ཕྱི་ཟླ་བདུན་པའི་ནང་Window10འགྲེམས་སྤེལ་བྱེད་རྒྱུ།

ཕྲ་མཉེན་ཚང་ (Microsoft) གི་སྐར་ཁུང་ 10 དེ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་རྒྱལ་སྤྱིར་ཁྲོམ་འགྲེམས་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད། སྐར་ཁུང་ 7 དང་ སྐར་ཁུང་ 8/8.1 ཡོད་མཁན་ཚོས་དྲ་རྒྱའི་རྒྱུད་སྐར་ཁུང་བཅུ་པའི་ཐོག་རིན་མེད་རིམ་སྤར་བྱས་ཆོག་པ་དང་། སྐར་ཁུང་ 10 ཡོད་མཁན་ཚོར་ཕྲ་མཉེན་ཚང་གི་རིམ་སྟུད་ཀྱི་རྒྱབ་གཉེར་གནང་རྒྱུའི་ཁས་ལེན་བྱས་ཡོད།

ཕྲ་མཉེན་ཚང་ (Microsoft) གི་སྐར་ཁུང་ 10 དེ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་རྒྱལ་སྤྱིར་ཁྲོམ་འགྲེམས་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད། སྐར་ཁུང་ 7 དང་ སྐར་ཁུང་ 8/8.1 ཡོད་མཁན་ཚོས་དྲ་རྒྱའི་རྒྱུད་སྐར་ཁུང་བཅུ་པའི་ཐོག་རིན་མེད་རིམ་སྤར་བྱས་ཆོག་པ་དང་། སྐར་ཁུང་ 10 ཡོད་མཁན་ཚོར་ཕྲ་མཉེན་ཚང་གི་རིམ་སྟུད་ཀྱི་རྒྱབ་གཉེར་གནང་རྒྱུའི་ཁས་ལེན་བྱས་ཡོད།

ད་ལྟ་སྐར་ཁུང་ 10 བཟོ་བསྐྲུན་ཨང་ Build 10122 ཟིན་ཡོད་པདང་། ཚོད་ལྟའི་ཆེད་ཕབ་ལེན་དུ་འཇོག་ཡོད། འོན་ཀྱང་གློག་ཀླད་ AMD GPU ཡོད་མཁན་ཚོར་སྐར་ཁུང་ 10 གཏན་པོ་མེད་པ་དང་། ཡང་ཡང་ཁ་བརྒྱག་འགྲོ་བའི་གནད་དོན་ཞིག་འཕྲད་བཞིན་ཡོད་འདུག། ཕྲ་མཉེན་ཚང་གི་འགྲེལ་བརྗོད་ལྟར་ན་དེ་ནི་གཙོ་བོ་ད་ཐེངས་སྐར་ཁུང་ 10 པའི་ནང་སྔར་དང་མི་འདྲ་བའི་མཉེན་ཆས་མྱུར་པོ་ཁ་ཕྱེ་ཐུབ་པའི་དབུས་ཀྱི་སྒྲིག་བཀོད་ལ་འགྱུར་བཅོས་བཏང་བའི་རྐྱེན་གྱིས་ཡིན་སྲིད་པ་དང་ཟླ་བ་གཅིག་གི་རྗེས་སྐར་ཁུང་ 10 གཏན་པོ་ཡོང་བ་དང་། ཕབས་ལེན་བྱེད་ཆོག་པར་བཤད།

ལོ་ཤས་གོང་ཕྲ་མཉེན་ཚང་གིས་སྐར་ཁུང་ 8 སྤེལ་ཏེ་དེང་གི་གློག་ཀླད་དང་ཁ་པར་ཚང་མའི་ནང་བེད་སྤྱོད་ཡོང་རྒྱུར་འཚབ་ཚུབ་བྱས་ཡོད། འཚབ་ཚུབ་དེའི་འཁྲོད་དུ་སྐར་ཁུང་གསར་པར་བསྐྱར་ཞིབ་ཡག་པོ་བྱུང་མེད་པ་དང་དགོས་གལ་གྱི་ཆ་མང་པོ་ཞིག་ལེགས་གྲུབ་ཐུབ་མེད། དེར་བརྟེན་གློག་ཀླད་དང་། ཊེབ་ལེཊ། ཁ་པར་སོགས་གློག་ཆས་མང་དུ་སོང་བའི་དུས་སྐབས་སུ་སྐར་ཁུང་བརྒྱད་པའི་གཞི་ཁྱོན་ཆེ་རུ་འགྲོ་མ་ཐུབ་པར་ལྷག་ཡོད། ཕལ་ཆེར་རྒྱུ་མཚན་དེ་ལ་བརྟེན་ནས། ཕྲ་མཉེན་ཚང་གིས་ད་རེས་དུས་ཚོད་ཐུང་ཐུང་ནང་ཐོན་རིམ་གོང་ལས་ལྷག་པའི་སྐར་ཁུང་གསར་སྐྲུན་ལས་གཞི་འདི་བསྟིངས་པ་དང་། སྐར་ཁུང་གི་ཐོན་རིམ་ཨང་དགུ་པའི་ཚབ་ཏུ་བཅུ་པའི་ཐོག་མཆོང་པ་ཡིན་སྲིད།

སྐར་ཁུང་བཅུ་པའི་ཁྱད་ཆོས།


ད་ཐེངས་སྐར་ཁུང་བཅུ་པའི་འགྱུར་བཅོས་མངོན་གསལ་དོད་ཤོས་ནི་ Start གནོན་སའི་འགོ་འཛུགས་སྟེགས་བུ་དེ་ལ་མིང་ Spartan ཞེས་བཏགས་ཡོད་པ་དང་། དེའི་རྣམ་པ་ནི་སྐར་ཁུང་བདུན་པ་དང་བརྒྱད་པ་གཉིས་ཀའི་ཆ་ལྡན་ཡོད། ཡིག་ཆ་དང་མཉེན་ཆས་འཚོལ་བཤེར་སོགས་གཅིག་ལྕོག་ཏུ་སྤྱོད་རུང་བ་ཞིག་ཡིན། སྐར་ཁུང་བཅུ་པའི་ཁྱད་ཆོས་གསར་པ་རྣམས་ཤེས་འདོད་ན། སྐར་ཁུང་བཅུ་པའི་སྐོར་གྱི་རྩོམ་ཡིག་འདིར་གཟིགས་རོགས། http://www.sonamdawa.com/2014/12/window-10.html

སྐར་ཁུང་བཅུ་པ་ཕབས་ལེན།

སྐར་ཁུང་བཅུ་པ་འགྲེམས་བསྒྲགས་བྱེད་པའི་དུས་ཚོད་གཏན་འཁེལ་བའི་ཉིན་ཤས་རྗེས། སྐར་ཁུང་ 7/8/8.1 སྤྱོད་མཁན་མང་པོ་ཞིག་གློག་ཀླད་ཀྱི་ལས་བྱ་སྟེགས་བུའི་ (Taskbar) སྟེང་དུ་གཤམ་གྱི་བརྡ་ཁྱབ་འདི་འཆར་ཡོད། བརྡ་ཁྱབ་འདི་ནི་ད་ཡོད་ཁྱེད་ཀྱིས་སྤྱོད་བཞིན་པའི་སྐར་ཁུང་དེ་སྐར་ཁུང་ 10 ཐོག་རིམ་སྤར་བྱེད་རྒྱུའི་འདེམས་ག་སྤྲད་ཡོད། གལ་ཏེ་རིམ་སྤར་བྱེད་འདོད་ཚེ་ “reserve your free upgrade”  ཟེར་བ་དེའི་ཐོག་གནོན་དགོས། ཕབས་ལེན་བྱ་དགོས་རིགས་རྣམས་སྔོན་ཚུད་ནས་རྒྱབ་ལྗོངས་སུ་ཕབ་ལེན་བྱས་པ་དང་། ཕྱི་ཟླ་ ༧ ཚེས་ ༢༩ ཉིན་དུས་གཏན་འཁེལ་བ་ལྟར་ཁྱེད་ཀྱི་སྐར་ཁུང་གསར་འགྱུར་བྱེད་ངེས།

གལ་ཏེ་གོང་ལྟར་མ་ཡོང་ན། རྩིས་འཁོར་གྱི་ Control Panel > System and Security > Window Update ཐོག་གནོན་ནས་ཕབས་ལེན་གྱི་གྲ་སྒྲིག་བྱས་ནའང་འགྲིག

སྐར་ཁུང་གསར་འགྱུར་བྱེད་པར་དུས་ཡུན་ཇི་ཙམ་འགོར་མིན་གཙོ་བོ་གློག་ཀླད་ནང་སྐར་ཁུང་བཅུ་པའི་ཡིག་ཆ་ཕབ་ལེན་བྱས་ཚར་ཡོད་མེད་ལ་རགས་ལས་ཡོད། སྐར་ཁུང་ཕབ་ལེན་ཚར་ན་སྒྲིག་འཇུག་བྱེད་པར་སྐར་མ་ 20 ཡས་མས་འགོར་གྱི་ཡོད་ཚོད།

སྐར་ཁུང་བཅུ་པའི་ཁ་པར།

སྐར་ཁུང་བཅུ་པ་ནི་དེང་གི་གློག་ཀླད་དང་། ཊེབ་ལེཊ། ལེབ་ཊོབ། ལག་ཐོག་ཁ་པར་སོགས་ཀྱི་ནང་ལས་ཀ་བྱེད་ཐུབ། ཕྲ་མཉེན་ཚང་གི་ལས་མི་སྐུ་ཞབས་གཱ་བྷརེལ་ཨཱོལ་ (Gabriel Aul) གྱིས་འདི་ལོའི་ཕྱི་ཟླ་གཉིས་པ་དང་བཞི་པར་སྐར་ཁུང་བཅུ་པའི་ལག་ཐོག་ཁ་པར་གྱི་སྔོན་འཚུད་བལྟ་ཞིབ་ཐེངས་གཉིས་གསར་འགོད་གཟིགས་ཕུད་བྱས་ཡོད། སྐར་ཁུང་བརྒྱད་པ་ཡོད་མཁན་གྱི་ནོ་ཀི་ཡ་ཁ་པར་རྣམས་སྐར་ཁུང་བཅུ་པའི་ཐོག་རིན་མེད་རིམ་སྤར་བྱས་ཆོག་གི་ཡོད།

མཆན།

ཉེ་ཆར་གསར་དུ་ཉོས་པའི་གློག་ཀླད་ཀྱི་འཆར་ངོས། རྒྱ་གར་སྒོར་ 16974/- ཐོག་ཚོང་འགྱུར་བྱེད་ཀྱི་འདུག

Name

Android,41,Aphone,6,APK,12,Blogger,1,eBook,3,Freeware,1,Game,1,iPad,7,iphone,11,iPod,3,itune,1,Linux,3,Mac,6,Mobile,12,MS Excel,1,MS Word,2,Office,10,Photoshop,2,PowerPoint,8,PPT Draw,2,Wallpaper,1,wechat,9,Window,24,Wordpress,1,YouTube,1,གཞན་རྩོམ།,42,གླུ་གཞས།,5,གློག་ཀླད་ཀྱི་ལམ་འཕྲང།,32,གློག་བརྙན།,17,གསར་འཕྲིན།,74,གསལ་བསྒྲགས།,2,གུ་གུལ་ལམ་གྲོལ།,43,གུས་པའི་བཟོ་བཀོད།,42,ངོ་དེབ།,9,ཐབས་ཇུས་ཟབ་མོ་,93,ཐོན་ཟོག་གསར་པ།,11,དཔྱད་རྩོམ་གྱི་ལ་མོ།,15,དམིགས་བསལ།,8,དྲ་ཚིགས་ངོ་སྤྲོད་,40,དྲ་ཚིགས་མཚམས་སྦྱོར།,37,དྲི་བ་དྲིས་ལན།,15,ཕབ་ལེན།,1,ཕབས་ལེན།,65,བཅར་འདྲིའི་ལེ་ཚན།,1,བརྙན་ཟློས་ཀྱི་རྨུ་ཐག,52,བརྩམས་སྒྲུང་གི་རང་འཐག,5,བསྒྱུར་རྩོམ་གྱི་རྩ་ཐང།,3,མཉེན་ཆས་ངོ་སྤྲོད་,64,མི་ཚེ་ཡི་འཕོ་འགྱུར།,5,ཚོང་སྒྱུར།,5,ཟབ་སྦྱོང་།,7,ཟིན་བྲིས་བཟོ་བཀོད་,16,འཕྲུལ་དེབ།,4,ལྷུག་རྩོམ་གྱི་རི་ཕྲེང།,17,སྙན་ངག་གི་གླིང་ག,2,
ltr
item
གློག་ཀླད་དང་ཁ་པར།: ཕྱི་ཟླ་བདུན་པའི་ནང་Window10འགྲེམས་སྤེལ་བྱེད་རྒྱུ།
ཕྱི་ཟླ་བདུན་པའི་ནང་Window10འགྲེམས་སྤེལ་བྱེད་རྒྱུ།
ཕྲ་མཉེན་ཚང་ (Microsoft) གི་སྐར་ཁུང་ 10 དེ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་རྒྱལ་སྤྱིར་ཁྲོམ་འགྲེམས་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད། སྐར་ཁུང་ 7 དང་ སྐར་ཁུང་ 8/8.1 ཡོད་མཁན་ཚོས་དྲ་རྒྱའི་རྒྱུད་སྐར་ཁུང་བཅུ་པའི་ཐོག་རིན་མེད་རིམ་སྤར་བྱས་ཆོག་པ་དང་། སྐར་ཁུང་ 10 ཡོད་མཁན་ཚོར་ཕྲ་མཉེན་ཚང་གི་རིམ་སྟུད་ཀྱི་རྒྱབ་གཉེར་གནང་རྒྱུའི་ཁས་ལེན་བྱས་ཡོད།
http://3.bp.blogspot.com/-igfLDV0Z2UU/VXFJJOMiYtI/AAAAAAAAJds/LFRcpKUJDyE/s640/window10_003.jpg
http://3.bp.blogspot.com/-igfLDV0Z2UU/VXFJJOMiYtI/AAAAAAAAJds/LFRcpKUJDyE/s72-c/window10_003.jpg
གློག་ཀླད་དང་ཁ་པར།
http://www.sonamdawa.com/2015/06/window10.html
http://www.sonamdawa.com/
http://www.sonamdawa.com/
http://www.sonamdawa.com/2015/06/window10.html
true
8975001132631270234
UTF-8
རྩོམ་ུཡིག་ཡོངས་འཆར་ཟིན། རྩོམ་ཡིག་གང་ཡང་རྙེད་མ་སོང་། ཆ་ཚང་ལྟ། འཕྲོ་ཀློགས། ལན་སློགས། ལན་ཕྱིར་འཐེན་བྱེད། སུབ། སྤེལ་མཁན། གཙོ་ངོས། ཤོག་ངོས། རྩོམ་ཡིག ཆ་ཚང་ལ་ལྟ། འབྲེལ་ཡོད་རྩོམ་ཡིག་གཞན། སྡེ་ཚན། ཡིག་ཚགས། འཚོལ་བཤེར། རྩོམ་ཡོངས། ཁྱེད་ཀྱིས་འཚོལ་བཞིན་པའི་རྩོམ་ཡིག་འདི་མིན་འདུག གཙོ་ངོས་སུ་ལོག གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཉི་མ། ཟླ་བ། མིག་དམར། ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཅིག ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཉིས། ད་ལྟ་རང་། སྐར་མ་གཅིག་སྔོན་ལ། $$1$$ minutes ago ཆུ་ཚོད་ 1 སྔོན་ལ། $$1$$ hours ago ཁ་སང་། $$1$$ days ago $$1$$ weeks ago ཟླ་བ་ 5 ཙམ་གོང་། རྗེས་བཞུགས་པ། རྗེས་བཞུགས། ནང་དོན་འདི་ནི་ཆེད་དུ་བཀག་ཡོད། ངོ་དེབ་དང་ཊེའུ་ཊར་གྱི་དྲ་གནས་ཁག་ཏུ་རྒྱུད་སྤེལ་རེ་བྱས་ན་ནང་དོན་ལྟ་ཐུབ། Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy