མ་ལག་རྒྱུད་ཁུངས་ཟེར་བ་ཅི་ཞིག་རེད།

མ་ལག་རྒྱུད་ཁུངས་OS (Operating System )ནི་རྩིས་འཁོར་ནང་སྐྱོད་པའི་ཆེས་གལ་ཆེ་བའི་མཉེན་ཆས་དེ་ཡིན། དེའི་རྩིས་འཁོར་གྱི་ཤོང་ཚད་དང་། བྱ་རིམ། དེའི་ནང་ཡོད་པའི་མཉེན་ཆས་དང་སྲ་ཆས་ཡོད་རྒུ་ལ་དོ་དམ་བྱེད་པ་རེད། དེའི་ད་དུང་ཁྱེད་ལ་རྩིས་འཁོར་གྱིི་སྐད་རིགས་མ་ཤེས་ཀྱང་རྩིས་འཁོར་དང་འབྲེལ་བ་བྱེད་དུ་འཇུག་ཐུབ། མ་ལག་རྒྱུད་ཁུངས་མེད་ན་རྩིས་འཁོར་ནི་བེད་མེད་ཡིན།

རྩོམ་ཡོང་ཁུངས། ཕུན་དབང། བོད་མཉེན། Tibetsoft

གཅིག མ་ལག་རྒྱུད་ཁུངས། 

མ་ལག་རྒྱུད་ཁུངས་ཟེར་བ་ཅི་ཞིག་རེད།

མ་ལག་རྒྱུད་ཁུངས་OS (Operating System )ནི་རྩིས་འཁོར་ནང་སྐྱོད་པའི་ཆེས་གལ་ཆེ་བའི་མཉེན་ཆས་དེ་ཡིན། དེའི་རྩིས་འཁོར་གྱི་ཤོང་ཚད་དང་། བྱ་རིམ། དེའི་ནང་ཡོད་པའི་མཉེན་ཆས་དང་སྲ་ཆས་ཡོད་རྒུ་ལ་དོ་དམ་བྱེད་པ་རེད། དེའི་ད་དུང་ཁྱེད་ལ་རྩིས་འཁོར་གྱིི་སྐད་རིགས་མ་ཤེས་ཀྱང་རྩིས་འཁོར་དང་འབྲེལ་བ་བྱེད་དུ་འཇུག་ཐུབ། མ་ལག་རྒྱུད་ཁུངས་མེད་ན་རྩིས་འཁོར་ནི་བེད་མེད་ཡིན།

མ་ལག་རྒྱུད་ཁུངས་ཀྱི་བྱ་བ།

མ་ལག་རྒྱུད་ཁུངས་ཀྱིས་ཁྱེད་ཀྱི་རྩིས་འཁོར་སྟེང་གི་མཉེན་ཆས་དང་སྲ་ཆས་ཐམས་ཅད་ལ་དོ་དམ་བྱེད་པ་རེད། ནམ་རྒྱུན། རྩིས་འཁོར་ཞིག་གི་ནང་དུ་བྱ་རིམ་སྣ་ཁ་མང་པོ་དུས་མཉམ་དུ་སྐྱོད་པ་ཡིན་ལ། དེ་དག་ཚང་མ་ཁྱེད་ཀྱི་རྩིས་འཁོར་གྱི་CPUདང་ནང་གསོག ཤོང་ཚད་བཅས་ལ་བཅོལ་ལེན་བྱེད་དགོས། མ་ལག་རྒྱུད་ཁུངས་ཀྱིས་འདི་དག་ཐམས་ཅད་ལ་འོས་མེད་བསྟུན་ཐབས་བྱས་ཏེ་བྱ་རིམ་རེ་རེར་ཅི་ཞིག་དགོས་པ་དེ་མཁོ་སྤྲོད་བྱེད་པ་ཡིན།

གཉིས། མ་ལག་རྒྱུད་ཁུངས་ཀྱི་རིགས་དབྱེ།

ཁྱེད་ཀྱིས་གློག་ཀླད་ཞིག་ཉོས་རྗེས་མ་ལག་རྒྱུད་ཁུངས་ནི་དེའི་ནང་དུ་རང་འཇོག་བྱས་ཡོད་པ་ཞིག་ཡིན། མི་མང་ཆེ་བས་གློག་ཀླད་ནང་རང་འཇོག་བྱས་ཡོད་པའི་མ་ལག་དེ་སྤྱོད་པ་ཡིན་ཡང་དེ་ནི་རིམ་སྤར་བྱ་ཆོག་ལ་ཐ་ན་བརྗེས་ཀྱང་ཆོག་པ་ཡིན་ནོ།།

མ་ལག་རྒྱུད་ཁུངས་རིགས་མི་འདྲ་བ་མང་པོ་ཡོད་ན་ཡང་ཆེས་རྒྱུན་བཀོལ་གྱི་མ་ལག་རྒྱུད་ཁུངས་གསུམ་ཡོད་དེ། ཕྲ་མཉེན་སྐར་ཁུང་མ་ལག་༼Microsoft Windows༽དང་།  ཀུ་ཤུའི་Macམ་ལག་རྒྱུད་ཁུངས།༼Apple Mac OS X༽ལི་ནཀྶེ་མ་ལག་རྒྱུད་ཁུངས།༼Linux༽ བཅས་ཡིན།

དེང་རབས་ཀྱི་རྩིས་འཁོར་མ་ལག་རྣམས་ལ་པར་རིས་ཀྱི་སྤྱོད་མཁན་འཕྲད་ངོས་སམ་ཡང་ན་ GUI༼གྷོ་འཡེ་ལྟར་ཀློགས། Graphical User Interface༽སྤྱོད་ཀྱི་ཡོད། GUIཡི་ཐོག་ཁྱེད་ཀྱིས་ཙི་གུ་བཀོལ་ཏེ་གློག་ཀླད་ཐོག་གི་རྟགས་རིས་དང་། མཐེབ་གནོན། འདེམས་བྱང་བཅས་ལ་ཆིག་རྡེབ་བྱེད་ཆོག་པ་དང་ཡོད་ཚད་འཆར་ངོས་སུ་རི་མོ་དང་ཡི་གེ་མཉམ་སྡེབ་ངང་གསལ་བོར་ཤར་ཡོད།

མ་ལག་རྒྱུད་ཁུངས་རེ་རེའི་པར་རིས་ཀྱི་སྤྱོད་མཁན་འཕྲད་ངོས་ལ་ཚུགས་ཀ་དང་མྱོང་བ་མི་འདྲ་བ་རེ་ཡོད་པས། གལ་སྲིད་ཁྱེད་ཀྱི་མ་ལག་རྒྱུད་ཁུངས་གཞན་ཞིག་ལ་བརྗེས་པ་ཡིན་ན་ཐོག་མར་དེ་ལ་འདྲིས་མྱོང་མེད་པ་ལྟ་བུ་ཞིག་ཡིན། འོན་ཀྱང་། དེང་རབས་ཀྱི་མ་ལག་རྒྱུད་ཁུངས་ཐམས་ཅད་བཀོལ་བདེ་བ་རང་ཇུས་འགོད་བྱས་ཡོད་པས་རྩ་དོན་མང་ཆེ་བ་གཅིག་མཚུངས་ཡིན།

GUI ཡི་སྔ་རོལ་དུ། རྩིས་འཁོར་དག་ལ་བཀའ་བརྡའི་འཕྲད་ངོས་ཟེར་བ་ཞིག་ཡོད་པ་གང་དེར་བེད་སྤྱོད་བྱེད་མཁན་གྱིས་བཀའ་བརྡ་གཅིག་རེ་གཅིག་རེ་བྱས་ཏེ་བཏག་དགོས་ལ་རྩིས་འཁོར་ནང་ཡི་གེ་རྐྱང་བ་ལས་མི་འཆར་རོ།།

ཕྲ་མཉེན་སྐར་ཁུང་མ་ལག


ཕྲ་མཉེན་སྤྱི་གཉེར་ཁང་གིས་ཕྱི་ལོ་༡༩༨༠ལོའི་དཀྱིལ་དུ་སྐར་ཁུང་མ་ལག་བཟོས། ལོ་ཤས་རིང་། སྐར་ཁུང་ལ་པར་གཞི་དང་ཐོན་རིམ་མི་འདྲ་བ་འགའ་ཞིག་ཡོད་ཀྱང་ཆེས་གསར་བ་དག་ནི། ད་ལོ་སྟེ། སྤྱི་ལོ་༢༠༡༥ལོར་སྐར་ཁུང་བཅུ་བ་འགྲེམ་བསྒྲགས་བྱས། ༢༠༡༣ལོར་སྐར་ཁུང་བརྒྱད་ཚེག་གཅིག་འགྲེམ་བསྒྲགས་བྱས། ༢༠༡༢ལོར་སྐར་ཁུང་བརྒྱད་པ། ༢༠༠༩ལོར་སྐར་ཁུང་བདུན་པ། ༢༠༠༧ལོར་སྐར་ཁུང་Vista བཅས་རེད། སྐར་ཁུང་མ་ལག་རྣམས་སྒེར་གྱི་རྩིས་འཁོར་མང་ཆེ་བའི་ནང་རང་འཇུག་བྱས་ཡོད་སྟབས་དེ་ཉིད་འཛམ་གླིང་སྟེང་གི་གློག་ཀླད་མ་ལག་རྒྱུད་ཁུངས་ཆེས་རྒྱུག་ཆེ་བ་དེ་ཆགས་ཡོད།

གལ་ཏེ་ཁྱེད་ཀྱིས་རྩིས་འཁོར་གསར་བ་ཞིག་ཉོ་བ་འམ་སྐར་ཁུང་རིམ་པ་གསར་བ་ཞིག་ལ་བརྗེ་བ་ཡིན་ན། ཁྱེད་ཀྱིས་སྐར་ཁུང་གི་པར་གཞི་མི་འདྲ་བ་འགའི་ནང་ལས་ཁྱེད་ལ་གང་འཚམ་པ་དེ་ཤེས་དགོས་ལ། དེ་རྗེས་དཔེར་ན་ཁྱིམ་སྤྱོད་པར་གཞི་དང་། ཆེད་ལས་པར་གཞི། པར་གཞི་མཐའ་མ་སོགས་ལས་སོ་སོར་གང་དགོས་པ་དེ་འདེམས་དགོས་སོ།།

ཀུ་ཤུ་མ་ལག་རྒྱུད་ཁུངས།


ཀུ་ཤུའི་Macམ་ལག་རྒྱུད་ཁུངས་ནི་ཀུ་ཤུ་སྤྱི་གཉེར་ཁང་གིས་བཟོས་པའི་སྟར་པ་ཅན་གྱི་མ་ལག་རྒྱུད་ཁུངས་ཞིག་ཡིན་ཞིང་། ཀུ་ཤུ་གློག་ཀླད་དག་གི་ཐོག་ལ་རང་འཇུག་བྱས་ཡོད། ཉེ་བའི་ཀུ་ཤུའི་མ་ལག་རྒྱུད་ཁུངས་ཀྱི་པར་གཞི་དག་ལ་OS Xཟེར་ཞིང་། ཨོ་ཨེ་སི་བཅུ་ལྟར་ཀློགས། དམིགས་བཀར་གྱི་པར་གཞི་ལ། ད་ལོ་སྟེ། སྤྱི་ལོ་༢༠༡༥ལོར་གསར་དུ་ཐོན་པའི་El Capitan དང་། ༢༠༡༤ལོར་འགྲེམ་སྤེལ་བྱས་པའི་Yosemiteདང་། ༢༠༡༣ལོར་འགྲེམ་སྤེལ་བྱས་པའི་Mavericksདང་། ༢༠༡༢ལོར་འགྲེམ་སྤེལ་བྱས་པའི་Mountain Lionདང་། ༢༠༡༡ལོར་འགྲེམ་སྤེལ་བྱས་པའི་Lionདང་། ༢༠༠༩ལོར་འགྲེམ་སྤེལ་བྱས་པའི་Snow Leopardབཅས་ཡོད། ཀུ་ཤུའི་ད་དུང་ Mac OS X Server ཟེར་བ་ཞིག་ཕུལ་ཡོད་ཅིང་། ཆེད་དུ་ཞབས་ཞུའི་འཕྲུལ་ཆས་དག་གི་ནང་དུ་སྐྱོད་པར་ཇུས་འགོད་བྱས་པ་ཞིག་གོ།

ལི་ནཀྶེ་མ་ལག་རྒྱུད་ཁུངས།


Linux ༼ལི་ནཀྶེ་ལྟར་ཀློགས།༽ ནི་ཐོན་ཁུངས་ལ་བཀག་རྒྱ་མེད་པའི་མ་ལག་རྒྱུད་ཁུངས་ཞིག་རེད། དེའི་རྒྱུ་མཚན་ནི་ལི་ནཀྶེ་མ་ལག་དེ་སུས་ཀྱང་བསྒྱུར་བཅོས་དང་བགོ་བྱ་བརྒྱབ་ཆོག འདི་ནི་བདག་དབང་ཅན་གྱི་མཉེན་ཆས་སྐར་ཁུང་ལྟ་བུ་དང་མི་འདྲ་སྟེ། དེ་དབང་བའི་སྤྱི་གཉེར་ཁང་༼ཕྲ་མཉེན།༽གིས་མ་གཏོགས་བསྒྱུར་བཅོས་བྱེད་མི་ཐུབ། ཆེས་དར་ཁྱབ་ཆེ་བའི་ལི་ནཀྶེ་མ་ལག་རྒྱུད་ཁུངས་ལ་Ubuntuདང་།Mintདང་། Fedoraསོགས་ཡོད།

ལཡེ་ནེ་ཁུ་སིའི་མིང་གི་ཐོགས་ཚུལ་ནི། སྤྱི་ལོ་༡༩༩༡ལོར་kernelགསར་གཏོད་བྱེད་མཁན་གྱི་Linus Torvalds ཡི་མིང་ལ་བསྟེན་ནས་བཏགས་པ་རེད། kernelཞེས་པ་ནི་རྩིས་འཁོར་གྱི་བཀའ་བརྡ་ཞིག་ཡིན་པ་དང་། མ་ལག་རྒྱུད་ཁུངས་ཤིག་གི་ཆེས་དཀྱིལ་སྙིང་གི་ཆ་དེ་ཡིན།

གསུམ། སྤོ་འཁྱེར་སྒྲིག་ཆས་ཀྱི་མ་ལག


གོང་ནས་བཤད་པའི་མ་ལག་རྒྱུད་ཁུངས་དེ་དག་ནི་སྟེགས་འཇོག་རྩིས་འཁོར་དང་། པང་འཛིན་རྩིས་འཁོར་གྱི་མ་ལག་ནང་སྐྱོད་པར་ཇུས་འགོད་བྱས་པ་དག་རེད། སྤོ་འཁྱེར་སྒྲིག་ཆས་ཁ་པར་དང་ལག་འཁྱེར་རྩིས་འཁོར་ལྟ་བུའི་མ་ལག་ནི་སྟེགས་འཇོག་རྩིས་འཁོར་དང་པང་འཛིན་རྩིས་འཁོར་གྱི་མ་ལག་དང་མི་འདྲ་སྟེ། དེ་ཚོའི་ནང་ཆེད་དུ་དེ་ཚོར་དམིགས་ནས་ཇུས་འགོད་བྱས་པའི་མ་ལག་རྒྱུད་ཁུངས་སྐྱོད་པ་ཡིན། སྤོ་འཁྱེར་སྒྲིག་ཆས་ཀྱི་མ་ལག་ལ་དཔེར་ན། ཀུ་ཤུའི་iOSདང་། ཕྲ་མཉེན་སྐར་ཁུང་ཁ་པར། གུ་གུལ་ཨན་ཌོ་ཁ་པར་ལྟ་བུའོ།།

མ་རྩོམ། http://www.gcflearnfree.org/computerbasics/2/print

ད་ཐེངས་སྤྱད་པའི་ཆ་འཕྲིན་ལག་རྩལ་གྱི་ཐ་སྙད།

མ་ལག་རྒྱུད་ཁུངས། OS (Operating System)  操作系统
མཉེན་ཆས། software  软件
སྲ་ཆས། hardware  硬件
ནང་གསོག memory  内存
ཤོང་ཚད། storage 存储
བྱ་རིམ། program 程序
སྐྱོད། run  运行
ལྟ་སྤྱོད། བཅོལ་ལེན། access  访问 存取
དཀྱིིལ་སྙིང་སྒྲིག་གཅོད་ཆས། CPU (Central Processing Unit)
པར་རིས་ཀྱི་སྤྱོད་མཁན་འཕྲད་ངོས། GUI (Graphical User Interface) 图形用户界面
ཙི་གུ mouse 鼠标
རྟགས་རིས། icon 图标
མཐེབ་གནོན།  button 按钮
འདེམས་བྱང་།  Menu 菜单
ཆིག་རྡེབ། click 点击
འཆར་ངོས། screen 屏幕
བཀའ་བརྡའི་འཕྲད་ངོས། command-line inteface 命令行接口
བཀའ་བརྡ། command 命令
ཐོན། ཐོན་རིམ། version 版本
རང་འཇུག preload 预装
རིམ་སྤར། update 升级
པར་གཞི། edition 版本
སྒྲིག་ཆས།  device 设备
སྤོ་འཁྱེར་སྒྲིག་ཆས། mobile device 移动设备
སྟེགས་འཇོག་རྩིས་འཁོར། desktop computer 台式电脑
པང་འཛིན་རྩིས་འཁོར། laptop computer 手提电脑,膝上型电脑
ལག་འཁྱེར་རྩིས་འཁོར། tablet computer 平板电脑
ཀུ་ཤུ་ཁ་པར་གྱི་མ་ལག iOS
ཨན་ཌོ། Android 安卓
ཕྲ་མཉེན་ནི། ཨ་རིའི་ཕྲ་མཉེན་སྤྱི་གཉེར་ཁང་། Microsoft (Microsoft Corporation) 美国微软公司
ཀུ་ཤུ་ནི། ཨ་རིའི་ཀུ་ཤུའམ་བིམ་པ་སྤྱི་གཉེར་ཁང་ལ་ཟེར། Apple Company 美国苹果公司
ལཡེ་ནེ་ཁུ་སི། Linux

ཟུར་ལྟའི་མིང་མཛོད།
བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་མིང་མཛོད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་། གློག་རྡུལ་འཕྲུལ་དེབ་པར་མ།
སྨོན་ལམ་ཚིག་མཛོད། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་། སྐར་ཁུང་གློག་ཀླད་པར་མ།

མཆན།

ཉེ་ཆར་གསར་དུ་ཉོས་པའི་གློག་ཀླད་ཀྱི་འཆར་ངོས། རྒྱ་གར་སྒོར་ 16974/- ཐོག་ཚོང་འགྱུར་བྱེད་ཀྱི་འདུག

Name

Android,41,Aphone,6,APK,12,Blogger,1,eBook,3,Freeware,1,Game,1,iPad,7,iphone,11,iPod,3,itune,1,Linux,3,Mac,6,Mobile,12,MS Excel,1,MS Word,2,Office,10,Photoshop,2,PowerPoint,8,PPT Draw,2,Wallpaper,1,wechat,9,Window,24,Wordpress,1,YouTube,1,གཞན་རྩོམ།,42,གླུ་གཞས།,5,གློག་ཀླད་ཀྱི་ལམ་འཕྲང།,32,གློག་བརྙན།,17,གསར་འཕྲིན།,74,གསལ་བསྒྲགས།,2,གུ་གུལ་ལམ་གྲོལ།,43,གུས་པའི་བཟོ་བཀོད།,42,ངོ་དེབ།,9,ཐབས་ཇུས་ཟབ་མོ་,93,ཐོན་ཟོག་གསར་པ།,11,དཔྱད་རྩོམ་གྱི་ལ་མོ།,15,དམིགས་བསལ།,8,དྲ་ཚིགས་ངོ་སྤྲོད་,40,དྲ་ཚིགས་མཚམས་སྦྱོར།,37,དྲི་བ་དྲིས་ལན།,15,ཕབ་ལེན།,1,ཕབས་ལེན།,65,བཅར་འདྲིའི་ལེ་ཚན།,1,བརྙན་ཟློས་ཀྱི་རྨུ་ཐག,52,བརྩམས་སྒྲུང་གི་རང་འཐག,5,བསྒྱུར་རྩོམ་གྱི་རྩ་ཐང།,3,མཉེན་ཆས་ངོ་སྤྲོད་,64,མི་ཚེ་ཡི་འཕོ་འགྱུར།,5,ཚོང་སྒྱུར།,5,ཟབ་སྦྱོང་།,7,ཟིན་བྲིས་བཟོ་བཀོད་,16,འཕྲུལ་དེབ།,4,ལྷུག་རྩོམ་གྱི་རི་ཕྲེང།,17,སྙན་ངག་གི་གླིང་ག,2,
ltr
item
གློག་ཀླད་དང་ཁ་པར།: མ་ལག་རྒྱུད་ཁུངས་ཟེར་བ་ཅི་ཞིག་རེད།
མ་ལག་རྒྱུད་ཁུངས་ཟེར་བ་ཅི་ཞིག་རེད།
མ་ལག་རྒྱུད་ཁུངས་OS (Operating System )ནི་རྩིས་འཁོར་ནང་སྐྱོད་པའི་ཆེས་གལ་ཆེ་བའི་མཉེན་ཆས་དེ་ཡིན། དེའི་རྩིས་འཁོར་གྱི་ཤོང་ཚད་དང་། བྱ་རིམ། དེའི་ནང་ཡོད་པའི་མཉེན་ཆས་དང་སྲ་ཆས་ཡོད་རྒུ་ལ་དོ་དམ་བྱེད་པ་རེད། དེའི་ད་དུང་ཁྱེད་ལ་རྩིས་འཁོར་གྱིི་སྐད་རིགས་མ་ཤེས་ཀྱང་རྩིས་འཁོར་དང་འབྲེལ་བ་བྱེད་དུ་འཇུག་ཐུབ། མ་ལག་རྒྱུད་ཁུངས་མེད་ན་རྩིས་འཁོར་ནི་བེད་མེད་ཡིན།
http://3.bp.blogspot.com/-UWLop5BrkBY/VY0lxkNjpvI/AAAAAAAAJ-8/0G8c5tw1zY4/s640/All-mobile-OS-logos.jpg
http://3.bp.blogspot.com/-UWLop5BrkBY/VY0lxkNjpvI/AAAAAAAAJ-8/0G8c5tw1zY4/s72-c/All-mobile-OS-logos.jpg
གློག་ཀླད་དང་ཁ་པར།
http://www.sonamdawa.com/2015/06/Computer-Basics.html
http://www.sonamdawa.com/
http://www.sonamdawa.com/
http://www.sonamdawa.com/2015/06/Computer-Basics.html
true
8975001132631270234
UTF-8
རྩོམ་ུཡིག་ཡོངས་འཆར་ཟིན། རྩོམ་ཡིག་གང་ཡང་རྙེད་མ་སོང་། ཆ་ཚང་ལྟ། འཕྲོ་ཀློགས། ལན་སློགས། ལན་ཕྱིར་འཐེན་བྱེད། སུབ། སྤེལ་མཁན། གཙོ་ངོས། ཤོག་ངོས། རྩོམ་ཡིག ཆ་ཚང་ལ་ལྟ། འབྲེལ་ཡོད་རྩོམ་ཡིག་གཞན། སྡེ་ཚན། ཡིག་ཚགས། འཚོལ་བཤེར། རྩོམ་ཡོངས། ཁྱེད་ཀྱིས་འཚོལ་བཞིན་པའི་རྩོམ་ཡིག་འདི་མིན་འདུག གཙོ་ངོས་སུ་ལོག གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཉི་མ། ཟླ་བ། མིག་དམར། ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཅིག ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཉིས། ད་ལྟ་རང་། སྐར་མ་གཅིག་སྔོན་ལ། $$1$$ minutes ago ཆུ་ཚོད་ 1 སྔོན་ལ། $$1$$ hours ago ཁ་སང་། $$1$$ days ago $$1$$ weeks ago ཟླ་བ་ 5 ཙམ་གོང་། རྗེས་བཞུགས་པ། རྗེས་བཞུགས། ནང་དོན་འདི་ནི་ཆེད་དུ་བཀག་ཡོད། ངོ་དེབ་དང་ཊེའུ་ཊར་གྱི་དྲ་གནས་ཁག་ཏུ་རྒྱུད་སྤེལ་རེ་བྱས་ན་ནང་དོན་ལྟ་ཐུབ། Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy