རྒྱལ་ཁབ་གཞན་དག་གི་ཡ་མཚན་གོམས་སྲོལ།

རྒྱ་གར་གཉེན་སྒྲིག་གི་དུས་སྟོན་སྐབས་མག་པའི་ལྷམ་བརྐུ་ཐུབ་ན་དངུལ་སློང་བའི་སྲོལ་ཞིག་ཡོད།
དབྱིན་ཇི་དང་ཨ་རིའི་མིས་མི་མང་པོ་འཛོམས་སར་མྱ་ངན་དང་སེམས་སྡུག་ཆེན་པོ་བྱས་ན་དེ་ནི་གུས་ལུགས་མི་ཤེས་མཁན་ཞིག་ཏུ་བརྩི་གི་ཡོད་པ་རེད། དེར་བརྟེན་མྱ་ངན་གྱི་བྱེད་སྒོའི་སྐབས་ངུ་འབོད་བྱེད་ཀྱི་མེད་པ་རེད། ཧིན་རྡུའི་མིའི་གོམས་སྲོལ་ནི་དེ་ལས་ལྡོག་པ་ཞིག་ཡིན་པས་མྱ་ངན་གྱི་བྱེད་སྒོའི་སྐབས་རྐང་འཁྲབ་ལག་རྡབ་ཀྱིས་ངུ་འབོད་བྱེད་ཅིང། དེ་འདྲ་མ་བྱས་ན་གུས་ལུགས་དང་འགལ་བར་བརྩི་གི་ཡོད་པ་རེད།

ནུབ་ཕྱོགས་ཀྱི་མི་མང་པོ་སྤྱི་དང་ལྷག་པར་དུ་ཆོས་པ་ཚོས་ཚེས་"13" ནིི་བཀྲ་མི་ཤིས་པའི་ཚེས་གྲངས་ཤིག་ལ་བརྩིས་ཏེ་སྤྱོད་པ་འཛེམས་ནས་ཆེས་བཅུ་གཉིས་དང་ཕྱེད་ཀས་དེའི་ཚབ་བྱེད་ཀྱི་ཡོད་པ་རེད། དེའི་རྒྱུ་མཚན་ནི་ཚེས་ 13 ནི་ཏག་ཏག་གཟའ་པ་སངས་ཉིན་འཁེལ་གྱི་ཡོད་ལ། ཡེ་ཤུ་མ་ཤི་ཀ་བརྒྱང་ཤིང་སྒང་ལ་བརྒྱངས་པའི་དུས་ཚོད་དེའང་ཏག་ཏག་གཟའ་པ་སངས་ཡིན་པས་དེ་བཀྲ་མི་ཤིས་པའི་ཉིན་ཞིག་ལ་བརྩི་གི་ཡོད་པའི་རྐྱེན་གྱིས་རེད།

ཧྥ་རན་སི་མིས་ཅུས་ཧྭ་མེ་ཏོག་མི་གཞན་ལ་ལག་རྟགས་སུ་སྤྲོད་པའི་ལུགས་སྲོལ་མེད་པ་རེད། དེའི་རྒྱུ་མཚན་ནི། ཅུས་ཧྭ་མེ་ཏོག་ནི་མྱ་ངན་གྱི་བྱེད་སྒོའི་སྐབས་སུ་བེད་སྤྱོད་གཏོང་གི་ཡོད་པའི་རྐྱེན་གྱིས་རེད།

ཀྲུང་ཏུང་ས་ཁུལ་གྱི་མིས་ལག་པ་གཡོན་མ་དེ་གཙང་མ་མིན་པར་བརྩི་གི་ཡོ་པས་ལག་པ་གཡོན་མས་མི་ལ་ཅ་ལག་སྤྲོད་རྒྱུར་འཛེམས་ཀྱི་ཡོ་པ་རེད།

ཁྱུའུ་པཱའི་ ཧྲེན་རེ་ན་ཧོ་ཆུ་བོ་འབབ་ཡུལ་གྱི་ཡུལ་མི་ཕོ་མོ་རྒན་གཞོན་ཚང་མས་ནང་མི་སྤུན་མཆེད་གྲོངས་ཚེ་ཞག་བདུན་ཕྲག་གཅིག་གི་རིང་ཞྭ་མོ་གྱོན་ནས་མྱ་ངན་ཞུ་བ་ལས། དེ་མིན་ལོ་གཅིག་དུས་བཞིའི་ནང་ཆར་བབ་རླུང་འཚུབ་ག་འདྲ་ཞིག་བྱུང་ནའང་ཞྭ་མོ་གྱོན་པའི་ལུགས་སྲོལ་ཡོད་པ་མ་རེད།

ཞིང་ཤི་ལན་གླིང་ཕྲན་སྒང་གི་ཡུལ་མི་ཚོ་ཐུག་འཕྲད་བྱུང་སྐབས་ཕན་ཚུན་སྣ་ཁུག་གཏུག་རེས་བྱས་ནས་འཚམས་ཞུ་བྱེད་ཀྱི་ཡོད་པ་རེད། ཧྥེ་གླིང་ནུབ་རྒྱུད་ཀྱི་མི་རིགས་འགའ་ཤས་ཀྱིས་གྲོགས་པོ་སྤུན་མཆེད་ཕན་ཚུན་ཐུག་སྐབས་ལག་པའི་སྦར་མཐིལ་བྲང་ཁོག་ལ་གཞུས་ཙམ་བྱས་ནས་འཚམས་ཞུ་བྱེད་ཀྱི་ཡོད་པ་རེད།

ལེ་ཊིན་མེ་གླིང་གི་རྒྱལ་ཁབ་ཏུ་ལག་རས་ནི་མིག་ཆུ་དང་འབྲེལ་བའི་དངོས་པོ་བཀྲ་མི་ཤིས་པ་ཞིག་ཏུ་བརྩི་གི་ཡོད་པར་བརྟེན་མི་ལ་ལག་རྟགས་སུ་སྤྲོད་ཀྱི་མེད་པ་རེད། ཡིན་ནའང་ཉི་ཧོང་གི་མིས་ལོ་གསར་ལ་གཉེན་གྲོགས་ཐུག་པར་འགྲོ་སྐབས་ངེས་པར་དུ་རང་ཉིད་ཀྱི་མིང་བྲིས་པའི་ལག་རས་ཕན་ཚུན་སྤྲོད་རེས་བྱེད་ཀྱི་ཡོད་པ་རེད།

ཉི་རི་ལི་ཡའི་མིས་སྒོ་ང་ནི་བུ་བཙའ་རྩ་གཅོད་བྱེད་པའི་རྟགས་མཚན་དུ་བརྩི་གི་ཡོད་པས་ཕྲུ་གུ་སྐྱེ་འདོད་ཅན་གྱི་བུད་མེད་རྣམས་ཀྱིས་སྒོ་ང་ཟ་རྒྱུར་འཛེམས་ཀྱི་ཡོད་པ་རེད། ཡིན་ནའང་ཐུར་ཆིའི་མིས་སྒོ་ང་ནི་སྐྱེ་འཕེལ་ཡོང་བའི་རྟགས་མཚན་དུུ་བརྩི་གི་ཡོད་པས་ཁེར་རྐྱང་དུ་འཙོ་བ་སྐྱེལ་འདོད་ཡོད་པའི་བུ་མོ་ཚོས་མི་ཚེ་གཅིག་གི་རིང་སྒོ་ང་ཟ་ཕོད་ཀྱི་མེད་པ་རེད། ཡ་མཚན་དགོས་པ་ཞིག་ནི་ཧྥ་རན་སི་གྲོང་གསེབ་ཏུ་གཉེན་སྒྲིག་བྱེད་པའི་ཉིན་མོ་དེར་བུ་མོ་ཚང་མས་གྱོན་ཆས་ཀྱི་ནང་ལྐོག་ཏུ་སྒོ་ང་ཁ་ཤས་རེ་བླུག་ནས་ཁང་པ་གསར་པའི་ནང་འཛུལ་སྐབས་ཆེད་མངགས་རྐང་འདྲེད་ཤོར་ཁུལ་བྱས་ཏེ་སྒོ་ང་ཕྱིར་དོན་ཐབས་བྱེད་ཀྱི་ཡོད་པ་རེད། དེའི་རྒྱུ་མཚན་ནི་སྒོ་ང་དོན་པ་དེ་བཀྲ་ཤིས་པའི་དོན་ཡིན་པར་བརྩི་སྲོལ་ཡོད་པའི་རྐྱེན་གྱིས་རེད།

སཱི་པན་གྱི་བུད་མེད་ཚོ་ཕྱི་ལོགས་སུ་འགྲོ་སྐབས་ངེས་པར་དུ་རྣ་ལོང་འདོགས་དགོས་ཤིང། གལ་ཏེ་རྣ་ལོང་མ་བཏགས་ན་ལུས་ལ་གྱོན་ཆས་མ་གྱོན་པ་ལྟ་བུའི་ཞབས་འདྲེན་ཞུས་པར་བརྩི་གི་ཡོད་པ་རེད།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *