སྲ་སྡེར་ C: ཆ་བགོས་དང་ཆེ་ཆུང་སྒྲིག་སྟངས།

གྲོགས་པོ་ལགས།  ངའི་གློག་ཀླད་གསར་བའི་ནང་གི་hard disk སྤྱིའི་ཤོང་ཚད་ལ་GB500 ཡོད་མོད། དེ་C དང་། D,E བཅས་ཁག་གསུམ་དུ་བགོ་བཤའ་བྱེད་སྐབས་ C ནང་དུ་སྟོང་ཆ་ GB 191 ཡོད་ཚུལ་གསལ་ཡང་།  དེ་ལས་གཞན་དུ་བགོ་བཤའ་བྱེད་མི་ཐུབ་པའི་གནད་དོན་ཅི་ཞིག་ཡིན་ནམ།  ཁོམ་སྐབས་ཤིག་དང་བསྟུན་ཏེ་ཡང་ལམ་སྟོན་ཞིག་གནང་རོགས།

ལན།

སྐར་ཁུང་ནང་སྲ་སྡེར་ཆ་བགོས་བྱེད་ཆེད་ Disk Manager རང་སྒྲིག་ཅིག་ཡོད། འོན་ཀྱང་དེས་སྤྱིར་བཏང་གི་བཀོལ་སྤྱོད་ཙམ་ལས་སྟབས་བདེ་པོ་དེ་ཙམ་མེད། དེར་བརྟེན་ཕྱི་ལོག་ནས་མཉེན་ཆས་དམིགས་བསལ་སྤྱད་དགོས། དེ་རིང་ཁྱེད་ལ་མཉེན་ཆས་མཚམས་སྦྱོར་བྱེད་རྒྱུ་ནི་ EASEUS Partition Master 10.5 ཟེར་བ་དེ་ཡིན། མཉེན་ཆས་དེ་སྤྱད་ན་སྲ་སྡེར་ཆེ་ཆུང་བཏང་རྒྱུ་དང་། སྲ་སྡེར་ནང་ཚན་གསར་བཟོ་བྱེད་རྒྱུ་སོགས་སྲ་སྡེར་དང་འབྲེལ་བའི་ལས་ཀ་རྣམས་ཧ་ཅང་ལས་ལྷ་པོ་ཆགས་ངེས་རེད།

མཉེན་ཆས་བེད་སྤྱོད་བཏང་སྟངས་གཤམ་གྱི་བརྙན་ཟློས་ལ་གཟིགས་རོགས། ཐུགས་ལ་ངེས་པར་འཇོག་དགོས་པ་ནི། སྲ་སྡེར་ C:\ ལ་ངེས་པར་སྟོང་ཆ་མི་ཉུང་བ་ཞིག་འཇོག་དགོས། གལ་ཏེ་ C:\ ལ་ས་ཆ་སྟོང་པ་ཉུང་དྲགས་ན། སྐང་ཁུང་གི་འཁོར་བསྐྱོད་དལ་དུ་འགྲོ་ངེས་རེད།

མཉེན་ཆས་སྒྲིག་འཇུག་བྱེད་སྟངས།

  1. མཉེན་ཆས་ཀྱི་ཡིག་ཁུག་ནང་ epm_trial ཐོག་གནོན་ནས་སྒྲིག་འཇུག་བྱེད་དགོས།
  2. སྒྲིག་འཇུག་ཚར་ན་ཁ་མ་ཕྱེ།
  3. Fix ཞེས་པའི་ཡིག་ཁུག་ནང་ x64 དང་ x86 གི་ནང་གསེས་ཡིག་ཁུག་གཉིས་ཡོད། དེ་རེ་རེའི་ནང་ཡིག་ཆ་བཞི་རེ་ཡོད། དེ་དག་རེ་རེ་བྱས་ནས་ཁ་ཕྱེ་སྟེ་བཅུག་དགོས།
  4. གོང་རྣམས་ལག་བསྟར་གྲུབ་ན་མཉེན་ཆས་ཀྱི་གསང་ཟ་གྲོལ་ཟིན་པས། མཉེན་ཆས་དེའི་ནུས་པ་ཆ་ཚང་སྤྱད་ཆོག

མཉེན་ཆས་ཕབ་ལེན།

ཡིག་ཆ་ཆེ་ཆུང། 28.2MB
EASEUS Partition Master 10.5 ཕབས་ལེན་དྲ་གནས་དང་པོ།
EASEUS Partition Master 10.5 ཕབས་ལེན་དྲ་གནས་གཉིས་པ།

གལ་ཏེ་དོགས་དྲི་དང་བསམ་ཚུལ་ཡོད་ན། གཤམ་གྱི་མཆན་བཀོད་སའི་ནང་མཆན་བཀོད་རོགས།


2 མཆན་གྲངས།:

  1. ཇུས་བཀོད་སློབ་སྟོན་པ་ལགས་རྒྱུད་ཁུངས་མ་ལག་སོགས་རྩིས་འཁོར་ནང་གཉེན་ཆས་གང་དང་གང་ཡང་མགོ་རིམ་བཞིན་ལེགས་པོར་བླུགས་སྟངས་ཞིག་གསུང་རོགས་ཞུ།

    ReplyDelete
    Replies
    1. སྐར་ཁུང་བདུན་པ་ནང་འཇུག་བྱེད་སྟངས་ཆ་ཚང་དྲ་སྣེ་ http://www.sonamdawa.com/2014/06/window-7-installation.html འདིར་གཟིགས།

      Delete

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *