ལག་ཐོག་ཁ་པར་ནང་བོད་ཡིག་དྲ་ཚིགས་བཙན་གྲོལ་གཏོང་།

དེང་ཁ་པར་གྱི་དར་སོ་ཆེ་ཆེར་སོང་ཡོད་པ་དང་། དྲ་ཐོག་ཏུ་བཞུག་མཁན་བརྒྱ་ཆ་ 25% ནི་ལག་ཐོག་ཁ་པར་ནང་ནས་ཡིན། བརྒྱ་ཆ་ 25% ནི་ཧ་ཅང་མཐོ་པོ་ཡིན་པ་དང་། ཚོང་ལས་ལ་མཉེར་མཁན་ཀུན་གྱིས་གནད་ཀ་དེ་མཐོང་བའི་ཐོག་ཚོང་ལས་ཀྱི་དྲ་ཚིགས་ཡོད་དོ་ཅོག་ཁ་པར་ནང་དཀའ་ངལ་མེད་པར་འཆར་ཐུབ་པ་བྱེད་ཀྱི་ཡོད། འདིར་རང་ཅག་བོད་ཡིག་དང་བོད་ཡིག་དྲ་ཚིགས་ནི་གྲངས་ཚད་མཐོ་པོ་སླེབས་ཡོད་ཀྱང་། དུས་དང་མཐུན་པའི་འགྱུར་བཅོས་དང་ཡར་རྒྱས་བཏང་དགོས་པ་མང་དག་ཞིག་མཆིས། གཅིག་ནི་དྲ་ཚིགས་བཟོ་ཐུབ་པ་ཙམ་མིན་པར་དྲ་ཚིགས་ནང་ཉིན་རེ་དང་བདུན་རེའི་མཚམས་སུ་ནང་དོན་གསར་འཇུག་བྱེད་དགོས། དེ་མིན་དྲ་ཚིགས་གཅིག་ཡོད་ཀྱང་ལོ་ནས་ལོ་བར་དེ་མུར་གཡུག་བཞག་པ་མང་དག་ཞིག་མཐོང་། བོད་ཕྱི་ནང་གཉིས་ཀར་དེའི་སྐྱོན་ཆ་ཆེན་པོ་ཞིག་མཐོང་།

སྐབས་ཐོག་ངས་འདིར་ཆད་འདོད་པ་ནི། ད་ཡོད་བོད་ཡིག་དྲ་ཚིགས་དེ་དག་ལ་ངེས་པར་དུ་ཡར་རྒྱས་གཏོང་དགོས་པ་གཅིག་ཡོད་པ་ནི། བོད་ཡིག་དྲ་ཚིགས་དེ་དག་ལག་ཐོག་ཁ་པར་ཆ་ཚང་ན་དཀའ་ཚིགས་དང་རྒྱུ་རྐྱེན་གང་ལ་ཡང་རེ་མི་དགོས་པར་འཆར་ཐུབ་པ་བྱེད་དགོས་པ་དེ་རེད་འདུག །ཡང་བསྐྱར་གཅིག་ལབ་ན། ལག་ཐོག་ཁ་པར་ནང་བོད་ཡིག་ཡོད་ཀྱང་རུང་མེད་ཀྱང་རུང་། ལག་ཐོག་ཁ་པར་དེ་ཀུ་ཤུ་རྟགས་ཅན་ནམ། ཨན་ཌོའམ། དེ་མིན་གྱི་ཁ་པར་གང་ཞིག་ཡིན་རུང་བོད་ཡིག་དྲ་ཚིགས་གཙང་མ་ཤར་ཐུབ་པ་བྱེད་རྒྱུ་དེ་ཆགས་འདུག །བོད་ཡིག་བཏགས་ཐུབ་མིན་ནི་གནད་དོན་གཞན་ཞིག་རེད།

དེ་ལྟར་ངས་དུས་ཡུན་རིང་པོ་ཞིག་རྒྱུད་པའི་ནང་བོད་ཡིག་དྲ་ཚིགས་མི་ཉུང་བ་ཞིག་བཟོས་ཟིན་ལ། དྲ་ཚིགས་རེ་རེ་བཟོས་ཟིན་པ་དང་དྲ་ཚིགས་འདི་ངས་ལག་ཐོག་ཁ་པར་ནང་ཇི་ལྟར་ཤར་ཐུབ་པ་དང་དམིགས་བསལ་བོད་ཡིག་ཡི་གེ་དེ་དག་འཆར་ཐུབ་མིན་ཉམས་ཞིབ་དང་ཚོད་ལྟ་གྲངས་མེད་ཞིག་བྱས། ངའི་དམིགས་ཡུལ་གཙོ་བོ་གོང་དུ་བཤད་ཟིན་པ་ལྟར་། བོད་ཡིག་དྲ་ཚིགས་དེ་ལག་ཐོག་ཁ་པར་ཚང་མའི་ནང་གཅིག་འགྱུར་ཏུ་ཤར་ཐུབ་པ་དང་། ལག་ཐོག་ཁ་པར་ནང་བོད་ཡིག་ཡོད་མེད་ལ་མ་གཏོས་པར་བོད་ཡིག་དྲ་ཚིགས་ཤར་ཐུབ་པ་བྱེད་རྒྱུ་དེ་ཡིན། སྟབས་འཁེལ་བ་ཞིག་ལ་གདང་ནུབ་གང་བློ་ལ་འཆར་བ་དེ་གློ་བུར་དུ་རྙེད་སོང་། ངས་འདིར་ལྷ་སྒྲུང་ངམ་གྲུབ་མི་ཐུབ་པའི་བསམ་ཚུལ་ཞིག་བཤད་པ་མིན། ཁྱེད་ཀྱི་ལག་ཐོག་ཁ་པར་ནང་བོད་ཡིག་མེད་ཀྱང་གཤམ་འོག་གི་བོད་ཡིག་དྲ་ཚིགས་དེ་དག་འཆར་ཐུབ་པ་བཟོ་ཐུབ་སོང་། ཁྱེད་ཀྱིས་ཚོད་ལྟ་ཞིག་གྱིས་དང་།

http://www.gyama.org
http://www.scienceintibetan.org
http://lhaktsek.blogspot.com
http://tehorsonam.blogspot.com
http://muthak.blogspot.com
http://thoepaga.blogspot.com


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *