ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་བརྙན་འཕྲིན་དབུ་འཛུགས།


ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ཚིགས་ http://www.rfa.org/tibetan/ ངོས་སུ་གནས་ཚུལ་སྤེལ་གསལ། འདི་ལོ་བོད་ཀྱི་ལོ་གསར་ཉིན་མོ་ནས་འགོ་བཙུགས་ཏེ་གཟའ་འཁོར་རེའི་རེས་གཟའ་མིག་དམར་དང་། ཕུར་བུ། སྤེན་པའི་ཉིན་བརྙན་འཕྲིན་ཐད་གཏོང་གི་ལམ་ནས་གནས་ཚུལ་རྒྱང་བསྲིངས་ཞུ་རྒྱུའི་སྐོར་བཀོད་འདུག


ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ཚིགས་ལས།

བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བརྙན་འཕྲིན་ཤར་གཏོང་དབུ་འཛུགས་ཞུ་རྒྱུ་རེད།
ང་ཚོའི་བརྙན་འཕྲིན་འགོ་འཛུགས་ཀྱི་ལས་རིམ་འདི་བོད་ཤིང་ལུག་གནམ་ལོ་གསར་ཚེས་ཉིན་དབུ་འཛུགས་རྒྱང་སྲིང་ཞུ་རྒྱུ་ཡིན།  རྒྱང་སྲིང་ལས་རིམ་བོད་ནང་གི་ཉིན་རེའི་ཕྱི་དྲོའི་ཆུ་ཚོད་དྲུག་པ་དང་། རྒྱ་གར་ནང་ཉིན་གུང་ཆུ་ཚོད་གསུམ་དང་ཕྱེད་ཀ། བལ་ཡུལ་ནང་ཉིན་གུང་ཚོུད་གསུམ་དང་སྐར་མ་བཞི་བཅུ་ཞེ་ལྔའི་ཐོག་ Telstar 18རྟགས་ཅན་གྱི་མི་བཟོས་སྲུང་སྐར་ནས་བཏང་པའི་རྒྱང་སྲིང་ལས་རིམ་ཐོག་གཟིགས་ཐུབ་པ་དང་། སྲུང་སྐར་འདིའི་ཐོག་VOA བོད་སྐད་བརྙན་འཕྲིན་ཡང་རྒྱང་སྲིང་ཞུ་བཞིན་ཡོད་པ་རེད།
གཟའ་འཁོར་གཅིག་ནང་རྒྱང་སྲིང་ཐེངས་གསུམ་ཞུ་རྒྱུ་ནི་གོང་གི་དུས་ཚོད་ཐོག་གཟའ་མིག་དམར་དང་། ཕུར་བུ། སྤེན་པ་སོ་སོར་རྒྱང་སྲིང་ཞུ་རྒྱུ་དང་། དེ་དག་གཟའ་ལྷག་བ་དང་། པ་སངས་། ཉི་མ་བཅས་པར་བསྐྱར་གཏོང་བྱེད་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་གནང་རོགས།



དེ་བཞིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ཚིགས་ཀྱི་བཟོ་བཀོད་ལ་ཡང་བཟོ་བཅོས་དང་། གནས་ཚུལ་དབྱེ་གསེས་དང་སྒྲིག་བཀོད་བྱེད་སྟངས་དེས་སྔོན་ལས་ལེགས་པ་ཆགས་འདུག །


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *