ཀུ་ཤུའི་མ་ལག་ iOS 9 ཐོན་ལ་ཉེ།

ཀུ་ཤུ་སྤྱི་གཉེར་ཁང་གི་གཞུང་ཕྱོགས་ཀྱི་དྲྭ་བ་རུ་ཀུ་ཤུའི་མ་ལག་གསར་བ་ iOS ༩ ཐོན་ལ་ཉེ་བའི་གནས་ཚུལ་དང་། དེའི་ཁྱད་ཆོས་དང་བྱེད་ནུས་གསར་བ་དག་བསྒྲགས་འདུག གཤམ་དུ་ iOS དགུ་བའི་ཁྱད་ཆོས་གསར་བ་འགའ་ཞིག་ངོ་སྤྲོད་རགས་བསྡུས་ཤིག་ཡོད།

རྩོམ་ཡོང་ཁུངས། ཕུན་དབང། བོད་མཉེན། Tibetsoft


ཀུ་ཤུ་སྤྱི་གཉེར་ཁང་གི་གཞུང་ཕྱོགས་ཀྱི་དྲྭ་བ་རུ་ཀུ་ཤུའི་མ་ལག་གསར་བ་ iOS 9 ཐོན་ལ་ཉེ་བའི་གནས་ཚུལ་དང་། དེའི་ཁྱད་ཆོས་དང་བྱེད་ནུས་གསར་བ་དག་བསྒྲགས་འདུག གཤམ་དུ་ iOS དགུ་བའི་ཁྱད་ཆོས་གསར་བ་འགའ་ཞིག་ངོ་སྤྲོད་རགས་བསྡུས་ཤིག་ཡོད།

iOS དགུ་བའི་ནང་ཉིན་རྒྱུན་སྤྱོད་པའི་མཉེན་ཆས་འགའ་ཞིག་ཇེ་ལེགས་སུ་བཏང་འདུག་སྟེ། དཔེར་ན། འཕྲིན་ཐུང་དང་། འཚོལ་བཤེར། ཟིན་བྲིས། ས་ཁྲ་སོགས་རེད།

༈ iOS དགུ་བའི་མ་ལག་དེ་དེ་སྔོན་གྱི་མ་ལག་གཞན་ལས་ཆུང་བ་བཟོས་འདུག iOS 8.3 ལྟ་བུ་ཡིན་ན་ཆེ་ཆུང་ལ་ 4.58GB ཡོད་པ་ལྟ་བུ་རེད། འོན་ཀྱང་ iOS དགུ་པར་ཆེ་ཆུང་ལ་ 1.3GB ལས་མེད་འདུག

༈ iOS དགུ་བ་དེ་ཀུ་ཤུ་ཁ་པར་ནང་དུ་གློག་རྫས་ཀྱི་ཚེ་ཚད་ཇེ་རིང་དུ་བཏང་ཡོད་ཟེར།

༈ iOS དགུ་བའི་ནང་སྔོན་འཇུག་བྱས་ཡོད་པའི་ཟིན་བྲིས་འབྲི་དེབ་དེའི་ནང་དུ་བྱེད་ནུས་གསར་བ་འགའ་ཞིག་བསྣན་ཡོད་ལ། ང་ཚོའི་རང་རང་གི་ཟིན་བྲིས་དག་མཉེན་ཆས་གང་དུའང་མཉམ་སྤྱོད་བྱེད་ཐུབ་ཟེར་གྱི་འདུག

༈  CarPlay ཟེར་བའི་རླངས་འཁོར་གྱི་གཞས་སྒམ་དང་ལག་ཐོག་ཁ་པར་གཉིས་དབར་སྐུད་མེད་འབྲེལ་མཐུད་བྱེད་རྒྱུའི་མཐུན་རྐྱེན་གསར་པ་སྦྱར་ཡོད། མཐུན་རྐེྱན་དེས་ཁ་པར་ནང་གི་གཞས་ཐད་ཀར་རླངས་འཁོར་གྱི་གཞས་སྒམ་ནང་གཏོང་་ཐུབ་ཀྱི་ཡོད་ལ། མི་གཞན་གྱི་ཁ་པར་སླེབས་སྐབས་རླངས་འཁོར་ནང་ཐད་ཀར་སྐད་ཆ་བཤད་པ་ལས་ལག་ཐོག་ཁ་པར་ལ་ལག་པ་འཆང་མི་དགོས་པ་བཟོས་འདུག

༈ iOS དགུ་བའི་ནང་དུ། Siri ལ་འཚོལ་བཤེར་ནུས་པ་ཇེ་མང་དང་བཙལ་བའི་མཇུག་འབྲས་དག་མཉེན་ཆས་དང་། འབྲེལ་གཏུགས་མི་སྣ། ཉེ་འཁོར་གྱི་ས་གནས། དྲྭ་ཐོག་རྙེད་དོན་སོགས་རིགས་བཀར་དེ་ཡོད་ཟེར།

༈ iOS དགུ་བ་དེ་ iPad ཡི་ནང་དུ་ཐུན་མིན་ཁྱད་ཆོས་གསར་པ་ཞིག་ཡོད་པ་ནི། འདི་སྤྱོད་སྐབས་དེ་སྤྱོད་པ་ཟེར་བ་དེ་རེད། དེ་ནི་དཔེར་ན་ཁྱེད་ཀྱིས་དྲྭ་མྱུལ་བྱེད་སྐབས་ངོ་དེབ་བམ་སྐད་འཕྲིན་སོགས་ལའང་ལྟ་ཆོག་པ་ཡིན་ཏེ། མཉེན་ཆས་གཉིས་དུས་མཉམ་དུ་བཀོལ་ཐུབ་པ་དེ་རེད།

༈ iOS དགུ་བ་དེ་ཡང་ཕལ་ཆེར་ཀུ་ཤུའི་སྒྲིག་ཆས་ཡོངས་ལ་ནང་འཇུག་ཆོག་ས་རེད།  ཀུ་ཤུ་ 4S ནས་ 6 Plus དང་། iPad mini ནས་ iPad Air 2 དང་། iPod touch ལྔ་བ་བཅས་ལ་རྒྱབ་སྐྱོར་ཡོད་དོ།།

    iOS དགུ་བའི་གནས་ཚུལ་རྒྱས་པར་བལྟ་ན་ཀུ་ཤུའི་གཞུང་ཕྱོགས་ཀྱི་དྲྭ་བ་ལས་མ་རྩོམ་ལ་བལྟ་ཆོག

མཆན།

ཉེ་ཆར་གསར་དུ་ཉོས་པའི་གློག་ཀླད་ཀྱི་འཆར་ངོས། རྒྱ་གར་སྒོར་ 16974/- ཐོག་ཚོང་འགྱུར་བྱེད་ཀྱི་འདུག

Name

Android,41,Aphone,6,APK,12,Blogger,1,eBook,3,Freeware,1,Game,1,iPad,7,iphone,11,iPod,3,itune,1,Linux,3,Mac,6,Mobile,12,MS Excel,1,MS Word,2,Office,10,Photoshop,2,PowerPoint,8,PPT Draw,2,Wallpaper,1,wechat,9,Window,24,Wordpress,1,YouTube,1,གཞན་རྩོམ།,42,གླུ་གཞས།,5,གློག་ཀླད་ཀྱི་ལམ་འཕྲང།,32,གློག་བརྙན།,17,གསར་འཕྲིན།,74,གསལ་བསྒྲགས།,2,གུ་གུལ་ལམ་གྲོལ།,43,གུས་པའི་བཟོ་བཀོད།,42,ངོ་དེབ།,9,ཐབས་ཇུས་ཟབ་མོ་,93,ཐོན་ཟོག་གསར་པ།,11,དཔྱད་རྩོམ་གྱི་ལ་མོ།,15,དམིགས་བསལ།,8,དྲ་ཚིགས་ངོ་སྤྲོད་,40,དྲ་ཚིགས་མཚམས་སྦྱོར།,37,དྲི་བ་དྲིས་ལན།,15,ཕབ་ལེན།,1,ཕབས་ལེན།,65,བཅར་འདྲིའི་ལེ་ཚན།,1,བརྙན་ཟློས་ཀྱི་རྨུ་ཐག,52,བརྩམས་སྒྲུང་གི་རང་འཐག,5,བསྒྱུར་རྩོམ་གྱི་རྩ་ཐང།,3,མཉེན་ཆས་ངོ་སྤྲོད་,64,མི་ཚེ་ཡི་འཕོ་འགྱུར།,5,ཚོང་སྒྱུར།,5,ཟབ་སྦྱོང་།,7,ཟིན་བྲིས་བཟོ་བཀོད་,16,འཕྲུལ་དེབ།,4,ལྷུག་རྩོམ་གྱི་རི་ཕྲེང།,17,སྙན་ངག་གི་གླིང་ག,2,
ltr
item
གློག་ཀླད་དང་ཁ་པར།: ཀུ་ཤུའི་མ་ལག་ iOS 9 ཐོན་ལ་ཉེ།
ཀུ་ཤུའི་མ་ལག་ iOS 9 ཐོན་ལ་ཉེ།
ཀུ་ཤུ་སྤྱི་གཉེར་ཁང་གི་གཞུང་ཕྱོགས་ཀྱི་དྲྭ་བ་རུ་ཀུ་ཤུའི་མ་ལག་གསར་བ་ iOS ༩ ཐོན་ལ་ཉེ་བའི་གནས་ཚུལ་དང་། དེའི་ཁྱད་ཆོས་དང་བྱེད་ནུས་གསར་བ་དག་བསྒྲགས་འདུག གཤམ་དུ་ iOS དགུ་བའི་ཁྱད་ཆོས་གསར་བ་འགའ་ཞིག་ངོ་སྤྲོད་རགས་བསྡུས་ཤིག་ཡོད།
http://2.bp.blogspot.com/-zlbRZ9f-4x4/VZZpvCLtzWI/AAAAAAAAKHA/j1zBqx6UhTQ/s640/ios-9a.jpg
http://2.bp.blogspot.com/-zlbRZ9f-4x4/VZZpvCLtzWI/AAAAAAAAKHA/j1zBqx6UhTQ/s72-c/ios-9a.jpg
གློག་ཀླད་དང་ཁ་པར།
http://www.sonamdawa.com/2015/07/ios-9.html
http://www.sonamdawa.com/
http://www.sonamdawa.com/
http://www.sonamdawa.com/2015/07/ios-9.html
true
8975001132631270234
UTF-8
རྩོམ་ུཡིག་ཡོངས་འཆར་ཟིན། རྩོམ་ཡིག་གང་ཡང་རྙེད་མ་སོང་། ཆ་ཚང་ལྟ། འཕྲོ་ཀློགས། ལན་སློགས། ལན་ཕྱིར་འཐེན་བྱེད། སུབ། སྤེལ་མཁན། གཙོ་ངོས། ཤོག་ངོས། རྩོམ་ཡིག ཆ་ཚང་ལ་ལྟ། འབྲེལ་ཡོད་རྩོམ་ཡིག་གཞན། སྡེ་ཚན། ཡིག་ཚགས། འཚོལ་བཤེར། རྩོམ་ཡོངས། ཁྱེད་ཀྱིས་འཚོལ་བཞིན་པའི་རྩོམ་ཡིག་འདི་མིན་འདུག གཙོ་ངོས་སུ་ལོག གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཉི་མ། ཟླ་བ། མིག་དམར། ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཅིག ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཉིས། ད་ལྟ་རང་། སྐར་མ་གཅིག་སྔོན་ལ། $$1$$ minutes ago ཆུ་ཚོད་ 1 སྔོན་ལ། $$1$$ hours ago ཁ་སང་། $$1$$ days ago $$1$$ weeks ago ཟླ་བ་ 5 ཙམ་གོང་། རྗེས་བཞུགས་པ། རྗེས་བཞུགས། ནང་དོན་འདི་ནི་ཆེད་དུ་བཀག་ཡོད། ངོ་དེབ་དང་ཊེའུ་ཊར་གྱི་དྲ་གནས་ཁག་ཏུ་རྒྱུད་སྤེལ་རེ་བྱས་ན་ནང་དོན་ལྟ་ཐུབ། Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy