དྲ་ཐོག་སློབ་རྭ་ Coursera.org

དྲ་ཚིགས་ཀྱི་མིང་། Coursera
དྲ་གནས། https://www.coursera.org/

ལོ་ལྔ་དྲུག་སྔོན་ KhanAcademy ཞེས་པའི་རིན་མེད་དྲ་ཐོག་སློབ་རྭ་འདི་གསར་གཏོད་བྱེད་པ་ནས་བཟུང། གཞུང་སྒེར་གྱི་གཙུག་ལག་སློབ་གྲྭ་མང་པོ་ཞིག་གིས་ཀྱང་སོ་སོའི་སློབ་ཚན་དེ་དག་དྲ་ཐོག་ཏུ་འཇོག་སྟེ་འཛམ་གླིང་གི་སློབ་ཕྲུག་ལ་ལེགས་སྐྱེས་ཞིག་ཕུལ་འགོ་བཙུགས་ཡོད། སྐད་གྲགས་ཡོད་པའི་ཡོ་རོབ་དང་ཨ་རིའི་གཙུག་ལག་སློབ་གཉེར་ཁང་དུ་མའི་ནང་སློབ་ཕྲུག་ཚོས་འཛུལ་བཞུགས་ཀྱི་ཆ་རྐྱེན་མ་ཚང་བར་འཛུལ་བཞུགས་ཐུབ་ཀྱི་མེད། དེར་བརྟེན་ཆ་འཕྲིན་གྱི་དུས་རབས་འདིའི་ནང་ཚད་ལྡན་གྱི་གཙུག་ལག་ཁང་མང་པོས་སློབ་ཡོན་ཕྲན་བུ་ཞིག་ལེན་ཏེ་དྲ་ཐོག་གི་སློབ་ཁྲིད་སྤེལ་རྒྱུ་དང་། སློབ་ཕྲུག་ཚོས་དྲ་ཐོག་སློབ་བཞུགས། དྲ་ཐོག་སྦྱོང་ཚན་གྲུབ་རྒྱུ། དྲ་ཐོག་ནས་དགེ་རྒན་ལ་དྭོགས་འདྲི་བྱེད་རྒྱུ། སློབ་མཇུག་རྫོགས་རྗེས་སློབ་ཕྲུག་སོ་སོར་གཙུག་ལག་སློབ་གྲྭ་ཁག་གི་ལག་འཁྱེར་ཡང་གསོན་ཐུབ་པའི་རྒྱལ་སྒོ་གཞན་ཞིག་ཕྱེ་ཡོད། ལག་ཁྱེར་གཅིག་པུའི་ཆེད་དུ་མ་དམིགས་པར་ཤེས་བྱ་ཐོབ་འདོད་མཁན་ཚོས་དྲ་ཐོག་ཏུ་འཇོག་ཡོད་པའི་སློབ་ཁྲིད་དེ་དག་བལྟ་བ་དང་། སློབ་ཁྲིད་མཉམ་བཞུགས། སློབ་ཁྲིད་ཕབ་ལེན་བྱེད་ཀྱང་འགྲིགས།

དེར་དེ་རིང་ངས་སྤྲོད་བྱེད་འདོད་པའི་ཤེས་ཡོན་གྱི་དྲ་གནས་ལེགས་པོ་འདི་ནི། www.coursera.org ཟེར་བ་འདི་ཡིན། དྲ་གནས་འདི་ནི། ཕྱི་རྒྱལ་དུ་ཡོད་པའི་གཙུག་ལག་སློབ་མཉེར་ཁང་ 99 མཉམ་རུབ་ཐོག་གྲུབ་པ་ཞིག་ཡིན། གཙུག་ལག་སློབ་མཉེར་ཁང་དེ་དག་སོ་སོས་སློབ་ཚན་བཀོད་སྒྲིག་དང་། ལག་ཁྱེར་སྤྲོད་ཀྱི་ཡོད།

ད་ལྟའི་ཆར་དྲ་ཚིགས་འདིའི་ཐོག་ཚན་རིག་དང་། འཕྲུལ་རིག སྐད་ཡིག རིག་རྩལ། བལྟ་གྲུབ། ཆབ་སྲིད། ཞིང་ལས། ཚོང་གཉེར། ཨང་རྩིས། རྩིས་ཞིབ། སྨན་སྦྱོར། མཛེས་བཀོད། ས་ཁམས། མི་སྡེ། ཁྲིམས། བདེ་འཇག།རོལ་དབྱངས་སོགས་གྲངས་ལས་འདས་ཡོད། སློབ་ཁྲིད་བྱེད་བྱེད་མཁན་རྣམས་ནི་གཙུག་ལག་ཁང་གི་ལོ་མང་སློབ་ཁྲིད་ཀྱི་ཉམས་མྱོང་དང་སྐད་གྲགས་ཡོད་པའི་སློབ་དཔོན་ཆེན་མོ་དང་། དགེ་རྒན་ཆེན་མོ་རྐྱང་རྐྱང་རེད། སློབ་ཁྲིད་སྐོར་གྱི་གློག་བརྙན་རྣམས་སྤུས་ཚད་མཐོ་བའི་ཁར་སློབ་ཁྲིད་ཉན་མཁན་རྣམ་ལ་བློ་ངོར་འཇུག་བདེ་བའི་ཁྱད་ཆོས་འདུག །དྲ་ཐོག་ཏུ་བཞུགས་མཁན་ང་ལྟ་བུར་དྲ་གནས་འདི་དང་འདི་ལྟ་བུ་ནི་ཉིན་རེའི་ལས་དོན་གྱི་ཞོར་དུ་སློབ་སྦྱོང་མུ་མཐུད་བྱེད་རྒྱུའི་མཐུན་རྐྱེན་བཟང་ཤོས་དེ་ཡིན་སྙམ།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *