སྐུད་མེད་དྲྭ་ལམ་གི་Driver ལས་ཀ་བྱེད་ཀྱི་མི་འདུག

དྲི་བ་བཏང་མཁན། ཚེ་རིང་ཆོས་རྒྱལ།

ངའི་གློག་གླད་ནི་lenovo B560 ཡིན་པ་དང། ངའི་གློག་ཀླད་ཀྱི་Driverབརྗེ་པོ་རྒྱབ་དགོས་ཀྱི་འདུགགང་ཡིན་ཟེརན་ངའི་གློག་ཀླད་ཀྱི་Driver ཁ་ཤས་ལས་ཀ་ཡག་ལས་ཀྱི་མི་འདུག དཔེར་ན་སྐུད་མེད་དྲྭ་ལམ་གི་Driver ལས་ཀ་བྱེད་མི་འདུག རྗེ་པོ་རྒྱབ་བཏང་ཡག་ཤོས་བྱུང་བརྙན་བཟློས་དེ་མ་བྱུང་ན་ཡིག་ངག་གང་རུང་ཡོད་པ་ཞུ།

གྲོགས་ཚེ་རིང་ཆོས་རྒྱལ་ལགས།

སྔ་མ་དང་མི་འདྲ་བ་དེང་གི་ཆར་གློག་ཀླད་ཀྱི་ དྲེ་ཝོར་(driver) དགོས་གལ་རིགས་ཆ་ཚང་དྲ་ཐོག་ནས་ཕབས་ལེན་བྱེད་རྒྱུ་བཞག་པ་ལས་ CD དང་ DVD བཟོས་ཏེ་སྤྲོད་ཀྱི་མེད་པ་ང་ཚོས་མཐོང་ཆོས་སུ་འགྱུར་ཡོད།  དེར་བརྟེན་གློག་ཀླད་སོ་སོའི་ཀམ་པ་ཎི་ (company) གང་ཡིན་པ་དེ་དེའི་དྲ་ཚིགས་ཨ་མའི་ཐོག་ཕྱིན་ནས་རྩད་འཚོལ་རོབ་རམ་བྱེད་དགོས།

ཁྱེད་ཀྱི་གློག་ཀླད་ནི་ Lenova ཀམ་པ་ཎི་ཡིན་དུས་དྲ་ཚིགས་ཁ་བྱང་ཨ་མ་ http://www.lenovo-driver.com དེའི་ནང་འགྲོ་ན་ Lenova གི་གློག་ཀླད་ཡོད་དོ་ཅོག་གི་དྲེ་ཝོར་རྙེད་ཐུབ།

གཤམ་གྱི་དྲ་ཐག་དེ་ནི་ཁྱེད་ཀྱི་འཚོལ་བཞིན་པའི་དྲེ་ཝོར་ཆ་ཚང་ཡོད། གང་དགོས་རན་པོ་འདེམས་ནས་ཁྱེད་ཀྱི་རྩིས་འཁོར་ནང་སྒྲིག་འཇུག་བྱེད་ན་འགྲིགས།
http://www.lenovo-driver.com/lenovo-drivers/lenovo-lenovo-b560-notebook-drivers-download

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག