རོ་མངར་སྐོར་གླེང་བ།

བྱིས་པ་མངར་ཆར་དགའབའི་རྒྱུ་མཚན་ཅི་རེད།

སྤྱིར་ན་བྱིས་པ་ཚང་མས་མངར་ཆ་ཟ་རྒྱུར་ཧ་ཅང་དགའ་པོ་ཡོད་པ་རེད། བྱིས་པ་མངར་ཆར་དགའ་བའི་རྒྱུ་མཚན་ཅི་རེད་ཅེས་ཁྱེད་ལ་དྲིས་ན་ཁྱེད་ཀྱིས་མངར་ཆའི་རིགས་ཞིམ་པོ་ཡོད་ོཔས་རེད་ཅེས་གསུང་ངེས་རེད། འོན་ཀྱང་དེ་ཕུད་པའི་རྒྱུ་མཚན་གཞན་དག་ཇི་ཡོད་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ།

དོན་དམ་དུ་མངར་ཆའི་རིགས་ཀྱི་དངོས་པོ་ནི་མིའི་ལུས་ཁམས་འཚར་བར་མེད་དུ་མི་རུང་བ་ཞིག་ཡིན་ཞིང་།  ཕྲུ་གུ་དམར་འབྱར་གྱིས་ཨ་མའི་འོ་མ་འཐུང་དགོས་པའི་རྒྱུ་མཚན་ནི་དེའི་ནང་ལ་མངར་ཆ་ཡོད་པས་ཡིན་ཞིང་།  དེ་བཞིན་ང་ཚོའི་བཟའ་བཅའ་གཙོ་བོ་དཔེར་ན་འབྲས་དང་གྲོ་ཞིབ་སོགས་ཚང་མའི་ནང་དུ་མངར་ཆའི་རིགས་ཀྱི་དགོས་པོ་ཧ་ཅང་མང་པོ་ཡོད་པ་རེད་།

མངར་ཆའི་བྲོ་བ་ནི་མངར་མོ་རེད།་མིའམ་སྲོག་ཆགས་གཟན་དག་གི་ལྕེའི་དབང་པོས་རོ་མངར་ཚོར་བར་ཆ་རྐྱེན་གཉིས་འཛོམ་དགོས་པ་སྟེ། གཅིག་ནི་སྲོག་ཆགས་ཀྱི་ལྕེའི་ཏོག་ལ་རོ་མངར་ཚོར་བའི་དབང་པོ་ཡོད་དགོས་པ་དང། གཅིག་ནི་རོ་མངར་ཚོར་བའི་དབང་པོ་དེ་མངར་ཆའི་རིགས་ཀྱི་དངོས་པ་དང་འབྲེལ་གཏུག་བྱེད་དགོས་ཤིང། བྱི་བ་དང། སྤྲེའུ་སོགས་སྲོག་ཆགས་ཀྱི་ལྕེའི་ཐོག་ལ་རོ་མངར་ཚོར་བའི་དབང་པོ་ཡོད་སྟབས། དེ་ཚོར་མིའི་རིགས་དང་འདྲ་བར་རོ་མངར་གྱི་ཚོར་བ་ཡོད་ཅིང། བྱ་དེ་དང། ཞི་མི་སོགས་སྲོག་ཆགས་ཀྱི་ལྕེའི་ཐོག་ལ་རོ་མངར་ཚོར་བའི་དབང་པོ་མེད་པས་དེ་ཚོར་བཟའ་བཅའ་མངར་ཤོས་ཀྱི་རིགས་སྟེར་ནའང་རོ་མངར་གྱི་ཚོར་བ་ཡོང་ཐབས་མེད་པ་རེད།

མངར་ཆ་ཟེར་བ་དེ་རོ་མངར་དངོས་པོ་ཡིན་ནམ།

མི་རྣམས་ཀྱིས་བྲོ་བ་མངར་མོ་ཡིན་པའི་དངོས་པོ་ཡོད་ཚད་ལ་རོ་མངར་དངོས་པོ་ཟེར་གྱི་ཡོད་པ་རེད། རོ་མངར་དངོས་པོའི་སྐོར་བརྗོད་མ་ཐག་མི་ཚང་མས་ལམ་སང་བྱེ་མ་ཀ་ར་དང་ཤེལ་ཀ་ར་སོགས་དྲན་གྱི་རེད། དོན་དུ་ང་ཙོས་སྤྱིར་བཏང་བཤད་པའི་མངར་ཆ་ནི་བཟའ་བྱའི་མངར་ཆ་དང་མངར་ཆས་བཟོས་པའི་བཟའ་བཅའི་རིགས་ཀྱི་སྤྱི་མིང་རེད། འོན་ཀྱང་རྫས་འགྱུར་རིག་པ་བ་རྣམས་ཀྱིས་བལྟས་ན་མངར་ཆ་ཟེར་བ་དེ་ནི་མངར་ཆའི་རིགས་ཀྱི་ཐོན་ཆུའི་འདྲེས་སྦྱོར་དངོས་པོའི་སྤྱི་མིང་ཡིན་ཞིང་། དེའི་ཁོངས་སུ་རྒུན་འབྲུམ་གྱི་མངར་ཆ་དང་། ཤིང་འབྲས་ཀྱི་མངར་ཆ། བུ་རམ་ཤིང་གི་མངར་ཆ། ཕིང་རྩམ་སོགས་གཏོགས་ཡོད་པ་དེ་དག་ཐུན་མོང་ལས་མངར་ཆའི་རིགས་ཀྱི་འདྲེས་སྦྱོར་དངོས་པ་བྱུང་བ་རེད།

མངར་ཆའི་རིགས་ཀྱི་འདྲེས་སྦྱོར་དངོས་པོ་མིན་པའི་རོ་མངར་དངོས་པོ་ད་དུང་སྣ་ཁ་མང་པོ་ཡོད་པ་དཔེར་ན། ང་ཚོ་ཚང་མསར་རྒྱུས་མངའ་ཡོད་པའི་རྒྱ་སྐད་དུ་ཐང་ཅིང་ཞེས་པའི་མངར་བཅུད་དེ་བྲོ་བ་ཧ་ཅང་མངར་མོ་ཡིན་ཡང་མངར་ཆའི་རིགས་ཀྱི་འདྲེས་སྦྱོར་དངོས་པོ་མིན། ད་ཕན་ལོ་བཅུ་ལྷག་ཙམ་རིང་འཛམ་གླིང་ཐོག་རོ་མངར་དངོས་པོའི་སྣ་རིགས་འཕེལ་རྒྱས་ཧ་ཅང་མགྱོགས་པོ་བྱུང་སྟེ། 1970 ལོར་སྣ་ཁ་ 200 ལྷག་ཙམ་ལས་མེད་ཀྱང། 1983 ལོར་སྣ་ཁ་ 1000 ལྷག་ཙམ་བར་འཕེལ་རྒྱས་བྱུང་བར་མ་ཟད། ཚན་རིག་པ་རྣམས་ཀྱིས་ད་བར་ད་དུང་རོ་མངར་དངོས་པའི་གསར་པརྒྱུན་ཆད་མེད་པར་འདྲེས་སྦྱོར་བྱེད་བཞིན་ཡོད། གོང་གསལ་རོ་མངར་དངོས་པོ་སྣ་ཁ་ 1000 ལྷག་ཙམ་དེ་ཚོ་རིགས་ 50 ལྷག་ཙམ་དུ་བགོས་ཅོག་ཅིང། མངར་ཆའི་རིགས་ཀྱི་འདྲེས་སྦྱོར་དངོས་པོ་ནི་དེ་ཚོའི་ནང་གི་རིགས་གཅིག་ཙམ་རེད།

མངར་ཆའི་ནང་གི་རྒྱལ་པོ་དེ་སུ་རེད།

དངོས་པོའི་བྲོ་བ་མངར་ལོད་ཀྱི་ཚད་ལ་མངར་ཚད་ཟེར། ཚན་རིག་པས་གཏན་འབེབས་བྱས་པ་ལྟར་ན། བུ་རམ་ཤིང་གི་མངར་ཚད་ 100 ཐམ་པ་ཡིན་པ་གཞིར་བཞག་སྟེ། སྒར་ཚད་འདྲ་མཚུངས་ཡིན་ཡང་བུ་རམ་ཤིང་ལས་ལྡབ་ 5 མངར་བའི་མངར་ཚད་ནི་ 500 ཡིན་པ་དང། བུ་རམ་ཤིང་ལས་ལྡབ 10 མངར་བའི་མངར་ཚད་ནི་ 1000 ཡིན་པ་དེ་ལྟར་ཚད་འཇལ་ནས་ཤེས་གསལ་དུ། ཤིང་འབྲས་ཀྱི་མངར་ཚད་ནི་ 173 ཡིན་པས་བུ་རམ་ཤིང་ལས་མངར་བ་ཡོད་པ་དང། རྒུན་འབྲུམ་གྱི་མངར་ཆའི་མངར་ཚད་ནི་ 64 ཡིན་པས་བུ་རམ་ཤིང་ནང་བཞིན་མངར་མོ་ཡོད་པ་མ་རེད།

མངར་བཅུད་ཐང་ཅིང་བུ་རམ་ཤིང་ལས་ལྡབ་བརྒྱ་ཕྲག་ཁ་ཤས་ཀྱིས་མངར་བ་ཡོད་ཀྱང། དངོས་པོ་མངར་ཤོས་དེ་མང་རེད། ལོ་ཤས་ཀྱི་སྔོན་དུ་ཚན་རིག་པ་རྣམས་ཀྱིས་ཤིང་ནགས་ཀྱི་ནང་ནང་ཀོ་ཅིང་ཁོ་ཞེས་པའི་རྩི་ཤིང་ཞིག་རྙེད་ཡོད་པ་དེའི་འབྲས་བུའི་ནང་དུ་སོ་མ་ཏིང་ཞེས་པའི་དངོས་པོ་ཞིག་ཡོད་པ་དེ་བུ་རམ་ཤིང་ལས་ལྡབ་ 3000 གིས་མངར་བ་ཡོད་པདང་། ད་བར་རྙེད་པའི་དངོས་པོ་མངར་ཤོས་ནི་ "ཨེར་ཐའེ-2 མོན་ཏུང་ཞན་ལིའོ་པིན་ཨེར་སོན་ཙ་ཧྥེང་ཀྲི" ཞེས་པའི་སྤྲི་དཀར་རིགས་སིག་ཡིན་ཞིང། དེའི་མངར་ཚད་ནི་བུ་རམ་ཤིང་གི་ལྡབ་ཁྲི་ 3 ཡིན་པས། "མངར་ཆའི་ནང་གི་རྒྱལ་པོ" མིང་དོན་མཚུངས་པ་ཞིག་རང་རེད།

བསོད་གཡང་གིས་བསྒྱུར།
[ཤེས་བྱའི་ཟེགས་མ། དེབ་གྲངས་ཨང་ 30 ལས་བཏུས།]


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *