ལས་རྟགས་བཟོ་བའི་སྔོན་འགྲོའི་ལམ་སྟོན།

ལས་རྟགས་བཟོ་རྒྱུ་ནི་སྐབས་ཤིག་ལ་ལས་ལྷ་པོ་རེད་ལབ་མཆོག་ལ་སྐབས་འགར་ལས་ལྷ་པོ་ཞིག་རྩ་བ་ནས་མ་རེད། དེའི་རྒྱུ་མཚན་ནི་ལས་རྟགས་ནི་ཚོགས་པ་དང་ཚོང་ལས་སྡེ་ཚན། མི་སྡེ་སྤྱི་ཚོགས་ཀྱི་ཞབས་ཞུ། སོགས་གསལ་པོར་མངོན་ཐུབ་པ་དགོས་རྒྱུ། དཔེར་ན། ཆུ་མངར་མོ་བཟོ་གྲ་ཀོ་ཁོ་ཀོ་ལ་ལྟ་བུའི་ལས་རྟགས་དེ་གང་འདྲ་ཡོད་མེད་བཤད་མི་དགོས་པར་ཁྱེད་ཀྱི་སྣང་ངོར་འཆར་ཐུབ། དེ་བཞིན་ཨྱ་ཧྥོན་དང་། སེམ་སཱང་། ནོ་ཀི་ཡ། སོགས་ཀྱང་དེ་ལྟར་མ་ཡིན་ནམ། ལས་རྟགས་ཀྱི་ཐོག་མའི་ལོ་རྒྱུས་ཡུན་རིང་བས་དེའི་ཐོག་ངས་བཤད་བར་མི་སྤོབས། ཉེ་རབས་ཀྱི་ལོ་རྒྱུས་ནང་ལས་སྟགས་སྐད་གྲགས་ཅན་བརྒྱ་ཕྲག་ནས་མང་པོ་ཞིག་ནི་སྐབས་ཕྲལ་འཆར་སྣང་ལ་གཞིགས་ཏེ་བཟོ་ཡོད་པ་དང་། མང་པོ་ཞིག་ཕྲུ་གུ་ཆུང་ཆུང་གི་རི་མོ་ལས་དྲངས་ཡོད། དེ་བཞིན་ནང་དོན་དང་མཚོན་དོན་ལ་བསམ་གཞིག་དང་ལས་རྟགས་བཟོ་རྩལ་པ་སྐད་གྲགས་ཅན་ལ་གླ་སྤྲད་དེ་བཟོས་པ་ཡང་གྲངས་ལས་འདས། རང་ཅག་བོད་པའི་སྤྱི་ཚོགས་ནང་དུའང་ལས་རྟགས་ལེགས་པོ་བཟོས་ཡོད་པ་མང་པོ་མཐོང་རྒྱུ་ཡོད།

ལས་རྟགས་བཟོ་སྐབས་བསམ་བློ་བཏང་དགོས་ངེས་རེད། འོན་ཀྱང་དེ་ལས་གལ་ཆེ་བ་ནི་སེམས་ངོར་གང་འཆར་བ་དེ་ཤོག་ངོས་གཙང་མ་ཞིག་གི་ཐོག་བྲིས་རྐྱང་བྱེད་དགོས། དེ་ཡིས་རང་ལ་བསམ་བློ་གསར་པ་གཞན་ཡང་འཁོར་དུ་འཇུག་གི་རེད། གལ་ཏེ་དང་ཐོག་བསམ་བློ་གང་ཡང་མ་འཁོར་ན། ཚགས་པར་དང་། དེབ། བརྙན་འཕྲིན་དང་། དྲ་རྒྱ་སོགས་ཀྱི་ནང་བལྟས་ནས་གཞན་གྱིས་བཟོས་ཟིན་པའི་ལས་རྟགས་དེ་དག་ལ་ཉམས་ཞིབ་ཏོག་ཙམ་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད།

དེ་ལྟར་ཤོག་ཐོག་ཏུ་བྲིས་པའི་རི་མོ་དེ་རིགས་རང་གི་གྲོགས་པོར་སྟོན་ཙམ་དང་བསམ་ཚུལ་ལེན་ཐུབ་ནའང་ཧ་ཅང་ཡག་པོ་ཡོད། གལ་ཏེ་བློ་ལ་འབབ་པའི་ལས་རྟགས་ཀྱི་རི་མོ་ཞིག་བྲིས་ཐུབ་པ་འདྲ་བྱུང་ན། ད་བཟོད་གཞི་ནས་གློག་ཀླད་ནང་བཟོ་བཀོད་བྱེད་སྒོ་བཙུགས་ན་འགྲིགས། གློག་ཀླད་ནང་ལས་རྟགས་བཟོ་ཆེད་ཁྱེད་ཀྱིས་མཉེན་ཆས་ MsPaint དང་ Photoshop, illustrator, Flash, Indesgin སོགས་གང་རུང་ཞིག་གི་ནང་བཟོ་ན་འགྲིགས། ལས་རྟགས་ཀྱི་རྣམ་པ་དང་། ཡི་གེ་ རི་མོ། མཚོན་གྱི་འགྲོ་སྟངས་སོགས་ལ་དམ་ཟབ་དང་། གཞན་གྱི་ལས་རྟགས་ལས་དམིགས་བསལ་ཅན་ཞིག་ཆགས་ཐབས་ལ་འབད་དགོས།

ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༠ ཉིན་གཏན་འཁེལ་བའི་ལས་རྟགས།

སྔོན་ལ་ཤོག་བུ་ཞིག་གི་སྟེང་བསམ་ཚོད་ཀྱི་བྲིས་པའི་རི་མོ།

དཔར་རྒྱག་རྗེས་ PowerPoint 2013 ནང་སྒྲིག་པ།

དེ་རྗེས་བསྐྱར་དུ་སྤུས་ཀ་དག་ཏུ་གཏོང་ཆེད་ Adobe Illustrator ནང་བཟོས་པ།

མཐའ་མ་དྲ་ཚིགས་ངོས་སུ་བཀོད་ཆེད་ Photoshop སྤྱད་དེ་བཟོ་པའི་མཐའ་མའི་ལས་རྟགས།

ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༩ ཉིན་ཚོད་ལྟའི་ཐོག་བཟོས་པའི་ལས་རྟགས།



Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག