །འགྲེམས་སྟོན་ཁང་དེའི་སྐོར་རྒྱས་པ་དྲ་ཚིགས་འདིར་གཟིགས། www.retrocomputermuseum.co.uk

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག