Gmail གློག་འཕྲིན་རྒྱུད་ཕན་ཚུལ་བར་དངུལ་བཏང་ཐུབ་པ།

གུ་གུལ་གྱིས་ཉེ་ཆར་དབྱིན་ཡུལ་དུ་རང་ལོ་ ༡༨ ཟིན་པ་རྣམས་ཀྱིས་ gmail གློག་འཕྲིན་ཞབས་ཞུ་དེའི་རྒྱུད་ཕན་ཚུན་བར་དངུལ་བཏང་རེས་བྱེད་ཐུབ་པ་བཟོས་ཡོད། ཞབས་ཞུ་དེས་མི་ཕན་ཚུལ་བར་དངུལ་བཏང་རྒྱུ་ལས་ལྷ་པོ་ཆགས་ཡོད་པ་དང་། དངུལ་བཏང་ཐེངས་རེ་ལ་དངུལ་གྲངས་ £5,000 ལྷག་བཏང་མཆོག་གི་མིན་འདུག

ཞབས་ཞུ་དེ་བེད་སྤྱོད་བཏང་ཐུབ་རྒྱུར་དང་པོ་སོ་སོའི་དངུལ་ཁང་གི་མིང་བྱང་དང་། Google Wallet གཉིས་བར་འབྲེལ་མཐུད་བྱེད་དགོས། དེ་གཉིས་འབྲེལ་མཐུད་བྱུང་མཚམས་ཁྱེད་ནས་གུ་གུལ་གྱི་དྲ་ཐོག་ཉོ་ཚོང་ཞབས་ཞུ་ Google Playstore ནས་དེབ་དང་། དངོས་ཆས། མཉེན་ཆས་གང་འདོད་ཉོ་ཐུབ་པ་མ་ཟད། ཕྱི་ལོག་གི་ཚོང་ཁང་མང་པོའི་ནང་ Google Wallet སྤྱོད་ཐུབ། གཤམ་གྱི་ཡུ་ཊུབ་ཀྱི་བརྙན་ཐུང་དེའི་ནང་དཔེ་མཚོན་བྱེད་ཡོད་པ་དེར་གཟིགས།
Gmail ནས་རོགས་པ་གཞན་ལ་དངུལ་བསྐུར་དགོས་ན། དང་པོ་ compose ཞེས་པའི་ཐོག་ཡི་གེ་འབྲི་ས་ཁ་འབྱེད་དགོས། གློག་འཕྲིན་བཏང་ཡུལ་གྱི་ཁ་བྱང་བཀོད་པ་དང་། ཡི་གེའི་ནང་དོན་བཀོད་པ། དེ་ནས་གཤམ་འོག་དེར་རྟགས་ £ ཡང་ན་ $ འདིར་གཅིག་གནོན་དང་། དངུལ་གྱི་ཁ་གྲངས་བཀོད་དེ་ Send ལ་བཞུས་ན་འགྲིགས། དེར་དངུལ་བསྐུལ་ཡུལ་དེ་ཡང་དངུལ་ཁང་གི་མིང་བྱང་དང་ཁོ་པའི་ google wallet གཉིས་འབྲེལ་བྱེད་ཟིན་པ་ཞིག་ཡིན་དགོས།

དངུལ་ཁང་གི་མིང་བྱང་དང་། google wallet གཉིས་བར་འབྲེལ་མཐུད་མ་བཟོས་པ་ཚོས་ Credit Card སྤྱད་ན་འགྲིགས་མོས་དེར་ཞབས་ཞུའི་རིན་པར་བརྒྱ་ཆ་ 2.9% ལེན་གྱི་འདུག

ཞབས་ཞུ་དེའི་རྒྱུད་དངུལ་ཁང་མིང་བྱང་གཅིག་ནས་དངུལ་ཁང་གི་མིང་བྱང་གཞན་ཞིག་གི་ཐོག་དངུལ་ཐད་ཀར་བཏང་རེས་ཐུབ་ཀྱི་ཡོད་དུས། Western Union དང་། Money Gram, PayPal དེ་ཚོ་ལྟར་མི་དོ་དག་སོ་སོ་ས་གནས་ཞིག་ཏུ་ ID དང་ངོས་འཛིན་གྱི་ཡིག་ཆ་འཁུར་ཏེ་དང་ལེན་བྱེད་དགོས་པའི་རྙོག་དྲ་དེ་འདྲ་མེད། ཞབས་ཞུ་དེ་ད་ལྟ་དབྱིན་ཡུལ་དང་། ཨ་རི་གཉིས་ལས་སྒོ་ཕྱེ་མིན་འདུག །ཞབས་ཞུ་དེ་ཧ་ཅང་ལས་ལྷ་པོ་དང་བདེ་འཇགས་ཡོད་པས། མགྱོགས་མྱུར་རྒྱལ་ཁབ་གཞན་དུའང་སྒོ་མོ་ཕྱེ་སྲིད།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག