itune དང་ iphone ནང་བོད་ཡིག་གཞས་ཚིག་འཇུག་སྟངས།

རྩོམ་ཡོང་ཁུངས། ཕུན་དབང་། བོད་མཉེན། Tibetsoft

མི་མང་ཆེ་བའི་ཀུ་ཤུའི་སྒྲིག་ཆས་ནང་གི་བརྙན་མཛོད་དང་གླུ་མཛོད་སོགས་སུ་ཅི་ཡང་མེད་ལ། དེ་དག་གི་བཀོལ་སྤྱོད་རིན་ཐང་ཡང་རྩ་བ་ནས་རྟོགས་ཀྱིན་མེད། iTunes ལས་གླུགཞས་སོགས་རང་འདོད་ཀྱིས་བཞག་ཆོག་པས་གླུ་ཚིག་ཀྱང་བོད་ཡིག་གིས་འབྲི་ཆོག་པཡིན། དེ་བས་གཤམ་དུ་iTunesལས་ཁྱེད་ཀྱི་ཀུ་ཤུ་ཁ་པར་དང་། iPad སོགས་ཀྱི་ནང་དུ། གླུ་གཞས་དང་། བརྙན་འཕྲིན། འདྲ་པར། འཕྲུལ་དེབ་བཅས་ཇི་ལྟར་འཇོག་ཚུལ་པར་རིས་ཀྱི་ལམ་ནས་འཆད་པར་བྱ།

རྒྱུ་ཆ་ལ།

གློག་ཀླད་ནང་དུ་iTunesནང་འཇུག་བྱས་ཡོད་དགོས།
ཀུ་ཤུ་ཁ་པར་རམ་ iPad དང་། iPod touch གང་རུང་ཞིག་དང་། དེའི་སྐུད་པ།
པར་དང་གཞས་བརྙན་སོགས་གློག་ཀླད་ཐོག་ཡོད་དགོས། དྲ་མེད་ན་ཆོག གལ་ཏེ་གཞས་ཞིག་ཡིན་ན་གཞས་ཚིག་དང་གཞས་མཁན་གྱི་པར་སོགས་གོང་གི་འདྲ་པར་བཞིན་ཡོད་ན་རབ་ཡིན།
དེ་ལས་མེད། :)
ད་ནི་iTunes ཁ་ཕྱེས། དེ་ནས་གཤམ་ལྟར་ཡིག་ཆར་མནན། དེ་ནས་ཡིག་ཆ་ཁ་སྣོན་ལ་མནན།
༼འདིར་དཔེ་བརྗོད་ནི་གླུ་གཞས་ཤིག་འཇུག་ཚུལ་ཡིན།༽

དེ་ནས་རང་གི་གློག་ཀླད་ཀྱི་སྒེའུ་ཁུང་ཞིག་འཇུར་འོངས་ལ་དེ་རུ་གླུ་དང་པར་སོགས་འདེམས། ༼འདིར་དཔེ་བརྗོད་ནི་གླུ་གཞས་ཤིག་འཇུག་ཚུལ་ཡིན།༽

དེ་རྗེས་གཤམ་ལྟར་གོང་དུ་འདེམས་ཟིན་པ་དེ་iTunes ཡི་ནང་དུ་ཐོན་ཡོད། གླུ་ཞིག་ཡིན་ན་གཡས་རྡེབ་བྱས་ཏེ་ནང་དོན་སོགས་བསྒྱུར་ཆོག

གཤམ་ལྟར་གཞས་པའི་མིང་ལ་སོགས་པ་འབྲི་དགོས།

གཤམ་ལྟར་གཞས་པའི་འདྲ་པར་ཡོད་ན་འཇོག་དགོས།

འདི་ལྟར་གཞས་ཚིག་བཞག་ཆོག་ལ་བྲིས་ཀྱང་ཆོག དེ་ནས་ལེགས་འགྲུབ་མནན་ན།

ད་ནི་གཞས་དེ་འདི་འདྲ་ཞིག་ཡིན་སྲིད། འདི་ནི་iTunes ཡི་ནང་བཞག་ཟིན་པའོ།།
དེ་དག་ཁ་པར་དང་iPad སོགས་ཀྱི་ནང་དུ་འཇོག་ན། སྐུད་པས་གློག་ཀླད་དང་སྦྲེལ་དགོས།

གོང་ལྟར་ཁ་པར་གློག་ཀླད་དང་སྦྲེལ་ཏེ། གླུ་དང་། པར་དང་། བརྙན་དང་། འཕྲུལ་དེབ་སོགས་གང་ཡོད་པ་ཁ་པར་ནང་འཇུག་འདོད་པ་དེ་འདེམ་རྗེས། མཉམ་སྤྱོད་མནན་ན་
གཞི་ནས་ཁ་པར་ནང་འཇུག་ཐུབ་གི་རེད།
མཉམ་སྤྱོད་བྱེད་སྐབས་ཀྱི་རྟགས་གཤམ་གྱི་གན་འདྲ་ཡིན།

ད་ནི་གང་བཞག་དེ་ཁྱེད་ཀྱི་ཁ་པར་ནང་ཐོན་ཡོད་ངེས་ཡིན།
ཐེངས་འདིར་བཞག་པའི་གཞས་ནི་གཤམ་ལྟར་རེད། འདྲ་པར་ཐོག་དུ་ཆིག་གནོན་བྱས་ན་གཞས་ཚིག་འཆར་འོངས།

གོང་ནི་གཞས་ཞིག་ཀུ་ཤུ་ཁ་པར་ནང་དུ་འཇོག་ཚུལ་ཡིན་ལ། པར་དང་བརྙན། འཕྲུལ་དེབ་སོགས་བཞག་འདོད་ནའང་དེ་ལྟར་བཞག་ཆོག དྲ་བ་མི་དགོས་ཀྱང་།
ཡིད་ལ་འཛིན་དགོས་པ་ཞིག་ནི། ཁ་པར་ནང་དུ་བཞག་འདོད་པ་ཚང་མ་གློག་ཀླད་ནང་དུ་ཡོད་ན་ད་གཟོད་iTunesཡི་ནང་དུ་བཞག་སྟེ་ཁ་པར་དང་iPadནང་མཉམ་སྤྱོད་བྱེད་ཐུབ་པའོ།།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *