Newsify

རྩོམ་ཡོང་ཁུངས། བསོད་ནམས་དཔལ་ལྡན། tehorsonam.blogspot.com


མི་རྣམས་ཀྱི་འཚོ་བ་སྟབས་ཇེ་བདེ་དང་ལས་དོན་གང་མགྱོག་བྱེད་རྒྱུ་དགའ་བའི་མུར་འཕྲུལ་རིགས་སོགས་ཀྱིས་འདོད་བློ་དེ་བཀང་ཨེ་ཐུབ་ཀྱིས་འབད་པ་ཤུགས་ཆེན་བྱེད་བཞིན་ཡོད། དེང་གི་གློག་ཀླད་དང་ཁ་པར། མཉེན་ཆས་རེ་རེས་ཆེས་འབད་དགོས་ས་དེའང་སྟབས་ཇེ་བདེ་དང་སྣ་འཛོམས་རང་བཞིན་ཁྱབ་ཁོངས་རྒྱ་ཆེ་ཡོང་ཐབས་དེ་ཡིན་ཞིང་། འདིའི་ཐད་ནས་གྲུབ་འབྲས་མི་དམན་པ་རེའང་ཐོབ་བཞིན་ཡོད།

ངས་ད་ཐེངས་བཤད་འདོད་པ་ནི་ངེད་ཅག་བོད་པ་ཞིག་ལ་མཁོ་གལ་ཆེ་ཞིང་རང་ཉིད་ཀྱི་སྟབས་བདེའི་འཚོ་བར་ཕན་ཐོགས་ཡོད་པའི་སྐོར་ཞིག་ཡིན་ཏེ། ཁྱེད་ཀྱིས་རང་ཉིད་ཀྱི་ཁ་པར་ལས་ཉིན་རེ་གསར་འགྱུར་སོགས་ལྟ་ཀློག་བྱེད་བཞིན་ཡོད་ངེས་ལ། དྲ་ངོས་རེ་རེ་ན་ཉུལ་མི་དགོས་པར་མཉེན་ཆས་གཅིག་ལས་ཆེས་གསར་པའི་གསར་འགྱུར་དེ་ཀློག་ཐུབ་པའི་མཉེན་ཆས་དེ་ཁྱེད་ཀྱིས་བཀོལ་སྤྱོད་བྱེད་བཞིན་ཡོད་ངེས།

ཨན་ཌོ་མ་ལག་ཅན་གྱི་ཁ་པར་རིགས་སུ་Rssམཉེན་ཆས་དེ་གྷོ་གྷུལ་ཚོང་གཉེར་ཁང་གིས་བཏོན་པའི་Feedlyདེ་ཆེས་ལེགས་ཤོས་དེ་ཡིན་ཟེར་ཆོག འོན་ཀྱང་iOSམ་ལག་ཅན་གྱི་ཀུ་ཤུ་ཁ་པར་ནང་དུFeedly དེས་ཁོང་ཁྲོ་ཡང་ཡང་སློང་ཡོང་གི་འདུག མཉེན་ཆས་འདིས་གསར་འགྱུར་ནང་འཐེན་བྱས་ཟིན་རུང་སླར་ཡང་ལྟ་ཐེངས་རེར་དྲ་བ་མེད་ན་ནང་འཐེན་བྱས་ཟིན་དེས་ཕན་ཅི་ཡང་ཐོགས་མེད་པར་སླར་ནང་འཐེན་བྱེད་རྒྱུ་རེད། དེར་བརྟེན་འཚོལ་ཞིབ་ཀྱིས་གསར་རྙེད་བྱུང་བ་ནི་Newsifyའདི་ཡིན་ལ་འདི་ནས་ཁྱེད་ཀྱིས་གསར་འགྱུར་ནང་འཐེན་བྱས་ཟིན་ན་སླར་དྲ་བ་མེད་ནའང་ནང་འཐེན་བྱས་ཟིན་པའི་གསར་འགྱུར་ལྟ་ཀློག་བྱེད་ཐུབ་པས་ཁྱེད་ཀྱི་དྲ་དངུལ་བསྲི་ཚགས་དང་བརྡ་རྟགས་མེད་པའང་སྐྱོ་བའི་སྐབས་ལའང་གསར་འགྱུར་ལྟ་ཀློག་བྱེད་ཐུབ་པའི་དགེ་མཚན་ཡོད། ཁྱེད་ཀྱིས་ཚོད་ལྟ་བྱོས་དང་གྲུབ་འབྲས་མིག་མཐོང་ཡོང་ཐུབ།

མཉེན་ཆས་འདིའི་དམིགས་བསལ་ཁྱད་ཆོས་ཁག་ནི།

  • Feedly དང་ཐད་ཀར་འབྲེལ་ཏེ་གསར་འགྱུར་བསྡུ་རུབ་དང་བལྟ་ཀློག་བྱེད་པའམ། ཡང་ན་ Feedly མེད་མཁན་ཚོས་ iCloud ཁ་བྱང་སྤྱད་དེ་གསར་འགྱུར་ལེན་ཐུབ་པ།
  • གསར་འགྱུར་དྲ་ཚིགས་ལྟར་རྩོམ་ཡིག་རྣམས་རེའུ་མིག་ལྟར་སྒྲིག
  • གསར་འགྱུར་གསར་པ་རྣམས་རྒྱབ་ལྗོངས་སུ་གསོག་ཉར་དང་སྔོན་བརྡ་གཏོང་བ།
  • ཕབ་ལེན་ཟིན་པའི་གསར་འགྱུར་རྣམས་དྲ་རྒྱ་མེད་ཀྱང་བལྟ་ཀློག་ཐུབ་པ།
  • འཆར་ངོས་ཀྱི་འོད་མདངས་ཆུང་དུ་གཏོང་སྟེ་མཚན་མོར་བལྟ་ཀློག་བདེ་བ།
  • རྩོམ་ཡིག་དང་གསར་འགྱུར་འཚོལ་བཤེར་བྱེད་རྒྱུ་ཡོད་པ།
  • ཡིག་འབྲུ་ཆེ་ཆུང་སྒྲིག་ཐུབ།
  • བལྟ་ཀློག་ཟིན་པ་རྣམས་ལ་རྟགས་རྒྱག་སྟེ་ཚར་བའི་ཁུངས་སུ་འཇོག་པ།
  • གསར་འགྱུར་གསར་རྙིང་གོ་རིམ་འགོ་ལྡོག་བྱེད་རྒྱུ་ཡོད་པ།
  • གསར་འགྱུར་ག་གེ་མོ་ཞིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་སྤེལ་གཏོང་རྒྱུའི་མཐུན་རྐྱེན་ཡོངས་སུ་ཚང་བ།
  • གསར་འགྱུར་ག་གེ་མོ་ཞིག་གློག་འཕྲིན་རྒྱུད་གཞན་ལ་གཏོང་ཐུབ་པ་སོགས་མཐུན་རྐྱེན་མང་དག་འཛོམས་འདུག

མཉེན་ཆས་ཕབ་ལེན།

མཉེན་ཆས་དེ་ནི་ iPhone, iPad སོགས་ཀྱི་ཆེད་དུ་ཡིན།
ཕབ་ལེན་བྱེད་དགོས་ན། Newsify གི་གཞུང་ཕྱོགས་དྲ་ཚིགས་སུ་གཟིགས་པར་འཚལ།
དྲ་གནས། http://newsify.co/

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག