དྲ་ཚིགས་བཟོ་བར་ཐོག་མར་ཤེས་དགོས་པའི་གནད་དོན་བཞི།

རཱོ་མན་ཇེ་ལིན་ཀི།
རིགས་སློབ། རིན་ཆེན་དབང་རྒྱལ་གྱིས་བསྒྱུར།

གཅིག སྦྱང་བྱ་མང་དུ་ཡོད་པ།

གལ་ཏེ་ཁྱོད་ཀྱིས་རྩོམ་ཡིག་འདི་ཀློག་གིན་ཡོད་ཚེ་ཕལ་ཆེར་རང་ཉིད་ལ་དྲ་ཚིགས་ཤིག་མེད་པའམ་ཡང་ན་དྲ་ཚིགས་བཟོ་སྐྲུན་བྱེད་སྟངས་ཕྱོགས་ཙམ་ལས་ཤེས་ཀྱི་མེད་མཁན་ཞིག་ཡིན་སྲིད། དྲ་ཚིགས་མང་པོ་ཞིག་ལ་བལྟ་ཀློག་བྱས་མྱོང་ནའང་རང་ཉིད་ལ་དབང་བའི་དྲ་ཚིགས་ཤིག་ད་དུང་བཟོས་མྱོང་མེད་པས་བཟོ་ཨེ་ཤེས་ན་བསམ་པའི་དངངས་སྐྲག་ཅུང་ཟད་ཡོད། ཁྱོད་ཀྱིས་དྲ་ཚིགས་བཟོ་བར་ཚོད་བལྟ་བྱས་ཡོད་ལ་དེས་སེམས་ལ་དངངས་སྐྲག་ཅུང་ཟད་བསླངས་ཡོད། ཡང་ན། ཁྱོད་གློག་ཀླད་རིག་པའི་སྤྱིའི་ཤེས་བྱ་ཤེས་མཁན་ཞིག་ཡིན། ཚིག་གི་ལས་སྣོན་བྱེད་སྟངས་དང་། དྲ་རྒྱའི་ནང་དུ་གནས་ཚུལ་སྣ་ཚོགས་འཚོལ་ཞིབ་བྱེད་ཐུབ་མཁན་ཞིག་ཡིན། ལྷག་པར་དུ་ཁྱོད་ཀྱིས་ཨེ་མཱ་ཛོན་དྲ་ཐོག་ཚོང་ཁང་ནས་དེབ་མངགས་ཉོ་བྱས་མྱོང་ཡོད། འོན་ཀྱང་། རང་ཉིད་ལ་དྲ་ཚིགས་བཟོ་བ་ནི་ད་དུང་ཐག་རིང་ཞིག་ཡིན། དྲ་ཚིགས་བཟོ་བ་ནི་སྙིང་རུས་ཆེར་བསྐྱེད་ཀྱིས་སྦྱོང་དགོས་པའི་ཤེས་བྱ་ཞིག་ཡིན་ཞིང་དེ་ལ་སྦྱང་བྱའི་རིགས་ཤིན་ཏུ་མང་། ཁྱོད་ཀྱིས་གློག་ཀླད་རིག་པའི་བརྡ་ཆད་བསྡུས་ཚིག HTML, CSS, HTTP, RSS, SEO འདི་དག་ཐོག་མར་མཐོང་སྐབས་དེ་རྣམས་ཁྱོད་ལ་གསར་རྐྱང་གི་སྐད་བརྡ་ཤ་སྟག་ཡིན་པས་མིག་ལ་ངལ་བ་སྟེར་སྲིད། བྱ་བ་གང་ལའང་ཐོག་མར་འཇུག་སྐབས་དངངས་སྐྲག་ཅུང་ཟད་རེ་ཡོད་པས་ཁྱོད་ཀྱིས་བརྡ་ཆད་འདི་དག་ཐོག་མར་སྦྱོང་སྐབས་ཀྱང་སློབ་ཆུང་སློབ་མ་ཞིག་དང་འདྲ་བའམ་ཡང་ན་ལས་ཀ་ལ་ཐོག་མར་འགྲོ་མཁན་གྱི་སློབ་ཐོན་པ་ཞིག་དང་འདྲ་བར་སེམས་ལ་དངངས་སྐྲག་ཅུང་ཟད་ཡོད། ད་དུང་དེ་དང་དེའི་རྗེས་སུ་གང་བྱེད་དགོས་མིན་མ་ཤེས་པར་སྦྱོང་འདོད་ཀྱི་ཚོར་བ་ཡོངས་སུ་བརླག་སྲིད། འོན་ཀྱང་ཐུགས་ཁྲལ་མ་བྱེད། དེ་ནི་སྐད་བརྡ་འདི་དག་སྦྱོང་མཁན་ཀུན་ལ་འཕྲད་སྲིད་པའི་སྤྱི་ཡོངས་ཀྱི་གནད་དོན་ཞིག་རེད། ཉིས་སྟོང་དགུའི་ཟླ་བ་བཅུ་པར་ང་ཡང་ཁྱོད་དང་འདྲ། སྐབས་དེར་ངས་གློག་ཀླད་ནང་དུ་འཕྲིན་ཡིག་འབྲི་བ་དང་གསར་འགྱུར་ལ་བལྟ་ཀློག་བྱེད་ཤེས་པ་ཙམ་ལས་དྲ་ཚིགས་བཟོ་སྟངས་སྐོར་གང་ཡང་ཤེས་ཀྱི་མེད་ལ། ལྷག་པར་དུ་སྦྱོང་གཞིའི་ཤེས་བྱར་གསར་རྐྱང་གི་ཐ་སྙད་དང། ལམ་སྟོན། སྦྱོང་ཚུལ། མཉེན་ཆས། བགྲོ་གླེང་། ཟིན་བྲིས། དྲ་ཚིགས། དེབ་སོགས་ཧ་ཅང་མང་དྲག་པའི་ཚོར་སྣང་སྐྱེས་པ་ད་ལྟའང་དྲན་གྱི་འདུག དེ་ནི་ང་ཤིན་ཏུ་ཆེ་བའི 747 རྟགས་ཅན་གྱི་རླངས་འཕྲུལ་གནམ་གྲུའི་ཁ་ལོ་བའི་ཁང་མིག་ཏུ་བསྡད་དེ་ད་གནམ་གྲུ་འཕུར་ཅིག་ཟེར་བ་དང་འདྲ།

ཐོག་མར་དྲ་ཚིགས་བཟོ་སྐབས་མཚམས་རེར་མགོ་འཐོམ་པ་དང་ལན་རེར་ནོར་ཏེ་རང་ཉིད་ལ་གླེན་རྟགས་ཀྱི་དྲི་བ་དེ་འདྲ་ཡང་འདྲི་མི་སྲིད་པ་མིན། འོན་ཀྱང། དེ་ནི་དྲ་ཚིགས་ལག་རྩལ་པ་ཀུན་ལ་བྱུང་མྱོང་ཞིང་ང་ལའང་དེ་ལྟར་བྱུང་། གལ་ཆེ་བ་ནི་གསང་བའི་སྐད་བརྡ་འདི་དག་སྦྱོང་སྐབས་གནས་ཚུལ་མང་པོར་རྒྱུས་ལོན་བྱེད་དགོས་པ་དག་གིས་དངངས་སྐྲག་ནམ་ཡང་སྐྱེ་རུ་འཇུག་རྒྱུ་མེད། ཆུང་ས་ནས་འགོ་བཙུགས་ཏེ་ལུས་པོ་འཁྱར་འཁྱོར་གྱིས་གོམ་པ་སྤོ་དགོས། གལ་ཏེ་གློག་ཀླད་སྐད་བརྡ་རིག་པ་ཆ་ཚང་བ་ཞིག་མ་ཤེས་ཀྱང་སྐྱོན་མེད། ཐོག་མར་དེའི་སྐོར་གྱི་རྩོམ་ཡིག་དང་ཟུར་བལྟས་སློབ་ཚན་སོགས་བལྟ་ཀློག་གིས་གློག་ཀླད་རིག་པའི་ཤེས་བྱའི་ལྡུམ་རའི་ནང་དུ་འགྲུལ་བཞུད་བྱེད་དགོས། ག་ལེར་ཉུང་ངུ་རེ་ཤེས་པར་བྱེད་དགོས་པ་ལས་ཚོུད་གཅིག་གི་ནང་དུ་ཅི་ཡང་ཤེས་མི་སྲིད། དུས་ཚོད་ཕུད་དེ་སྦྱོང་བརྡར་བྱོས། སྦྱོང་འདོད་ཀྱི་ཚོར་བ་ཆེར་བསྐྱེད་ཀྱིས་དུས་ཐུང་ངུའི་ནང་ཅུང་ཟད་རེ་ཤེས་པར་གྱིས། ཐོག་མར་དྲ་ཤོག་གཅིག་རྐྱང་ཅན་ཞིག་ཁ་ཕྱེ་སྟེ་ཡིག་རིས་སྦྲེལ་མཐུད་དང་། པར་རིས་ཁ་སྣོན། ཡིག་གཟུགས་ཕྲ་སྦོམ་ཅན་དུ་གཏོང་བ་སོགས་ནས་འགོ་འཛུགས་དགོས། ངས་གློག་ཀླད་ཤེས་བྱའི་སྐོར་གྱི་སློབ་ཚན་སྦྱོང་བར་འཛིན་གྲྭ་གཅིག་ཀྱང་འགྲོ་མྱོང་མེད། དྲ་ཚིགས་འདི་མ་བཟོས་པའི་སྔོན་དུ་ང་དྲ་ཚིགས་བེད་སྤྱོད་གཏོང་མཁན་ཞིག་ཡིན་པ་ལས་དྲ་ཚིགས་ལག་རྩལ་པ་ཞིག་མིན། སྐབས་དེར་ངས་གློག་ཀླད་ཤེས་བྱའི་སྐོར་གྱི་སྐད་བརྡ་འདི་དག SEO, RSS, HTML གཅིག་ཀྱང་ཤེས་ཀྱི་མེད། ཡིན་ན་ཡང་། ག་ལེར་བློ་རྩ་བརྟན་པོས་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ཏེ་ད་ལྟ་ང་དྲ་ཚིགས་ལག་རྩལ་པ་ཞིག་ཏུ་གྱུར་ཟིན། དེ་ནི་ཉིན་གཅིག་གི་དུས་ཡུན་ཙམ་མིན་པར་བརྒྱུད་རིམ་ཞིག་རེད། ཁྱོད་ད་ལྟའི་དྲ་ཚིགས་འདིར་ཡོང་སྟེ “དྲ་ཚིགས་བཟོ་བར་ཐོག་མར་ཤེས་དགོས་པའི་གནད་དོན་བཞི།” ཟེར་བའི་དྲ་ངོས་འདི་ཀློག་གིན་ཡོད་པས། ཁྱོད་ནི་དྲ་ཚིགས་ལག་རྩལ་པ་ཞིག་ཆགས་པའི་ལམ་དུ་ཞུགས་ཚར་ཞིང་། རང་ཉིད་ལ་དྲ་ཚིགས་བཟོ་བའི་བརྒྱུད་རིམ་དེ་འགོ་བཙུགས་ཟིན་པ་གསལ་པོ་ཡིན། དྲ་ཚིགས་བཟོ་བའི་གོམ་པ་དང་པོ་ནི་སྦྱོང་འདོད་ཀྱི་བསམ་བློ་དེ་ཡིན། ཁྱོད་ད་ལྟ་གོམ་པ་གཉིས་པ་དྲ་ཚིགས་གང་འདྲ་བཟོ་དགོས་མིན་གྱི་མཚམས་སུ་སླེབས་ཡོད། ངས་ཁྱོད་ལ་ཡིད་སྨོན་སྐྱེ་ཡི་འདུག ཁྱོད་མདུན་གྱི་འཇིག་རྟེན་ནི་འཇིག་རྟེན་ཁམས་གསར་པ་ཞིག་དང་། གང་དུའང་མདུན་སྐྱོད་བྱེད་ཆོག་པའི་ལས་དོན་གསར་པ་ཞིག་གི་འགོ་རྩོམ་བཞིན་ཡོད། དྲ་ཚིགས་བཟོ་སྐྲུན་གྱི་མཐུན་རྐྱེན་ལེགས་ཤོས་འཇིག་རྟེན་ཁམས་གསར་པ་ཞིག་ཏུ་འགྲུལ་བཞུད་ཀྱིས་སྐད་བརྡ་གསར་པ་ཞིག་སྦྱོང་ཞིང་། མི་སྣ་གསར་པ་མང་པོ་ཞིག་ལ་ཐུག་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། འོན་ཀྱང་། དྲ་ཚིགས་བཟོ་བ་ནི་སཱི་ཊན་རྒྱལ་ཁབ་ཀྱི (IKEA) བཟོ་ཆས་ཚོང་ཁང་ནས་ཐོན་པའི་ཞིབ་ཚགས་པོས་འབིགས་ཀྱིས་ཟུར་བཞིར་བུ་ག་ཕུག་སྟེ་གཅུས་གཟེར་རྒྱབ་པའི་རྐུབ་སྟེགས་བཟོ་བ་དང་མི་འདྲ་ཞིང་། ཟུར་གཅིག་ནས་གཅིག་བརྒྱུད་དེ་གོམ་པ་ལྔ་པ་ཞིག་སྤོ་དགོས་དོན་མེད་མོད། དྲ་ཚིགས་ཀུན་ལ་ལག་རྩལ་རང་བཞིན་ལྡན་པའི་ཐུན་མོང་གི་ཁྱད་ཆོས་རེ་ཡོད་པས། ཁྱོད་ཀྱིས་ལྕགས་རྡོག་ཁབ་ཏུ་བསྒྱུར་བ་ལྟ་བུའི་སྙིང་རུས་བསྐྱེད་དགོས། རང་ཉིད་ཀྱི་དྲ་ཚིགས་ནི་རང་ཉིད་ཀྱི་ཌི་ཨེ་ཨེན (DNA) རིགས་རྒྱུན་ལྡན་པའི་གཅེས་པའི་ཕྲུ་གུ་དང་འདྲ་ཞིང་། རང་ཉིད་ཀྱི་ལག་རྩལ་རང་བཞིན་གྱི་ཁྱད་ཆོས་ཀྱང་ལྡན་ཡོད་པས། ཁྱོད་ཀྱིས་རྒྱུན་ལྡན་དུ་དེ་ལ་བསམ་བློ་བཏང་སྟེ་སྔར་བས་ལེགས་པའི་ཇུས་འགོད་ཅིག་བྱེད་དགོས་སྙམ་པ་དང་། ག་ལེར་འཚར་ལོངས་བྱེད་དུ་བཅུག་སྟེ་ཀུན་ལས་མཛེས་ཤིང་བལྟ་ན་སྡུག་པ་ཞིག་ཏུ་བཟོ་སྐྲུན་བྱེད་དགོས་སྙམ་གྱི་རེད། མི་ནི་དུད་འགྲོ་དང་མི་འདྲ་བར་དངོས་པོ་གསར་སྐྲུན་བྱེད་འདོད་ཀྱི་འདུན་པ་ཡོད་པར་མ་ཟད་ད་དུང་དེའི་ནུས་པ་ཡང་ཡོད། མིའི་རིགས་ཀྱིས་ཕྱོགས་ཡོངས་ནས་ཤེས་བྱ་ཉུང་ངུ་དང་ཆ་ཤས་རེ་རེ་བཞིན་འཚོལ་སྡུད་ཀྱིས་བཟོ་དབྱིབས་དང་རྣམ་པ་གསར་པ་ལྡན་པའི་དངོས་པོ་སྣ་མང་གསར་སྐྲུན་བྱེད་ཐུབ། ང་ཚོ་ཡང་འཛམ་གླིང་གི་གསར་གཏོད་མཁས་པ་ཤེ་ཁི་སེ་ཧྥིར་དང་། མའ་ཁལ་གྷེ་ལོ། མཱོ་ཛར་ཊ་སོགས་དང་འདྲ་བར་གདོད་མའི་རྡུལ་འདུས་ཀྱི་རིགས་རྒྱུན་ལས་དངོས་པོ་གསར་སྐྲུན་གྱི་ནུས་པ་ཡོད་པ་གཅིག་མཚུངས་སུ་སྐྱེས་པས། ཡང་དག་པའི་ཐབས་ལམ་ཞིག་ལ་བརྟེན་ནས་ཤེས་བྱ་ཉུང་ངུ་འཚོལ་སྡུད་ཀྱིས་ཡང་ཡང་བཟོ་བཅོས་བྱེད་ཚེ་ད་གཟོད་སྔར་མེད་པའི་དངོས་པོ་གསར་སྐྲུན་བྱེད་ཐུབ་པ་གོར་མ་ཆག ། ཐོག་མར HTMLདང་ CSS སྐད་བརྡའི་སྐོར་ཤེས་བྱ་འཚོལ་སྡུད་བྱོས། དེ་ནས་ཁྲུས་ཁང་དུ་སོང་སྟེ་གཟུགས་པོ་བཀྲུས། སྦག་སྦག་ཞོན་ནས་གཅེས་ཁྱི་ཁྲིད་དེ་དགོང་ཟས་ཟ་རུ་སོང། དེ་ནས་སླར་ཡང་སྦྱོང་འགོ་བཙུགས་ན་སྔར་བས་མང་དུ་ཤེས། ད་ནས་བཟུང་ཉིན་རེའི་ཐབས་ལམ་འདི་འདྲ་སྤྱད་དེ་བྱས་ན་ད་གཟོད་དྲ་ཚིགས་བཟོ་འདོད་ཀྱི་འདུན་པ་ཤུགས་ཆེར་འཕེལ་ཞིང་། དེ་ལ་བརྟེན་ནས་གདོད་མའི་རྡུལ་འདུས་རིགས་རྫས་ལས་མིར་ཆགས་པའི་གོ་རིམ་ལྟར་ཉུང་ངུ་ཆེན་པོར་སྒྱུར་བའི་འབད་བརྩོན་གྱིས་ད་གཟོད་བཟོ་དབྱིབས་དང་རྣམ་པ་མི་འདྲ་བ་ལྡན་པའི་དྲ་ཚིགས་གསར་སྐྲུན་བྱེད་ཐུབ། གལ་ཏེ་ཁྱོད་ཀྱིས་དྲ་ཚིགས་བཟོ་བའི་ལག་རྩལ་ཡོངས་སུ་ཤེས་ཚེ་ད་གཟོད་དྲ་ཚིགས་སྟེང་ནས་སྒོར་མོ་ཅི་ཙམ་བསགས་ཐུབ་པ་དང། ཟིན་བྲིས་གྲོགས་པོ་དང་། དྲ་ཐོག་སྐུ་མགྲོན་ཅི་ཙམ་ཡོད་ཀྱང་དེ་དག་གིས་གཞན་ལ་མེད་པའི་ཁྱོད་ཀྱི་ལག་རྩལ་དེ་ནམ་ཡང་འཕྲོག་བཅོམ་བྱེད་མི་ཐུབ། དེས་ན་དྲ་ཚིགས་བཟོ་སྐྲུན་ལ་འབད་ཅིག 

གཉིས། HTML སྐད་བརྡ།

HTML ནི་ཡིག་རིས་སྦྲེལ་མཐུད་ཀྱི་སྐད་བརྡ་ཡིན་ཞིང་། འཚོལ་ཆས་ལ་ཡིག་རིས་རྣམས་འཆར་བྱེད་ཀྱི་བརྡ་སྐྱེལ་མ་ལག་གཙོ་བོ་ཡིན། སྐད་བརྡ་དེ་ཡིག་འབྲུ་རེའི་གཡས་གཡོན་དུ་གསང་བརྡ་རེ་ཁ་སྣོན་གྱིས་གྲུབ་པ་ཞིག་ཡིན། དཔེར་ན། དྲ་ཤོག་ངོས་སུ་ཡིག་འབྲུ་དང་གསང་བརྡ་མཉམ་སྡེབ་བྱས་པ འདི་བྲིས་ཚེ་དྲ་ངོས་ཡིག་གཟུགས་ཕྲ་བ་ནས་སྦོམ་པོར་འགྱུར་བ་ཡིན། འོན་ཀྱང། འདས་པའི་ལོ་རབས་ནང HTML སྐད་བརྡ་འདི་ཡིག་འབྲུ་ལས་གཙོ་བོར་གསང་བརྡས་གྲུབ་པ་ཡིན། HTML སྐད་བརྡས་རེའུ་མིག་དང་། འགེངས་ཤོག པར་རིས་སོགས་བཟོ་ཐུབ་ཅིང། མདོར་ན། དྲ་ངོས་ཀྱི་བཟོ་དབྱིབས་དང་སྣང་བརྙན་ཀུན HTML སྡེབ་འབྲི་བྱས་པ་ལས་གྲུབ་པ་ཤ་སྟག་ཡིན། HTML སྐད་བརྡ་གཏིང་ཟབ་པར་ཤེས་པ་ནི་དྲ་ཚིགས་བཟོ་སྐྲུན་བྱེད་པ་ལས་དཀའ་མོད། སྟབས་ལེགས་པ་ཞིག་ལ་དྲ་རྒྱའི་ནང་དུ་ཁྱོད་ལ་ལམ་སྟོན་བྱེད་པའི་ཉེར་མཁོའི་ཟུར་བལྟས་སློབ་ཚན་དང་རྩོམ་ཡིག་སོགས་མང་དུ་ཡོད། ངས་གཙོ་བོར W3 Schools ཟེར་བའི་དྲ་ཚིགས་ནང་དུ་ལས་དང་པོ་ནས་མཐོ་རིམ་གནས་ཚད་བར་གྱི་ཟུར་བལྟས་སློབ་ཚན་བལྟ་ཀློག་བྱས་པ་ལས HTML བརྡ་ཆད་འདི་ཤེས་ཤིང་། དེ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཞིག་རེད། ཁྱོད་ཀྱིས་ཀྱང་དུས་ཁོམ་བྱུང་དུས་ཟུར་བལྟས་སློབ་ཚན་བལྟ་ཀློག་དང་། བར་སེང་གི་སྐབས་སུ HTML སྐད་བརྡ་སྡེབ་འབྲི་བྱས་ཏེ་པར་རིས་དང་། རེའུ་མིག ཡིག་གཟུགས་ཟུར་ཉལ་ཅན་བཟོས་པ་ནས་འགོ་ཚུགས་ཤིག ཞོར་དུ HTML སྐད་བརྡའི་ནང་དོན་འགྲེལ་བཤད་མདོར་བསྡུས་བྱས་པའི་དཔེ་དེབ་ཅིག་ལ་བལྟ་ཀློག་བྱེད་དགོས། དཔེར་ན། ཅིའི་ཕྱིར HTML སྐད་བརྡ་འདི་བཟོས་པ་དང། དེ་གལ་ཆེན་དོན་ཅི་ཡིན། དུས་ནམ་ཞིག་ལ་བེད་སྤྱོད་བྱས་པ་ཡིན་མིན་སྐོར་ལ་བལྟ་ཀློག་བྱེད་དགོས། HTML སྐད་བརྡའི་དཔེ་དེབ་ཅིག་གིས་བརྡ་ཆད་འདིའི་སྤྱིར་བཏང་གི་དྲི་བ་འདི་དག་ལ་ལན་འདེབས་བྱེད་པར་མ་ཟད་ད་དུང་དེའི་ནང་དོན་ངོ་མ་ཅི་ཡིན་འགྲེལ་བཤད་རྒྱག་ངེས་ཡིན། ཁྱོད་ཀྱིས་རང་ཉིད་ལ HTML སྐད་བརྡ་སྐོར་གྱི་ཤེས་བྱ་གང་དགོས་པ་དེ་ཤེས་ན་འགྲིགས་པ་ལས་དེའི་ནང་དོན་ཡོངས་རྫོགས་ཤེས་དགོས་དོན་མེད་ལ། རྗེས་སུ་དྲ་ཚིགས་བཟོ་སྐབས་སྔར་དཔེ་ཀློག་སྐབས་ཟིན་ཐོ་གང་བཀོད་པ་དེ་མ་བརྗེད་ན་འགྲིག་པས་ནང་དོན་ཡོད་ཚད་ཁྱོད་ལ་དགོས་མཁོ་མེད། དེས་ན། HTML སྐད་བརྡ་སྤྱིར་བཏང་གི་ཤེས་བྱ་སྟོན་པའི་དཔེ་དེབ་ཅིག་ཉོ་དགོས། དཔེ་དེབ་དེ་གང་མགྱོགས་བལྟ་ཀློག་བྱས་ཏེ HTML སྐད་བརྡ་རང་ཉིད་ཀྱི་ཀླད་པའི་ནང་དུ་སིམ་དུ་འཇུག་དགོས། སྤྱིར་སྐད་བརྡ་འདིའི་སྐོར་དཔེ་དེབ་བགྲང་གིས་མི་ལངས་པས་རང་ཉིད་ལ་གང་འཚམས་པ་དེ་བདམས་ཉོ་བྱོས། ངས Dummies series of books ཟེར་བའི་དེབ་དེ་ཉོས་པ་ཡིན། གང་ཡིན་ཟེར་ན་དེབ་དེའི་ནང་དུ HTML སྐད་བརྡ་སྐོར་གྱི་སྤྱིར་བཏང་གི་ཤེས་བྱ་ཡོངས་རྫོགས་འདུས་ཡོད། ང་འཛིན་གྲྭ་གཅིག་ཀྱང་མ་སོང་བར HTML for Dummies ཟེར་བའི་དཔེ་དེབ་བཀླགས་ཏེ་སྐད་བརྡ་འདི་ཤེས་བྱུང་། རྨང་གཞི་ཤེས་ན་ད་གཟོད་གཏིང་ཇེ་ཟབ་ཏུ་གཏང་རྒྱུ་ནི་ཧ་ཅང་སླ། དེ་ཡང་། གྷུ་གྷལ་འཚོལ་ཆས་ནང་དུ་སོང་སྟེ HTML སྐད་བརྡ་སྐོར་གྱི་དྲི་བ་མང་པོ་འཚོལ་ཞིབ་བྱེད་དགོས། HTML སྐད་བརྡ་སྐོར་གྱི་སྤྱིར་བཏང་གི་དྲི་བ་རེ་གཉིས་བཀླགས་པ་ལ་བརྟེན་ནས་ཁྱོད་ཀྱིས་ཉེར་མཁོའི་ཡོ་བྱད་རྣམས་འཚོལ་ཤེས་ངེས་ཡིན། དཔེར་ན། དྲ་ཤོག་ངོས་སུ་རེའུ་མིག་ཅིག་བཟོ་དགོས་ཚེ་གྷུ་གྷལ་འཚོལ་ཆས་ནང་དུ ‘table html’ ཞེས་བྲིས་ཏེ་བཙལ་ན ‘table html’ སྐོར་གྱི་དཔེ་སྣ་ཚོགས་རྙེད་ངེས་ཡིན། HTML སྐད་བརྡའི་རྨང་གཞིའི་ཤེས་བྱ་ཤེས་ན་ད་གཟོད་དེའི་སྐོར་གྱི་དཔེ་སྣ་མང་རྙེད་ངེས་ཡིན་པར་མ་ཟད། དཔེ་དེ་རྣམས་དབྱེ་འབྱེད་ལས་སླ་པོས་བྱེད་ཐུབ། ངས་དྲ་ཚིགས་འདིའི་རེའུ་མིག་ཐམས་ཅད་བཟོས་པ་ཡིན་མོད། ད་དུང་ཡང HTML tables སྐོར་གྱི་དཔེ་སྣ་ཚོགས་འཚོལ་ཞིབ་བྱེད་ཀྱི་ཡོད། གང་རྙེད་པའི་དཔེ་རྣམས་རང་ཉིད་ཀྱི་དགོས་མཁོ་དང་བསྟུན་ཏེ་བཟོ་བཅོས་ཀྱིས་དྲ་ངོས་སུ་འཇོག་གི་ཡོད། ཁྱོད་ཀྱིས་ཀྱང HTML སྐད་བརྡའི་ཆ་ཤས་རེ་རེ་བཞིན་བློར་བཟུང་མི་དགོས་པར་རང་ཉིད་ལ་གང་མཁོ་བ་དེ་ངོས་འཛིན་ཐུབ་ན་འགྲིག། 

གསུམ། CSS སྐད་བརྡ།

CSS ཡི་དོན་ནི་སྟོན་པ་མ་ཤི་ཀའི་འཁྲབ་སྟོན་པ་གྲགས་ཅན་ཟེར་བ་ཡིན་སྟབས། ཁྱོད་ཀྱིས་སྟོན་པ་མ་ཤི་ཀ་ལ་ཡིད་ཆེས་ཀྱི་དད་པས་དྲ་ཚིགས་བཟོ་ནའང་ད་དུང་དཀའ་ངལ་འཕྲད་སྲིད། CSS སྐད་བརྡ་ནི་དྲ་ཤོག་ངོས་ཀྱི་ནང་དོན་རིགས་དགར་བྱ་ཕྱིར་དུ་ཆུ་གཉེར་བཟོ་དབྱིབས་ལྡན་པའི་དྲ་ཤོག་བཟོ་བར་གཙོ་བོར་བཀོལ་སྤྱོད་བྱེད་པ་ཡིན། དེ་ནི་ཅུང་ཟད་སྦྱོང་དཀའ་བས་འཕྲལ་མར་ཤེས་མི་སྲིད། ངེས་པར་དུ་སློབ་སྦྱོང་བྱས་ཏེ་ཁོང་དུ་ཆུད་པར་བྱོས། དེ་ནས་གནོན་ཐེངས་གཅིག་ལས་མི་དགོས། དཔེར་ན། སྦག་སྦག་གཏོང་སྟངས་ཤེས་ན་ད་གཟོད་ཞོན་ཐེངས་གཅིག་ཡིན་པ་དང་འདྲ། ཁྱོད་རང་ལོ་ཉེར་གཅིག་ཟིན་དུས་མ་གཏོགས་སྦི་རག་འཐུང་བའི་འགོ་མི་བརྩམ། སྐབས་དེར་སྦི་རག་ཇི་ལྟར་འཐུང་དགོས་པ་དང་དེའི་བྲོ་བ་ངོ་མ་ཅི་ཡིན་ཤེས་ཏེ་མངོན་པར་བསྟོད་པ་ལྟར CSS སྐད་བརྡ་སྡེབ་འབྲི་བྱེད་ཚུལ་དང་དེ་ལ་ཡིད་སྨོན་སྐྱེ་བར་ཡང་དུས་ཚོད་དགོས་ཤིང་། ལྷག་པར་དུ CSS སྐད་བརྡ་སྦྱོང་བ་ཡང་སྦྱང་བྱ་གཞན་དང་འདྲ་བར་འབད་རྩོལ་བྱེད་དགོས། ཐོག་མར་ངལ་བ་དྲག་པོས་ཐེངས་བཅུ་ལ་བཟོས་ཀྱང་ད་དུང་ཚད་བཀག་དུས་ཚོད་ཡོལ་ཏེ་སྔར་བཞིན་བསྐྱར་ལོག་བྱེད་སྲིད། ཁྱོད་ཀྱིས་སློབ་གྲྭའི་རྒྱབ་ངོས་སུ་ཡོད་པའི་གད་སྙིགས་བླུག་སྣོད་འགྲམ་དུ་ཐེངས་དང་པོར་སྦི་རག་ཤེལ་དམ་དོ་ཨུ་ཚུགས་ཀྱིས་འཐུང་དུས་ཅི་འདྲས་སྣང་བ་སྐྱིད་པོ་ཞིག་མ་ཡིན་ནམ། དུས་ཚོད་ཕུད་དེ་བརྡ་ཆད་འདི་ལེགས་པར་ཤེས་པར་བྱས་ན་ད་གཟོད་བསྐྱར་ལོག་བྱེད་ཐེངས་རེ་རེ་ནི་སྔར་བས་མཛེས་པའི་དྲ་ཚིགས་ཀྱི་སྣང་བརྙན་རེ་རེ་ཡིན། CSS སྐད་བརྡའི་བྱེད་ལས་གཙོ་བོ་ནི་བརྗོད་གཞི་ལས་སྣང་བརྙན་དང་རྣམ་པ་སོ་སོར་ཕྲལ་ཏེ་རིགས་དགར་བྱེད་པ་དེ་ཡིན་ཞིང་། དྲ་ངོས་ཀྱི་ཆ་ཤས་གཅིག་ལ་འགྱུར་བ་བཏང་བ་ལས་དྲ་ངོས་ཀྱི་སྣང་བརྙན་རིལ་པོ་ལ་འགྱུར་བ་གཏོང་ཐུབ། དཔེར་ན། དྲ་ཤོག་བཟོ་བཀོད་བྱེད་སའི་ནང་དུ་འདི་སྡེབ་འབྲི་བྱས་ན་དྲ་ངོས་རིལ་པོའི་ཡིག་གཟུགས་ཚད་གཞི་ཨང་གྲངས་བཅུ་ནས་བཅུ་གཅིག་བར་ཆེ་རུ་གཏོང་ཐུབ། དེ་ནི་དྲ་ངོས་ཀྱི་དྲ་ཤོག་རེ་རེའི་ཡིག་གཟུགས་ཆེ་ཆུང་གཏོང་བར་དྲ་ཤོག་རེ་རེ་ཁ་ཕྱེ་བ་ལས་སླ་བ་གསལ་པོ་ཡིན། CSS སྐད་བརྡ་ལ་དྲ་ངོས་ཀྱི་བརྗོད་གཞི་མི་འདྲ་བ་ལས་པང་ངོས་དང་སྣང་བརྙན་བཅས་སོ་སོར་ཕྲལ་ཏེ་རིགས་དགར་བྱེད་པ་ལས་ད་དུང་ཕྱིན་ཆད་འགྱུར་བ་གཏོང་སླ་བའི་ཁྱད་ཆོས་ལྡན་ཡོད། གལ་ཏེ་ཁྱོད་ཀྱིས་སྐད་བརྡ་འདི་མ་ཤེས་ཚེ་ཟླ་གསུམ་སློབ་གསེང་གི་སྐབས་ཉིན་མཚན་མེད་པར་དྲ་ཤོག་རེ་རེའི་མཛུབ་གནོན་ལ་སྣུན་ཏེ་ངལ་བ་དྲག་པོ་བསྟེན་དགོས་པ་ནི་བཤད་མི་དགོས་ཤིང་། རྣམ་པ་དང་བརྗོད་གཞི་ཀུན་མཉམ་དུ་འདྲེས་ཏེ་ཨི་ཇིབ་ཀྱི་གནའ་བོའི་བརྡ་མཚོན་ཡིག་གཟུགས་ཀྱི་ནང་དོན་འགྲེལ་བཤད་རྒྱབ་པ་ལས་ཀྱང་དཀའ་ཞིང་། ན་ཉིན་སྟོན་པ་ཡེ་ཤུའི་འཁྲུངས་སྐར་ཉིན་ཤིང་སྡོང་ངོས་སུ་གློག་སྒྲོན་བཀལ་བ་ལས་ཀྱང་རྙོང་འཛིན་ཅན་ཞིག་ཏུ་འགྱུར་ངེས་ཡིན། ཡིན་ན་ཡང་། CSS སྐད་བརྡ་འདི་ཤེས་ཚེ་ད་གཟོད་པང་ངོས་ལས་རྣམ་པ་ལོགས་སུ་དགར་ཐུབ་ཅིང་། ཁྱོད་མཚོ་ཐོག་འཁྱམ་མྱུལ་བྱེད་སྐབས་གློ་བུར་དུ་སོ་མཱ་ལཱའི་མཚོ་ཇག་དང་གདོང་ཐུག་རྒྱབ་ཀྱང་ད་དུང་ཁྱོད་ཀྱིས་ལས་སླ་པོས་དྲ་ངོས་བཟོ་བཅོས་བྱེད་ཐུབ། CSS སྐད་བརྡ་སྦྱོང་བའི་ཐབས་ལམ་ལེགས་ཤོས་ནི་སྦྱོང་བརྡར་དྲ་བརྙན་ཉུང་ངུ་རེ་ལ་བལྟ་དགོས་པ་དེ་ཡིན། W3 Schools དྲ་ཚིགས་ནང་དུ CSS སྐད་བརྡ་སྦྱོང་བར་མཁོ་བའི་ཟུར་བལྟས་སློབ་ཚན་མང་པོ་འདུག ཟུར་བལྟས་སློབ་ཚན་བལྟ་ཀློག་བྱས་པ་ལས་འདི་ཤེས་ཏེ་འཕྲལ་མར་དྲ་ངོས་ཀྱི་སྣང་བརྙན་ལ་འགྱུར་བ་གཏོང་ཐུབ་ཅིང་དཔེ་སྣ་ཚོགས་བཟོ་བཅོས་བྱེད་པ་ལས་ཁྱོད ནི CSS སྐད་བརྡའི་ཐད་ལ་གོ་རྟོགས་ཟབ་པའི་མི་ཞིག་ཏུ་འགྱུར་ངེས་ཡིན། དྲ་ཚིགས་བཟོ་བར CSS སྐད་བརྡ་ཤེས་དགོས་པའི་གནད་དོན་དེ་ནི་ཧ་ཅང་གལ་ཆེ་བ་བཤད་ཅི་དགོས། ཁྱོད་ཀྱིས་སྐད་བརྡ་འདི་ཐོག་མར་སྦྱོང་སྐབས་ཡུན་ཙམ་རིང་ཐང་ཆད་དེ་སྦྱོང་མཚམས་བཞག་སྲིད་མོད། འོན་ཀྱང་། སྐད་བརྡ་འདི་མ་ཤེས་པར་དྲ་ཚིགས་བཟོ་སྐྲུན་བྱེད་པ་དེ་ནི་དེ་བས་དཀའ་ངལ་ཆེ་རུ་གཏོང་བ་དང་ཁྱད་མེད་པས། ཐོག་མར CSS སྐད་བརྡ་ཤེས་པར་བྱས་ན་ད་གཟོད་སྔར་བས་ལེགས་པའི་དྲ་ཚིགས་བཟོ་སྐྲུན་བྱེད་ཐུབ། 

བཞི། དྲ་ཚིགས་ཀྱི་ལག་རྩལ་མཉེན་ཆས་དང་བཀོལ་སྤྱོད་བྱེད་སྟངས།

དྲ་ཚིགས་ལག་རྩལ་རིག་པའི་གཞུང་ལུགས་ལྟར་ན། ཁྱེད་ལ་གང་དགོས་པ་དེ་ནི་ནཱོ་ཊི་པེ་ཊི་ཡིན་ཟེར། གནའ་བོའི་གྷི་རཱི་སཱའི་ཆ་བགོས་རྩིས་རིག་པ་བསྐྱར་ཟློས་ཀྱིས་ས་ཆའི་གྲངས་ཁྲི་གཅིག་བར་བརྩི་ཐུབ་སྲིད་པ་ལྟར། ནཱོ་ཊི་པེ་ཊིའི་ནང་དུའང་དྲ་ཚིགས་ཆ་ལག་ཚང་བ་ཞིག་བཟོ་སྐྲུན་བྱེད་ཐུབ་སྲིད་པ་ཡིན། ཡིན་ན་ཡང་། དེ་ནི་སྲིད་མཐའ་ཙམ་ཡིན་པས་ཁྱེད་ལ་དེ་དགོས་ཟེར་བ་མིན།

དོན་དངོས་ནི། ཁྱོད་ལ་དྲ་ཚིགས་ཀྱི་ལག་རྩལ་རང་བཞིན་ལྡན་པའི་མཉེན་ཆས་ཤིག་དགོས་པ་དེ་ཡིན། མཉེན་ཆས་ཚད་ལྡན་ཞིག་གིས་ད་གཟོད་དྲ་ཚིགས་བཟོ་སྐྲུན་དང་བཀོལ་སྤྱོད་བྱེད་ཕྱོཊ་ཀྱི་དཀའ་ངལ་རྣམས་ཡོངས་སུ་བསལ་ཐུབ། མ་གཞི HTML དང་ CSS སྐད་བརྡ་འདི་གཉིས་ཤེས་དགོས་པ་ཡིན་མོད། འོན་ཀྱང་དྲ་ཚིགས་ཀྱི་ལག་རྩལ་མཉེན་ཆས་ཡོད་ཚེ་དེ་གཉིས་ངེས་པར་དུ་ཤེས་དགོས་དོན་མེད། ལག་པ་དང་ཙི་ཙི་གཉིས་ཀྱིས་ཡར་མར་གནོན་ཏེ་ཕྲ་སྦོམ་དང་དྲུད་འཕྲི་བྱེད་པ་དེ་ཙམ་གྱིས་དྲ་ཚིགས་བཟོ་སྐྲུན་བྱེད་ཐུབ། འོན་ཀྱང་། སྐད་བརྡ་འདི་གཉིས་ཀྱི་རྨང་གཞིའི་ཤེས་བྱ་མ་ཤེས་པར་ལག་རྩལ་མཉེན་ཆས་ཅི་འདྲའི་ཚད་ལྡན་ཞིག་ཡིན་ཀྱང་ད་བར་དུ་དྲ་ཚིགས་བཟོ་བཀོད་ལེགས་པ་གཅིག་ཀྱང་སྐྲུན་ཐུབ་མེད། མཛུབ་གནོན་གྱིས་ཡོལ་ངོས་རྣམ་པར་འགྱུར་བ་བཏང་སྟེ་དྲ་ངོས་བཟོ་བཅོས་གཏོང་བ་ལས HTML སྐད་བརྡ་སྡེབ་འབྲི་བྱེད་པ་སླ་བ་ཡིན་ཏེ། ཡོལ་ངོས་རྣམ་པར་འགྱུར་བ་བཏང་སྟེ་དྲ་ངོས་བཟོ་བཅོས་བྱེད་པར་སྐར་མ་ཉི་ཤུ་འགོར་ཞིང་། HTML བརྡ་ཆད་སྡེབ་འབྲི་ཡིས་དྲ་ངོས་བཟོ་བཅོས་བྱེད་པར་སྐར་ཆུང་བཅུ་ལས་མི་འགོར། གལ་ཏེ་རང་ཉིད་ལ་དྲ་ཚིགས་བཟོ་འདོད་ཡོད་ཚེ HTML དང་ CSS སྐད་བརྡ་སྦྱོང་དགོས་ཞེས་ཐེངས་མང་བཤད་དོན་ཅི་ཡིན་ཟེར་ན། དྲ་ཚིགས་ལག་རྩལ་མཉེན་ཆས་ཅི་འདྲའི་ཚད་ལྡན་ཞིག་ཡིན་ཀྱང་དེས་དུས་ཚོད་སྲི་ཚགས་མི་བྱེད་ཅིང་དེ་ནི་ལས་དང་པོ་པ་ལ་དགོས་མཁོ་ཡོད་པ་ཞིག་ཡིན་མོད། ཉེ་བར་མཁོ་བ་ནི་སྐདབརྡ་དེ་གཉིས་ཡིན། འདས་པའི་ལོ་རབས་སུ་ལས་དང་པོ་པ་ལ་མཁོ་བའི་དྲ་ཚིགས་ཀྱི་ལག་རྩལ་མཉེན་ཆས་ནི་གཞུང་ལས་མདུན་ངོས་དྲ་ཤོག (Microsoft FrontPage) ཟེར་བ་འདི་ཡིན་མོད། ད་ལྟ་དེ་ནི་དུས་ཚོད་ཡོལ་ཟིན་པ་ཞིག་རེད། གཞུང་ལས་མདུང་ངོས་དྲ་ཤོག་ལ་དྲ་ཚིགས་འཐུས་སྒོ་ཚང་བ་ཞིག་བཟོ་སྐྲུན་བྱེད་པའི་ལྡེམ་མྱུར་ལྡན་པའི་ཡོ་བྱད་མེད་ལ། དེའི་ནང་དུ་དྲ་ཚིགས་ཀྱི་སྣང་བརྙན་གཅིག་རྐྱང་ཅན་ཞིག་ལས་བཟོ་སྐྲུན་བྱེད་མི་ཐུབ།

དྲ་ཚིགས་ཇུས་འགོད་ཀྱི་མ་ལག་ཚང་ཞིང་རིན་གོང་ཆེ་བའི Dreamweaver མཉེན་ཆས།

ཉེ་དུས་རཱོལ་སི་རཱོ་སེའི་དྲ་ཚིགས་ཇུས་འགོད་མཉེན་ཆས་ལས་ཁུངས (Rolls Royce) ཀྱིས་བཟོས་པའི་དྲ་ཚིགས་ཇུས་འགོད་མཉེན་ཆས་ནི Adobe Dreamweaver CS5 ཟེར་བ་དེ་ཡིན། མཉེན་ཆས་དེར་དྲ་ཚིགས་ལག་རྩལ་གྱི་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚང་ཞིང་བེད་སྤྱོད་སྟབས་བདེ་སླའི་ཁྱད་ཆོས་ལྡན་ཡོད། འོན་ཀྱང་བེད་སྤྱོད་སྟབས་བདེ་སླའི་བཅའ་དངོས་གང་ལའང་རིན་གོང་ཆེ་བ་ནི་བཤད་མི་དགོས་པས་འདི་ལའང་ཌོ་ལར་བཞི་བརྒྱ་ཐམ་པ་ཡིན། དྲ་ཚིགས་འདི Dreamweaver cs5 ནས་བཟོས་པ་ཡིན་སྟབས་དང་པོ་ནས་རིན་གོང་ཆེན་པོ་གནས་ཡོད་མོད། ངས Dreamweaver cs5 མཉེན་ཆས་སྐོར་གྱི་རྩོམ་ཡིག་བཀླགས་པ་དང་བེད་སྤྱོད་གཏོང་སྟངས་ཤེས་པར་བྱས་ཏེ་ད་གཟོད་ཉོ་རྒྱུ་ཐག་བཅད་པ་ཡིན། ཐོག་མར་ཟླ་གཅིག་རིན་མེད་ངང་བེད་སྤྱོད་ཆོག་པའི Dreamweaver cs5 མཉེན་ཆས་དེ་ཕབ་ལེན་བྱས་ཏེ་དྲ་ཚིགས་འདི་བཟོ་སྐྲུན་བྱེད་འགོ་བཙུགས་པ་ཡིན། དེ་ནི་ཚོད་ལྟ་བདེ་ཞིང་སྦྱོང་རྒྱུ་ཡང་དེ་ཙམ་དཀའ་མོ་ཞིག་མ་རེད། ངས dreamweaver བེད་སྤྱོད་ཇི་ལྟར་གཏོང་དགོན་མིན་ཤེས་ཕྱིར HTML སྐད་བརྡ་སྦྱོང་བའི་ཐབས་ཤེས་ལྟར་བྱས་པ་ཡིན། དེ་ཡང Dreamweaver CS5 For Dummies ཉོས་ཏེ Dreamweaver ཡི་རྨང་གཞིའི་ཤེས་བྱ་སྦྱངས་ཤིང་དེ་ནས་གཏིང་ཇེ་ཟབ་ཏུ་གཏོང་ཕྱིར་དྲ་རྒྱའི་ངོས་སུ་སྦྱང་གཞིའི་ཡིག་ཆ་མང་དུ་བཙལ་ཏེ་སྦྱངས་པས། ཚོུད་འགའ་ཤས་ལས་མ་སོང་བར Dreamweaver ཡི་པང་ངོས་སྐྲུན་བྱེད་ཀྱི་མཛུབ་གནོན་ཡོ་བྱད་རྣམས་བེད་སྤྱོད་གཏོང་སྟངས་སྟབས་བདེ་རུ་ཕྱིན་སོང།

ཇུས་འགོད་བྱེད་པར་སྟབས་བདེ་ཞིང་རིན་གོང་འོས་འཚམས་ཀྱི་ལག་རྩལ་མཉེན་ཆས CoffeeCup

རིན་གོང་ཌོ་ལར་བཞི་བརྒྱ་ཐམ་པ་གནས་པའི་ལག་རྩལ་མཉེན་ཆས་འདི་ལས་རིན་གོང་ཆུང་བའི་མཉེན་ཆས་མང་དུ་ཡོད། དཔེར་ན། CoffeCup ཇུས་འགོད་མཉེན་ཆས་འདི་ནི་དྲ་ཚིགས་ལག་རྩལ་དང་བཀོལ་སྤྱོད་གཉིས་ཀར་བདེ་ཞིང་། རིན་གོང་ཡང་ཌོ་ལར་ལྔ་བཅུ་ལས་གནས་མེད། ཕལ་ཆེར་དེ་ནི་ལས་དང་པོ་པ་ཚོ་ལ་བདམས་ཉོ་ལེགས་ཤོས་དེ་ཡིན། འོན་ཀྱང་། མཉེན་ཆས་འདི་ལ Dreamweaver མཉེན་ཆས་ལྟ་བུ་ཡོ་བྱད་ཀྱི་མ་ལག་ཀུན་ཚང་མེད་སྟབས་ཐོག་མར CoffeeCup ལས་ཡིད་ཚིམས་པ་ཞིག་སྦྱངས་ནས་ད་གཟོད Dreamweaver བདམས་ཉོ་བྱས་ན་ལེགས། གལ་ཏེ་མཉེན་ཆས་འདི་ཡང་རིན་གོང་ཆེ་བས་ལོ་རེའི་སོང་རྩིས་ཀྱི་ཚད་གཞི་ལས་བརྒལ་འདུག་སྙམ་ན་ད་དུང་ཁྱེད་ལ་བདམས་ག་ཡོད། CoffeeCup HTML Editor ཟེར་བའི་མཉེན་ཆས་འདི་རིན་མེད་ངང་ཕབ་ལེན་བྱས་ཆོག་ཅིང་། Dreamweaver དང་འདྲ་བར HTML དང CSS སྐད་བརྡ་སྡེབ་འབྲི་ཡིས་ཚོན་མདོག་སྣ་མང་བདམས་ཆོག་པ་དང། མཛུབ་གནོན་བྱེད་དེ་དྲ་ཤོག་གི་པང་ངོས་སོགས་ཡར་མར་དྲུད་ཕྲི་ཡང་བྱས་ཆོག འོན་ཀྱང་དེར་པང་ངོས་དང་བཟོ་བཀོད་སོགས་བཟོ་བྱེད་ཙམ་ལས་དྲ་ཤོག་ཞབས་ཞུའི་དྲ་ངོས་སུ་པར་སྐྲུན་བྱེད་པའི་ཡོ་བྱད་ལྡན་མེད།

HTML དང་ CSS སྐད་བརྡའི་ཆ་རྐྱེན་མི་དགོས་པའི Website Builder མཉེན་ཆས།

ངས་གོང་དུ HTML དང CSS སྐད་བརྡ་ངེས་པར་དུ་སྦྱོང་དགོས་ཞེས་བཤད་པ་ཡིན་མོད། འོན་ཀྱང་ཁྱོད་སྐད་བརྡ་དེ་གཉིས་སྦྱོང་མི་འདོད་པའི་རིགས་ཡིན་སྲིད་པས་ད་དུང་ཁྱོད་ལ་གདམ་ག་གཞན་ཡོད། གལ་ཏེ་ཁྱེད་དངོས་གནས་དྲ་ཚིགས་ལག་རྩལ་དང་། ཡོ་བྱད་མ་ལག་ཀུན་ཚང་བ HTML /CSS/FTP བཅས་སློབ་མི་འདོད་ན་པང་ངོས་ཀྱི་ཆ་ཤས་རེ་རེ་དྲུད་འཕྲི་དང་ཡར་མར་སྤོར་གནོན་ཙམ་གྱིས་དྲ་ཚིགས་བཟོ་སའི་མཉེན་ཆས website builder ཡོད། མཉེན་ཆས་དེའི་ཁྱད་ཆོས་ནི་ཙི་ཙིས་ཡར་སྣུན་མར་སྣུན་གྱིས་དྲ་ཚིགས་བཟོ་སྐྲུན་བྱེད་ཐུབ་པ་དེ་ཡིན་ཡང་། དྲ་ངོས་ཀྱི་བརྗོད་གཞི་རིགས་དགར་བྱེད་པར་དཀའ་ངལ་འཕྲད་སྲིད་ཅིང་། མཉེན་ཆས་འདིའི་ལག་རྩལ་མ་ལག་ངལ་བ་དྲག་པོས་མཛུབ་གནོན་གྱིས་ལག་ལེན་སྟར་དགོས། HTML དང CSS སྐད་བརྡའི་ཆ་རྐྱེན་དང་། ཞབས་ཞུའི་དྲ་ངོས་སུ་པར་སྐྲུན་བྱེད་པའི་ཡོ་བྱད་མ་གཏོགས་པའི་གཞན་མ་ལག་རྩལ་མ་ལག་ཀུན་མཉེན་ཆས་འདི་ལ་ཚང་ཡོད། WorldForWebsite provides a great website builder མཉེན་ཆས་འདི་ལ་དྲ་ཚིགས་བཟོ་སྐྲུན་གྱི་ལག་རྩལ་གང་ཡང་མི་དགོས་པར་ཚོུད་འགའི་ནང་དྲ་ཚིགས་བཟོ་ཐུབ།

དྲ་ཚིགས་ལག་རྩལ་མཉེན་ཆས་བདམས་ག།

Adobe Dreamweaver

ལེགས་པའི་ཆ། དྲ་ཚིགས་ལག་རྩལ་མ་ལག་དང་བཀོལ་སྤྱོད་ཡོ་བྱད་སྣ་མང་འདུས་པས། དྲ་ཚིགས་ཚད་ལྡན་བཟོ་སྐྲུན་བྱེད་ཐུབ་པར་མ་ཟད། དྲ་ཤོག་པར་རིས་ཞབས་ཞུའི་དྲ་ངོས་སུ་པར་སྐྲུན་བྱེད་པའི་ཡོ་བྱད་ཀྱང་ལྡན་ཡོད། ལྷག་པར་དུ་མཉེན་ཆས་དེར་ད་ལྟ་དང་མ་འོངས་པར་འབྱུང་སྲིད་པའི་དྲ་ཚིགས་ལག་རྩལ་མ་ལག་ཆེས་ལེགས་ཤོས་རྣམས་ལྡན་ཡོད།
ཉེས་པའི་ཆ། རིན་གོང་ཌོ་ལར་བཞི་བརྒྱ་ཙམ་ཡིན་པས་ཅུང་ཟད་གོང་ཆེ།

CoffeeCup Website Designer

ལེགས་པའི་ཆ། མཉེན་ཆས་དེར་དྲ་ཚིགས་ལག་རྩལ་མ་ལག་དང་བཀོལ་སྤྱོད་ཡོ་བྱད་ཕལ་ཆེར་འདུས་ཡོད་མོད། འོན་ཀྱང Dreamweaver ལྟ་བུ་དྲ་ཚིགས་བཟོ་སྐྲུན་གྱི་མཐོ་རིམ་གནས་ཚད་ལྡན་པའི་མ་ལག་མི་ལྡན་ཞིང་མ་ལག་ཀུན་ལས་དང་པོ་པ་ལ་གཙོ་བོར་དམིགས་ཏེ་བཟོས་པ་ཡིན། རིན་གོང་ཌོ་ལར་ལྔ་བཅུ་ཡིན།
ཉེས་པའི་ཆ། Dreamweaver ལྟ་བུའི་ཡོ་བྱད་མ་ལག་ཚང་མེད།

CoffeeCup HTML Editor

ལེགས་པའི་ཆ། རིན་མེད་ཡིན།
ཉེས་པའི་ཆ། HTML སྡེབ་འབྲི་མཉེན་ཆས་འདི CoffeeCup HTML ཡི་སྡེབ་འབྲི་མཉེན་ཆས་ཅུང་ཟད་ཚད་དམའ་རུ་བཏང་སྟེ་བཟོས་པ་ཡིན་པས། རྣམ་པ་སྒྲིག་བཀོད་དང་། CSS སྡེབ་འབྲི། ས་ཁྲ་པར་རིས་ཅན། ཚོན་ཁྲ་སྣ་མང་བདམས་ག་བྱེད་པའི་མ་ལག་ལྡན་མེད།

Website Builder

ལེགས་པའི་ཆ། དྲ་ཚིགས་བཟོ་སྐྲུན་མ་ལག་ཀུན་ཕལ་ཆེར་འདུས་ཤིང་། HTML དང CSS སྐད་བརྡ་སྡེབ་འབྲིའི་ཆ་རྐྱེན་ཀྱང་མེད། པང་ངོས་ཀྱི་ཆ་ཤས་རེ་རེ་དྲུད་འཕྲི་དང་ཡར་མར་སྤོར་གནོན་ཙམ་གྱིས་དྲ་ཚིགས་བཟོ་ཐུབ་པ་དང་། ཞབས་ཞུ་དྲ་བའི་གཞོགས་འདེགས་ཐོད་པ་གང་ཡང་ལྡན་མི་དགོས་པ་ཡིན།
ཉེས་པའི་ཆ། ཡོ་བྱད་རིགས་མི་འདྲ་བ་གཅིག་སྟོང་ཙམ་ཡོད་མོད། མཉེན་ཆས་གཞན་ལྟར་སྟངས་འཛིན་བྱེད་པའི་བདམས་ག་ཆ་ཚང་བ་ཞིག་མེད་པ་དང་། དྲ་ངོས་པར་རིས་དང་གསང་བརྡ་སྡེབ་འབྲི་བྱེད་པའི་ཡོ་བྱད་ལའང་ཚད་གཞི་ཡོད།

ངའི་མཚམས་སྦྱོར་ཞུ་བྱ་གཙོ་བོ་ནི། ཁྱེད་ཀྱིས་དྲ་ཚིགས་གཏན་འཁེལ་བ་ཞིག་བཟོ་ཤེས་ཀྱི་མེད་པའམ་ཡང་ན་འབྲིང་ཙམ་ལས་ཤེས་ཀྱི་མེད་ཚེ་ཟླ་གཅིག་རིན་མེད་ངང་བེད་སྤྱོད་ཆོག་པའི 30 day free trial of CoffeeCup ཚོད་ལྟའི་མཉེན་ཆས་དེ་ཕབ་ལེན་བྱེད་དགོས། མཉེན་ཆས་དེའི་ནང་དུ་བཟོ་སྐྲུན་བྱེད་སྟངས་ཤེས་རྗེས་ད་གཟོད་ཌོ་ལར་ལྔ་བཅུ་སྤྲད་དེ CoffeeCup མཉེན་ཆས་ཉོས་ན་འགྲིག དེའི་རྗེས་སུ་དེ་ལས་ལག་རྩལ་མ་ལག་ཆ་ཚང་བའི་མཉེན་ཆས Dreamweaver མཉེན་ཆས་ཉོས་ན་ལེགས། ཕྱོགས་གཞན་ཞིག་ནས། CoffeeCup མཉེན་ཆས་ནང་དུ་དྲ་ཚིགས་བཟོ་རྒྱུ་གདེང་ཚོད་ལོན་ཏེ། དེ་ནས་ཟླ་གཅིག་རིན་མེད་ངང་བེད་སྤྱོད་ཆོག་པའི Dreamweaver ཚོད་ལྟའི་མཉེན་ཆས་ཕབ་ལེན་བྱས་ན་ངས་ཉེན་བརྡ་གཏོང་དགོས་པ་ཞིག་ལ། ཁྱོད་ཀྱིས Dreamweaver ཚོད་ལྟའི་མཉེན་ཆས་ནས་དྲ་ཚིགས་བཟོ་འགོ་བཙུགས་ཏེ་ཟླ་གཅིག་ལ་ཉེ་སྐབས། རིན་མེད་ངང་བེད་སྤྱོད་ཆོག་པའི་ཚད་བཀག་དུས་ཡུན་རྫོགས་ཏེ་ཞབས་ཞུའི་དྲ་བས Dreamweaver མཉེན་ཆས་ཉོ་མ་འདོད་ནའང་ཉོ་བར་བཙན་སྐུལ་གཏོང་སྲིད་པས། སྐབས་དེར་མཉེན་ཆས་གཞན་ཞིག་ཉོ་དགོས། གལ་ཏེ་དངོས་གནས་རང་ཉིད་ལ་དྲ་ཚིགས་ཚད་ལྡན་ཞིག་དགོས་མཁོ་ཡོད་མེད་གཏན་མ་འཁེལ་ཞིང་། རྙོང་འཛིང་ཅན་གྱི HTML དང CSS སྐད་བརྡ་འདི་གཉིས་ཤེས་འདོད་མེད་ཚེ Website Builder མཉེན་ཆས་འདི་སྦྱོངས་དང། ཆུ་ཚོད་ཁ་ཤས་ལས་མ་འགོར་བར་དྲ་ཚིགས་བཟོ་ཐུབ་པར་མ་ཟད་ཞབས་ཞུའི་དྲ་ངོས་སུ་པར་སྐྲུན་ཀྱང་བྱེད་ཐུབ། ལྷག་པར་དུ་དེའི་ནང་དུ་དྲ་ངོས་སུ་བརྗོད་གཞི་མི་འདྲ་བ་འབྲི་ཐུབ་ཅིང་དྲ་ཚིགས་ཀྱི་སྣང་བརྙན་གང་འདྲ་ཆགས་མིན་ཚོད་ལྟ་ཡང་བྱས་ཆོག རྗེས་སུ་དེ་བས་ལེགས་པའི་མཉེན་ཆས་ག་དུས་ཉོས་ནའང་ཆོག་པ་ཡིན། 


4 མཆན་གྲངས།:

  1. དྲྭ་ཚིག་woldprees ཞེས་པ་དེ་རིན་མེད་བཟོ་བཏང་གི་བརྙན་ཟློས་ཞིག་བཟོ་ནས་བསྐུར་ཐུབས་ན་བསྐུར་རོགས་གནང་། གལ་ཏེ་འཁོམ་པ་མེད་ན་གལ་ཡོད་མ་རེད།

    ReplyDelete
    Replies
    1. ངས་དུས་ཚོད་སྟོང་པ་ཞིག་དང་བསྟུན་ཏེ་ Wordpress སྐོར་གྱི་བརྙན་ཟློས་ཞིག་བཟོ་ཐབས་བྱས་ཆོག

      Delete
    2. བཀའ་དྲིན་ཆེ་། photoshop སྦྱང་སའི་དྲྭ་ཚིག་ཡག་པོ་དེ་འདྲ་ཡོད་ན་ངོ་སྤྲོད་ཡོད་པ་ཞུ།

      Delete
    3. Photoshop སྦྱོང་སའི་དྲ་གནས་ཧ་ཅང་མང་པོ་ཡོད་པ་དང་དེ་དག་རེ་རེ་ལ་སློབ་སྟོན་བྱེད་སྟངས་ཀྱི་ཁྱད་ཆོས་མི་འདྲ་བ་རེ་ཡོད། འགའ་ཞིག་འདྲ་པར་དང་ཡི་གེ་བཀོད་དེ་འགྲེལ་བཤད་བྱས་པ་དང་། འགའ་རེས་བརྙན་ཟློས་ཀྱི་ལམ་ནས་ཡིན། དམིགས་བྱ་ཡང་མི་འདྲ་བ་རེ་ཡོད། འགའ་རེ་རྨང་གཞི་ནས་སློབ་སྟོན་བྱེད་པ་དང་། འགའ་རེས་བཟོ་རྩལ་བྱེད་སྟངས་ཁོ་ན་ཡིན། བཟོ་རྩལ་དེ་ཡང་རྩོམ་ཡིག་རེ་གཉིས་སམ་ལེའུ་བྱས་པ་དེ་འདྲ་ཡང་ཡོད། དེར་བརྟེན་གཤམ་དེར་ photoshop སྦྱོང་སའི་དྲ་ཚིགས་ལེགས་གྲས་འགའ་ཞིག་བཀོད་ཀྱི་ཡིན། དེ་མིན་ཁྱེད་ནས་གུ་གུལ་དང་ youtube ནང་འཚོལ་བཤེར་བྱེད་ན་དེ་མིན་གྱི་Photoshop བརྙན་ཟློས་གྲངས་ལས་འདས་པ་གཞན་མང་པོ་རེག་ངེས།

      http://www.photoshopstar.com/

      https://www.youtube.com/user/pstutorialsws/videos

      http://photoshopcafe.com/tutorials.htm

      https://helpx.adobe.com/photoshop/tutorials.html

      http://www.lynda.com/Photoshop-tutorials/279-0.html

      http://www.digitaltutors.com/software/Photoshop-tutorials-all

      Delete

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *