wechat v1.0 Beta གློག་ཀླད་པར་མའི་སྐད་འཕྲིན་གསར་པ་ཞིག


ཕྱི་ཟླ་ ༡ ཚེས་ ༢༧ ཉིན་སྐད་འཕྲིན་ཨ་མའི་དྲ་ཚིགས་ངོས་སུ་ཚོད་ལྟའི་ཐོག་ཡོད་པའི་ wechat v1.0 Beta དེ་ཕབས་ལེན་ཆེད་དུ་ཁྲོམ་གྲགས་བྱེད་འདུག །མཉེན་ཆས་འདི་ནི་སྐར་ཁུང་གཙོ་འཁོར་མ་ལག་ཏུ་སྒྲིག་འཇུག་བྱེད་རྒྱུ་ཡོད་པའི་སྐད་འཕྲིན་ཞིག་ཡིན། སྒྲིག་བཀོད་དང་བཀོལ་སྤྱོད་ཐད་ཕལ་ཆེར་དེ་སྔ་ནས་ཡོད་བཞིན་པའི་དྲ་མྱུལ་མཉེན་ཆས་སྤྱད་དེ་ web.wechat.com འགྲོ་སྟངས་དང་འདྲ་པོ་ཡོད། དེ་གཉིས་མི་འདྲ་ས་ནི། web.wechat.com ནི་རང་གི་གློག་ཀླད་ནང་ཡོད་པའི་དྲ་མྱུལ་མཉེན་ཆས་ chrome, firefox, expolorer སོགས་གང་རུང་སྤྱད་དེ་སྐད་འཕྲིན་སྤྱོད་མཆོག ། wechat v1.0 Beta ནི་མཉེན་ཆས་རང་དགར་ཕབས་ལེན་དང་གློག་ཀླད་ནང་སྒྲིག་འཇུག་བྱས་རྗེས་བེད་སྤྱོད་བཏང་ཐུབ།

ངས་གདང་ནུབ་ཚོད་ལྟ་བྱེད་པའི་རྒྱུད་སྐད་འཕྲིན་མཉེན་ཆས་དེ་རྒྱ་ཡིག་སྒང་ལ་རེད་འདུག །འོང་ཀྱང་བེད་སྤྱོད་བཏང་སྐབས་དཀའ་ཚེགས་གང་ཡང་མིན་འདུག །དོ་སྣང་གཞན་ཞིག་བྱུང་བ་ནི། མཉེན་ཆས་དེའི་ནང་ཡི་གེ་བཏགས་པ་དང་པར་བསྐུར་ཐུབ་ཀྱང་། སྐད་དང་སྒྲ་རིགས་བསྐུར་ཐུབ་པའི་མཐུན་རྐྱེན་མིན་འདུག །གཅིག་བྱས་ན་ད་ལྟ་ཚོད་ལྟའི་ཐོག་འགྲོ་བཞིན་པ་དང་རྗེས་ཕྱོགས་མཉེན་ཆས་ཆ་ཚང་ལེགས་སྒྲུབ་བྱུང་མཚམས་འཆད་ལྷག་དེ་དག་མེད་པ་ཆགས་ངེས་རེད་སྙམ།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག