ཀུ་ཤུའི་ཁ་པར་ནང་གི་བོད་ཡིག་ཚིག་མཛོད།

འདི་ནི་ཨ་མྱེའི་སྤྲུལ་ཆུང་རིན་པོ་ཆེ་མཆོག་གི་རང་རིགས་ལ་བཅང་བའི་ལྷག་བསམ་དང་སྐད་ཡིག་ལ་དུང་བའི་འདུན་པ་དེས་སྦྱིན་པའི་དུས་རབས་ཉེར་གཅིག་སྟེ་བརྡ་འཕྲིན་ཡར་རྒྱས་ཀྱི་སྐབས་འདིར་ཀུ་ཤུ་ཁ་པར་འཛིན་མཁན་གྱི་འུ་ཅག་ལ་སྦྱིན་པའི་རིན་བྲལ་གྱི་ལེགས་སྐྱེས་དེ་རེད། འདི་ནི་ཀུ་ཤུ་ཁ་པར་གྱི་མཉེན་ཆས་ཕབ་ལེན་བྱེད་ཡུལ་ནས་བཙལ་སྟེ་ཐད་ཀར་ཕབ་ལེན་བྱེད་ཐུབ་ཅིང་བཀོལ་སྤྱོད་ཧ་ཅང་སྟབས་བདེ་ཞིང་ཡར་ཐོན་གྱི་རང་བཞིན་ལྡན་པའི་བོད་ཡིག་ཚིག་མཛོད་ཀྱི་མཉེན་ཆས་རྐང་གཅིག་པུ་དེ་ཡང་རེད།


འདི་ནི་ཨ་མྱེའི་སྤྲུལ་ཆུང་རིན་པོ་ཆེ་མཆོག་གི་རང་རིགས་ལ་བཅང་བའི་ལྷག་བསམ་དང་སྐད་ཡིག་ལ་དུང་བའི་འདུན་པ་དེས་སྦྱིན་པའི་དུས་རབས་ཉེར་གཅིག་སྟེ་བརྡ་འཕྲིན་ཡར་རྒྱས་ཀྱི་སྐབས་འདིར་ཀུ་ཤུ་ཁ་པར་འཛིན་མཁན་གྱི་འུ་ཅག་ལ་སྦྱིན་པའི་རིན་བྲལ་གྱི་ལེགས་སྐྱེས་དེ་རེད། འདི་ནི་ཀུ་ཤུ་ཁ་པར་གྱི་མཉེན་ཆས་ཕབ་ལེན་བྱེད་ཡུལ་ནས་བཙལ་སྟེ་ཐད་ཀར་ཕབ་ལེན་བྱེད་ཐུབ་ཅིང་བཀོལ་སྤྱོད་ཧ་ཅང་སྟབས་བདེ་ཞིང་ཡར་ཐོན་གྱི་རང་བཞིན་ལྡན་པའི་བོད་ཡིག་ཚིག་མཛོད་ཀྱི་མཉེན་ཆས་རྐང་གཅིག་པུ་དེ་ཡང་རེད།  མཉེན་ཆས་ཚིག་མཛོད་འདིའི་ནང་དུ་ཚིག་མཛོད་ཆེན་མོ་དང་དག་གསར། དེ་བཞིན་བོད་དབྱིན་ཤན་སྦྱར་གྱི་ཚིག་མཛོད་རང་འབྱུང་ཡེ་ཤེས་སོགས་འགའ་ཞིག་ཀྱང་མཆིས། འདི་ལས་བོད་ཡིག་ཙམ་མིན་པར་དབྱིན་ཡིག་གི་དོན་འགྲེལ་བོད་ཡིག་ལས་གཟིགས་ཐུབ་ཅིང་བོད་ཡིག་གི་ཚིག་དོན་ཡང་དབྱིན་ཡིག་ལས་འཚོལ་ནུས་པའི་ཆེས་ནུས་ཅན་གྱི་མཉེན་ཆས་ཤིག་རེད། རིན་པོ་ཆེ་མཆོག་གིས་ཚིག་མཛོད་འདི་ཉིད་བཟོ་སྐབས་ཉིད་ཀྱི་བཀའ་མངགས་ལྟར་གུས་པས་དག་གསར་ཆ་ཚང་ཞིག་གློག་ཀླད་དུ་བཏགས་ཏེ་ཞབས་འདེགས་ཏོག་ཙམ་ཞུ་ཐུབ་པ་བྱུང་། སྐབས་དེའི་དུས་གུས་པའི་སེམས་སུ་འདི་ལྟ་བུའི་ཕན་ནུས་ཅན་གྱི་ཚིག་མཛོད་ཅིག་ཐོན་ཐུབ་རྒྱུ་ནི་རྨི་ལམ་དུ་ཡང་ག་ལ་ཡོད། འོན་ཀྱང་རྗེས་སོར་ཚིག་མཛོད་འདི་འདྲ་ཞིག་ཏུ་ཐོན་འདུག་པར་མ་ཟད་གུས་པས་ད་སྡེའི་ནང་དུ་ཚིག་དུམ་ཞིག་ཁ་བསབ་བྱས་པ་དེ་ཡང་རང་སོར་བཞག་འདུག ༼དོལ་རྒྱལ། སྨོན་ལམ་ལོག་པའི་དམ་སྲི་ཞིག ཤུགས་ལྡན་ཀྱང་ཟེར།༽ རིན་པོ་ཆེ་མཆོག་གིས་ད་དུང་དུང་དཀར་ཚིག་མཛོད་ཅིག་ཀྱང་དགོས་གལ་ཆེ་ལུགས་གསུངས་བྱུང་ཡང་གུས་པ་སློབ་སྦྱོང་གི་དུས་ཚོད་བཅས་ཀྱི་རྐྱེན་པས་བཏགས་ཐུབ་མ་བྱུང་།

སྐབས་དོན་དྲ་གྲོགས་དག་ལ་རེ་བསྐུལ་ཞིག་ཞུ་འདོད་བྱུང་། འདི་ནས་ཨ་མྱེའི་སྤྲུལ་ཆུང་རིན་པོ་ཆེ་ནས་དུང་དཀར་ཚིག་མཛོད་ཆེན་མོ་མཉེན་ཆས་དེར་འཇུག་འདོད་ཆེ་བས་དུང་དཀར་ཚིག་མཛོད་ཆེན་མོ་གློག་ཀླད་དུ་བྲིས་མ་ཡོད་ཚེ་གཤམ་གསལ་གྱི་བརྒྱུད་ལམ་གང་རུང་དུ་གནང་རོགས་ཅེས་ཞུ་བཞིན་ཡོད། དུང་དཀར་ཚིག་མཛོད་མཉེན་ཆས་འདིར་བཞག་ཐུབ་ན་ངོ་མ་ཕུན་སུམ་ཚོགས་པའི་ཡན་ལག་ཅིག་ཀྱང་ཡིན་འདུག་ན་རང་མི་རིགས་ཀྱི་སྐད་ཡིག་ལ་དུང་བའི་ལྷག་བསམ་ཅན་དག་གིས་མཐུན་འགྱུར་ཞིག་གནང་རོགས་ཞེས་ཞུ་བཞིན་ཡོད།བཀའ་དྲིན་ཆེ།

སྐད་འཕྲིན་ཁ་བྱང་  i_love_tibet
གློག་འཕྲིན་ཁ་བྱང་   riksang777@gmail.com


མཉེན་ཆས་འདི་བཟོ་བསྐྲུན་གནང་མཁན་ཨ་མྱེའི་སྤྲུལ་ཆུང་རིན་པོ་ཆེ་འམ་མཚན་གཞན་མཆོག་སྤྲུལ་ཕྱོགས་ལས་རྣམ་རྒྱལ་ནི་ནམ་རྒྱུན་ནེ་རྫུ་ལེ་ཌུར་དད་ལྡན་ཆོས་ཚོགས་ལ་གསུང་ཆོས་གནང་བཞིན་བཞུགས་ཀྱི་ཡོད་ལ། ལོ་སྔོན་མ་ནས་བཟུང་ཁོང་གི་ཕ་ཡུལ་འཇུ་ཉུང་དགོན་གྱིས་མཁན་ཁྲིར་མངའ་གསོལ་མཛད་པ་ལྟར་ད་ལམ་རང་དགོན་དུ་མཁན་པོའི་ཕྱག་ལས་གནང་བཞིན་ཡོད།

བརྡ་འཕྲིན་བང་ཁ་འོད་ཀྱི་རླབས་སུ་རྩེན། །
འཛམ་གླིང་ཤར་ནུབ་འཕྲུལ་ཆའི་སྣེ་མོར་འདུ། །
གློག་ཆས་བཀོལ་སྤྱོད་ཆེ་བའི་དུས་རབས་འདིར། །
རང་ཅག་རང་སོར་འདུག་པའི་གནས་མིན་པས། །
རིན་ཐང་ཆེ་བའི་རང་གི་སྐད་ཡིག་ལ། །
རང་གཞན་ཚང་མས་སྲི་ཞུ་ཏོག་ཙམ་བསྒྲུབ། །

༢༠༡༥/༧/༡༦ ཉིན་གུས་འཇའ་ཐང་འབྲོག་བུས་འཕྲལ་མར་བྲིས།

མཆན།

ཉེ་ཆར་གསར་དུ་ཉོས་པའི་གློག་ཀླད་ཀྱི་འཆར་ངོས། རྒྱ་གར་སྒོར་ 16974/- ཐོག་ཚོང་འགྱུར་བྱེད་ཀྱི་འདུག

Name

Android,41,Aphone,6,APK,12,Blogger,1,eBook,3,Freeware,1,Game,1,iPad,7,iphone,11,iPod,3,itune,1,Linux,3,Mac,6,Mobile,12,MS Excel,1,MS Word,2,Office,10,Photoshop,2,PowerPoint,8,PPT Draw,2,Wallpaper,1,wechat,9,Window,24,Wordpress,1,YouTube,1,གཞན་རྩོམ།,42,གླུ་གཞས།,5,གློག་ཀླད་ཀྱི་ལམ་འཕྲང།,32,གློག་བརྙན།,17,གསར་འཕྲིན།,74,གསལ་བསྒྲགས།,2,གུ་གུལ་ལམ་གྲོལ།,43,གུས་པའི་བཟོ་བཀོད།,42,ངོ་དེབ།,9,ཐབས་ཇུས་ཟབ་མོ་,93,ཐོན་ཟོག་གསར་པ།,11,དཔྱད་རྩོམ་གྱི་ལ་མོ།,15,དམིགས་བསལ།,8,དྲ་ཚིགས་ངོ་སྤྲོད་,40,དྲ་ཚིགས་མཚམས་སྦྱོར།,37,དྲི་བ་དྲིས་ལན།,15,ཕབ་ལེན།,1,ཕབས་ལེན།,65,བཅར་འདྲིའི་ལེ་ཚན།,1,བརྙན་ཟློས་ཀྱི་རྨུ་ཐག,52,བརྩམས་སྒྲུང་གི་རང་འཐག,5,བསྒྱུར་རྩོམ་གྱི་རྩ་ཐང།,3,མཉེན་ཆས་ངོ་སྤྲོད་,64,མི་ཚེ་ཡི་འཕོ་འགྱུར།,5,ཚོང་སྒྱུར།,5,ཟབ་སྦྱོང་།,7,ཟིན་བྲིས་བཟོ་བཀོད་,16,འཕྲུལ་དེབ།,4,ལྷུག་རྩོམ་གྱི་རི་ཕྲེང།,17,སྙན་ངག་གི་གླིང་ག,2,
ltr
item
གློག་ཀླད་དང་ཁ་པར།: ཀུ་ཤུའི་ཁ་པར་ནང་གི་བོད་ཡིག་ཚིག་མཛོད།
ཀུ་ཤུའི་ཁ་པར་ནང་གི་བོད་ཡིག་ཚིག་མཛོད།
འདི་ནི་ཨ་མྱེའི་སྤྲུལ་ཆུང་རིན་པོ་ཆེ་མཆོག་གི་རང་རིགས་ལ་བཅང་བའི་ལྷག་བསམ་དང་སྐད་ཡིག་ལ་དུང་བའི་འདུན་པ་དེས་སྦྱིན་པའི་དུས་རབས་ཉེར་གཅིག་སྟེ་བརྡ་འཕྲིན་ཡར་རྒྱས་ཀྱི་སྐབས་འདིར་ཀུ་ཤུ་ཁ་པར་འཛིན་མཁན་གྱི་འུ་ཅག་ལ་སྦྱིན་པའི་རིན་བྲལ་གྱི་ལེགས་སྐྱེས་དེ་རེད། འདི་ནི་ཀུ་ཤུ་ཁ་པར་གྱི་མཉེན་ཆས་ཕབ་ལེན་བྱེད་ཡུལ་ནས་བཙལ་སྟེ་ཐད་ཀར་ཕབ་ལེན་བྱེད་ཐུབ་ཅིང་བཀོལ་སྤྱོད་ཧ་ཅང་སྟབས་བདེ་ཞིང་ཡར་ཐོན་གྱི་རང་བཞིན་ལྡན་པའི་བོད་ཡིག་ཚིག་མཛོད་ཀྱི་མཉེན་ཆས་རྐང་གཅིག་པུ་དེ་ཡང་རེད།
http://3.bp.blogspot.com/-YS5W5ya5EG8/VbtipUJLfNI/AAAAAAAAKVA/U371lQkAcZ4/s640/tibetan-dictionary-for-iphone-ipad.jpg
http://3.bp.blogspot.com/-YS5W5ya5EG8/VbtipUJLfNI/AAAAAAAAKVA/U371lQkAcZ4/s72-c/tibetan-dictionary-for-iphone-ipad.jpg
གློག་ཀླད་དང་ཁ་པར།
http://www.sonamdawa.com/2015/07/tibetan-dictionary-for-iphone-ipad.html
http://www.sonamdawa.com/
http://www.sonamdawa.com/
http://www.sonamdawa.com/2015/07/tibetan-dictionary-for-iphone-ipad.html
true
8975001132631270234
UTF-8
རྩོམ་ུཡིག་ཡོངས་འཆར་ཟིན། རྩོམ་ཡིག་གང་ཡང་རྙེད་མ་སོང་། ཆ་ཚང་ལྟ། འཕྲོ་ཀློགས། ལན་སློགས། ལན་ཕྱིར་འཐེན་བྱེད། སུབ། སྤེལ་མཁན། གཙོ་ངོས། ཤོག་ངོས། རྩོམ་ཡིག ཆ་ཚང་ལ་ལྟ། འབྲེལ་ཡོད་རྩོམ་ཡིག་གཞན། སྡེ་ཚན། ཡིག་ཚགས། འཚོལ་བཤེར། རྩོམ་ཡོངས། ཁྱེད་ཀྱིས་འཚོལ་བཞིན་པའི་རྩོམ་ཡིག་འདི་མིན་འདུག གཙོ་ངོས་སུ་ལོག གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཉི་མ། ཟླ་བ། མིག་དམར། ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཅིག ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཉིས། ད་ལྟ་རང་། སྐར་མ་གཅིག་སྔོན་ལ། $$1$$ minutes ago ཆུ་ཚོད་ 1 སྔོན་ལ། $$1$$ hours ago ཁ་སང་། $$1$$ days ago $$1$$ weeks ago ཟླ་བ་ 5 ཙམ་གོང་། རྗེས་བཞུགས་པ། རྗེས་བཞུགས། ནང་དོན་འདི་ནི་ཆེད་དུ་བཀག་ཡོད། ངོ་དེབ་དང་ཊེའུ་ཊར་གྱི་དྲ་གནས་ཁག་ཏུ་རྒྱུད་སྤེལ་རེ་བྱས་ན་ནང་དོན་ལྟ་ཐུབ། Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy