གློག་ཀླད་ཉོ་སྟངས།

འདིར་སློབ་མ་ཞིག་computer science མཐོ་སློབ་ཏུ་འཛུལ་བཞུགས་བྱེད་རྒྱུ་རེད་འདུག ཁོང་གིས་གློག་ཀླད་ཅིག་ཉོ་རྩིས་ཡོད་རུང་གང་འདྲ་ཞིག་ཉོ་དགོས་མིན་ཤེས་ཀྱི་མི་འདུག་པས་གང་འདྲ་ཞིག་ཉོ་ན་ཡག

ལན།

སྤྱིར་བཏང་གློག་ཀླད་དང་གློག་ཆས་ཀྱི་གོང་ཚད་ནི་ངེས་གཏན་མེད་པར་འཕར་ཆགས་དང་དེ་བཞིན་འགྲེམས་ཚོང་བྱེད་མཁན་སོ་སོས་རིན་གོང་མི་འདྲ་བ་བརྒྱག་གི་ཡོད་པར་བརྟེན་ངས་དམིགས་འཕེན་དུ་གློག་ཆས་དེ་ལ་གོང་ཚད་དེ་ཞེས་ལབ་ཁག་པོ་འདུག །དེ་བཞིན་ཉོ་མཁན་གྱི་དམིགས་ཡུལ་དང་དགོས་པ་སོགས་ལའང་ཞིག་ཏེ་གློག་ཀླད་ཇི་འདྲ་ཞིག་ལ་ཁ་ལྟ་དགོས་པ་དེ་ལ་ཡང་རག་ལས་ཡོད། འདིར་སློབ་ཕྲུག་ཞིག་ལ་གཞིག་སྟེ་ངས་རོབ་ཚོད་ཙམ་ལབ་ན། རིན་གོང་སྒོར་ Rs 25000  ཡན་དང་ Rs. 33,000 མན་གྱི་གློག་ཀླད་ལེགས་གྲས་ཞིག་ལ་ལྟ་ན་འཚམས། རིན་གོང་དེའི་ཚད་ལ། Processor = i3 དང་། RAM = 4GB, Hard Disk = 500GB/1TB , Graphic Card, Window 8, དེ་མིན་གྱི་དགོས་མཁོའི་ USB, Ethernet སོགས་ཡོད་པ་ཞིག་རག་ཐུབ་ངེས།

གློག་ཀླད་ཀྱི་ཀམ་པ་ཎི་ སོ་སོར་མིང་གི་ཆ་ནས་རིན་གོང་མཐོ་དམན་ཡོང་སྲིད། ཀམ་པ་ཎི་ Dell དང་ Samsung , Toshiba གསུམ་རྒྱུ་སྤུས་ཀྱི་ཆ་ནས་ལེགས་པོ་ཡོད། H.P ཀམ་པ་ཎི་ གི་གློག་ཀླད་རྣམས་རིན་གོང་ཆུང་བ་ཡོད། འོན་ཀྱང་ HP གི་གློག་ཀླད་དེ་དག་ལོ་གཅིག་གཉིས་ནང་སྐྱོན་དུ་འགྲོ་གཞི་མང་བས་ HP རིགས་ལ་ངས་ཡག་པོ་མ་མཐོང་། དེ་མིན་གྱི་གློག་ཀླད་ཀྱི་ ཀམ་པ་ཎི་ གཞན་ཡང་ཡོད་པས་དེ་དག་གཟིགས་ནའང་འགྲིག

གློག་ཀླད་འགྲེམས་ཚོང་བྱེད་སའི་འགྲམ་དུ་ཐད་ཀར་མ་ཉོས་གོང་། དྲ་ཐོག་ཏུ་གློག་ཀླད་ DELL དང་ Samsung དེ་དག་གི་མིང་དང་གོང་ཚད་དེ་བཞིན་ནང་འཕྲུལ་གྱི་ཚད་གཞི་(གོང་དུ་ངས་ལབ་པ་བཞིན་) ལ་རོབ་ཙམ་ཚད་བསྡུར་དང་ཉམས་ཞིབ་གནང་ཐུབ་ན་ཧ་ཅང་ལེགས་པོ་འདུག དེ་ལྟར་བྱེད་ཐུབ་ན་གཅིག་ནས་དགོས་མཁོའི་གློག་ཀླད་ནི་ནང་ཆས་ཧ་གོ་བ་དང་། གཉིས་ནས་ཉོ་བྱའི་གློག་ཀླད་དེ་དང་དེ་ཞེས་མིང་དང་ Model ཨང་ལབ་ཐུབ་པ། གསུམ་ནས་ཁྱེད་ཀྱི་བལྟ་བཞིན་པའི་གློག་ཀླད་དེའི་གོང་ཚད་རོབ་ཙམ་ཚོད་དཔག་ཐུབ་པ་བཅས་ཡོང་ཐུབ། དེ་རྗེས་གློག་ཀླད་འགྲེམས་ཚོང་སར་ཐད་ཀར་ཕྱིན་ཏེ་སྐད་ཆ་དྲིས་པའམ་ཡང་ན། དེ་བས་སྟབས་བདེ་བ་ནི། དྲ་ཐོག་ནས་ས་གནས་ཉེ་འཁོར་གྱི་གློག་ཀླད་འགྲེམས་ཚོང་བྱེད་མཁན་གྱི་འབྲེལ་བ་བྱེད་སའི་ཁ་པར་རྩད་དེ་ཁ་པར་བཏང་ནས་སྐད་ཆ་དྲིས་ན། དུས་ཚོད་དང་ཕར་འགྲོ་ཚུར་འོང་བྱེད་མི་དགོས་པ་ཆགས་ཐུབ། གཅིག་བྱས་ན་གློག་ཀླད་འགྲེམས་ཚོང་བྱེད་མཁན་གྱིས་གློག་ཀླད་དེ་ཁྱེད་ཀྱི་ནང་སྒོ་འགྲམ་དུ་སྐྱེལ་བར་ཡོང་སྲིད།

དྲ་ཐོག་ནས་ཉམས་ཞིབ་ཏོག་ཙམ་ཡོང་སླད་གཤམ་གྱི་དྲ་གནས་འདི་དག་ལ་གཟིགས་ཙམ་གནང་ན།
  1. http://www.flipkart.com
  2. http://www.buyingiq.com
  3. http://www.mysmartprice.com
  4. http://www.ispyprice.com

གལ་ཏེ་དྲ་ཐོག་ནས་ཉོ་ཐུབ་ན་གློག་ཀླད་དང་གློག་ཆས་རྣམས་ལ་རིང་གོང་བརྒྱ་ཆ་ 30% ནས་ 40% འོག་ལ་རག་ཐུབ། དེ་ནི་དངུལ་མང་པོ་མི་ཤོར་བའི་མཁེ་ཕན་ལྡན་ཡོད། དྲ་ཐོག་ཉོ་ཚོང་བྱེད་མ་མྱོང་ན། རྒྱུན་གཏན་དྲ་ཐོག་ཅ་དངོས་ཉོ་མཁན་ཞིག་ལ་ཉོ་རོགས་ལབ་ཆོག །གཅིག་བྱས་ཁོ་བོའི་ས་ནས་དྲ་ཐོག་ཉོ་ཚོང་བྱེད་སྟངས་ཤེས་ཐུབ། དྲ་ཐོག་གི་ཉོ་ཚོང་སྐབས་དངུལ་སྤྲོད་སྟངས་དེ་ COD ཟེར་བ་དེ་འདེམས་དགོས། COD ཟེར་བ་ནི་ Cash On Delivery ལས་བསྡུས་པ་ཞིག་ཡིན་པ་དང་། དོན་དུ་ཅ་དངོས་ལག་ཐོག་ཏུ་འབྱོར་སྐབས་གཞི་ནས་རིན་པ་སྤྲོད་ཀྱི་ཡིན་ཟེར་བའི་དོན་རེད། དྲ་ཐོག་ཀྱི་ཉོ་ཚོང་ཞབས་ཞུ་དེའང་སྟབས་བདེ་པོ་ཞིག་མཐོང་། ཉོ་མཁན་གྱི་དུས་ཚོད་འཕྲོ་བརླག་མི་འགྲོ་བ་དང་ཡར་འགྲོ་མར་འགྲོ་བྱེད་མི་དགོས་པ།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག