ཨ་སྒོར་ $200,000 ཅན་གྱི་ཀུ་ཤུའི་གློག་ཀླད་གད་སྙིག་ནང་ཤོར་བ།


ཀེ་ལི་ཧྥོ་ནི་ཡཱ་གནས་སྡོད་སྐྱེས་དམན་ཞིག་གིས་མོ་ཊ་འཇོག་ཁང་གཙང་མ་བཟོ་དུས་འདས་ཟིན་པའི་ཁྱོ་གའི་གློག་ཀླད་རྙིང་པ་ཞིག་རྙེད་ཡོད། ཁོང་མོས་གློག་ཀླད་དེ་བེད་སྤྱོད་མ་མཐོང་བར་ལམ་སེང་གད་སྙིགས་གཡུག་སའི་ས་ཁུགས་སུ་གཡུག་ཡོད། ཤེས་རྟོགས་བྱུང་བར་ལྟར་ན་གློག་ཀླད་དེ་ནི་སྐུ་ཞབས་ Steve Jobs དང་ Steve Wozniak, Ron Wayne གསུམ་གྱིས་བཟོ་སྒྲིག་བྱས་པའི་ཐེངས་དང་པོའི་གྲལ་གྱི་ Apple 1 ཟེང་བ་དེ་ཡིན་འདུག །ཕྱི་ཟླ་བཞི་པའི་ནང་ས་གནས་དེའི་གད་སྙིགས་ལེན་མཁན་གྱི་ཀུང་སི་ Clean Bay Area གྱི་ལས་མི་ཞིག་གིས་གློག་ཀླད་དེ་རྙེད་ཡོད།

ཀུང་སི་དེས་ལམ་སེང་ཅ་དངོས་རྙིང་པ་གསོག་ཉར་མཁན་ཞིག་ལ་བཙོང་ནས་ཨ་སྒོར་ $200,000 རག་ཡོད། ཀུང་སི་དེའི་སྒྲིག་གཞི་ལྟར་ཅ་དངོས་དེའི་བདག་པོར་མཁེ་ཕོགས་བརྒྱ་ཆ་ 50% སྤྲོད་རྒྱུའི་འཆར་གཞི་ཡོད་ཀྱང་། གློག་ཀླད་སྙིགས་སྣོད་ནང་གཡུག་མཁན་གྱི་སྐྱེས་དམན་དེའི་མིང་དང་། འབྲེལ་བ་བྱེད་སའི་ཁ་བྱང་སོགས་གང་ཡང་རགས་མེད་པ་རེད།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *