ཁ་པར་ཐོག་རླུང་འཕྲིན་ཉན་ཆས་ TuneIn Radio Pro


ཊུན་ཨིན་ tuneIn ཞེས་པའི་མཉེན་ཆས་དེ་ཡོད་ན་ཁྱེད་ཀྱིས་ཕྱི་ནང་རྒྱལ་ཁབ་སུམ་ཅུ་ལྷག་གི་ཆེད་གཏོང་རླུང་འཕྲིན་ལེ་ཚན་རྣམས་ཉན་ཐུབ་རྒྱུ་ཡོད། རླུང་འཕྲིན་གྱི་ལེ་ཚན་ལ་ཉན་སྐབས་གླུ་གཞས་དང་། བགྲོ་གླེང་། གསར་འགྱུར་བཅས་སྡེ་ཚན་ཆེ་བ་གསུམ་ལ་གཞིགས་ཏེ་འཚོལ་མྱུལ་བྱེད་པ་དང་། རྒྱལ་ཁབ་དང་སྐད་ཡིག་ལ་གཞིགས་ཏེ་བལྟ་ཉན་བྱེད་ཀྱང་ཆོག །ཊུན་ཨིན་མཉེན་ཆས་དེ་ཡོད་ན་རྒྱལ་ཁབ་ཕྱི་ནང་གི་ལེ་ཚན་ས་ཡ་ཁ་ཤས་ལ་ཉན་རྒྱུ་ཡོད་པ་བརྟེན་མཉེན་ཆས་སྤུས་ལེགས་དེ་ཕབས་ལེན་དང་བེད་སྤྱོད་བྱེད་མཁན་ཡང་ཧ་ཅང་མང་པོ་ཡོད། མཉེན་ཆས་དེ་ iOS, Android, Black Berry, Samsung, Windows Phone སོགས་ཚང་མའི་ཆེད་དུ་བཟོས་ཡོད་པར་བརྟེན་སོ་སོའི་ཁ་པར་ནང་ངོས་ནས་མཉེན་མཛོད་( apps ཡང་ན་ Play store )རྒྱུད་ཐད་ཀར་ཕབ་ལེན་དང་སྒྲིག་འཇུག་བྱེད་ཐུབ།

གལ་ཏེ་ཁྱེད་རང་བོད་སྐད་རླུང་འཕྲིན་(VOA Tibetan, Radio Free Asia) དང་དེ་མིན་གྱི་རླུང་འཕྲིན་གཞན་ཉན་འདོད་ན། མཉེན་ཆས་དེའི་འཚོལ་བཤེར་བྱེད་སའི་སྟེང་རླུང་འཕྲིང་ཁང་གི་མིང་བཀོད་དེ་བཙལ་ན་རླུང་འཕྲིན་དེ་དག་ཀྱང་ཉན་ཐུབ་ཀྱི་འདུག

དཔེ་མཚོན་རིས་མོ།




སྒྲིག་འཇུག་བྱེད་སྟངས།

སྤྱིར་བཏང་ཊུན་ཨིན་མཉེན་ཆས་དེ་ལ་རིན་མེད་དང་རིན་སྤྲོད་གཉིས་ཡོད། རིན་མེད་ལ་ཁྱབ་བསྒྲགས་རིགས་ཤར་འོང་བ་དང་། རླུང་འཕྲིན་ལེ་ཚན་ཉུང་བ་ཡོད། གལ་ཏེ་ཊུན་ཨིན་རིན་མེད་དེ་སྤྱོད་འདོད་ན། ཁྱེད་ཀྱི་ཁ་པར་ནང་ངོས་ནས་མཉེན་མཛོད་( apps ཡང་ན་ Play store )རྒྱུད་ཐད་ཀར་ཕབ་ལེན་དང་སྒྲིག་འཇུག་བྱེད་ན་འགྲིག རིན་སྤྲོད་མཉེན་ཆས་ལ་མཐུད་ཁ་འཛོམས་པ་དང་དོན་མེད་ཀྱི་ཁྱབ་བསྒྲིགས་རིགས་མེད། རིན་སྤྲོད་མཉེན་ཆས་ལ་ Pro ཟེར་འབྲི་སྲོལ་ཡོད་པ་དང་། ཉོ་དགོས་ན་རྒྱ་སྒོར་ Rs. 624.47 རེད་འདུག

གལ་ཏེ་རིན་སྤྲོད་མཉེན་ཆས་དེ་ལ་སྒོར་སྐར་གཅིག་ཀྱང་མི་ཤོར་བར་སྤྱོད་འདོད་ན། གསང་ཟ་གཏོར་ཟིན་པའི་གཤམ་གྱི་ TuneIn Radio Pro མཉེན་ཆས་དེ་ལོན། ཕབ་ལེན་གྲུབ་རྗེས་དྲ་རྒྱ་བཀག་ཏེ་མཉེན་ཆས་སྒྲིག་འཇུག་བྱེད་དགོས།

མཉེན་ཆས་ཕབ་ལེན།

ཡིག་ཆ་ཆེ་ཆུང་། 14.1mb
TuneIn Radio Pro


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *