VirtualBox ནང་སྐར་ཁུང་ 10 དང་ Linux བཅུག་སྟངས།

VirtualBox མཉེན་ཆས་ནི་རང་ཉིད་ཀྱི་སྤྱོད་བཞིན་པའི་རྒྱུད་ཁུངས་མ་ལག་སྟེང་རྒྱུད་ཁུངས་མ་ལག་གཞན་བཅུག་རྒྱུ་ཡོད་པའི་མཉེན་ཆས་ཞིག་ཡིན། དཔེར་ན། ཀུ་ཤུ་གློག་ཀླད་ནང་སྐར་ཁུང་རྒྱུད་ཁུངས་མ་ལག་བླུགས་སྟེ་སྐར་ཁུང་གི་མཉེན་ཆས་ཚོད་ལྟ་དང་བེད་སྤྱོད་བྱེད་རྒྱུ་བཟོ་བ་དང་། ཡང་ན་ངས་གཤམ་གྱི་བརྙན་ཟློས་ནང་གསལ་བ་ལྟར་སྐར་ཁུང་བརྒྱད་པའི་ནང་སྐར་ཁུང་བཅུ་པ་བླུགས་ནས་སྐར་ཁུང་བཅུ་པ་ཚོད་ལྟ་བྱེད་རྒྱུ་སོགས་ཡོད།


VirtualBox མཉེན་ཆས་ནི་རང་ཉིད་ཀྱི་སྤྱོད་བཞིན་པའི་རྒྱུད་ཁུངས་མ་ལག་སྟེང་རྒྱུད་ཁུངས་མ་ལག་གཞན་བཅུག་རྒྱུ་ཡོད་ཁར་དུས་གཅིག་གི་ནང་རྒྱུད་ཁུངས་མ་ལག་གཉིས་གསུམ་ཁ་ཕྱེ་རྒྱུ་ཡོད་པའི་མཉེན་ཆས་ཞིག་ཡིན། དཔེར་ན། ཀུ་ཤུ་གློག་ཀླད་ནང་སྐར་ཁུང་རྒྱུད་ཁུངས་མ་ལག་བླུགས་སྟེ་སྐར་ཁུང་གི་མཉེན་ཆས་ཚོད་ལྟ་དང་བེད་སྤྱོད་བྱེད་རྒྱུ་བཟོ་བ་དང་། ཡང་ན་ངས་གཤམ་གྱི་བརྙན་ཟློས་ནང་གསལ་བ་ལྟར་སྐར་ཁུང་བརྒྱད་པའི་ནང་སྐར་ཁུང་བཅུ་པ་བླུགས་ནས་སྐར་ཁུང་བཅུ་པ་ཚོད་ལྟ་བྱེད་རྒྱུ་སོགས་ཡོད། དེ་ལྟར་ཡོང་ཐུབ་པ་ནི་ VirtualBox ཞེས་པའི་མཉེན་ཆས་དམིགས་བསལ་ཞིག་སྤྱོད་རྒྱུ་ཡོད་པའི་དབང་གི་ཡིན། VirtualBox ཟེར་བའི་མཉེན་ཆས་དེ་རྒྱུད་ཁུངས་མ་ལག་ཚང་མའི་ཆེད་དུ་བཟོས་ཡོད་པ་དང་རིན་མེད་ཐོག་ཕབ་ལེན་བྱེད་རྒྱུའང་ཡོད། གཤམ་གྱི་བརྙན་ཟློས་ནང་ངའི་གློག་ཀླད་སྐར་ཁུང་བརྒྱད་པ་བྱས་པ་ཞིག་གི་ནང་ VirtualBox བེད་སྤྱད་དེ་ Linux དང་ Window 10 གཉིས་སྒྲིག་འཇུག་བྱེད་སྟངས་སྟོན་ཡོད།

གྲ་སྒྲིག

  • གལ་ཏེ་ VirtualBox བེད་སྤྱོད་གཏོང་འདོད་ན། མཉེན་ཆས་འདི་གཞུང་འབྲེལ་དྲ་བ་ནས་ཕབ་ལེན་དང་སྒྲིག་འཇུག་བྱེད་དགོས། VirtualBox ནི་དེང་གི་རྒྱུད་ཁུངས་མ་ལག་ཚང་མའི་ཆེད་དུ་བཟོས་ཡོད། གཞུང་འབྲེལ་དྲ་བ་ནི། https://www.virtualbox.org/
  • VirtualBox ནང་རྒྱུད་ཁུངས་མ་ལག་གཞན་བཅུག་པའི་སྐབས་ཁྱེད་ཀྱི་གློག་ཀླད་གསར་པ་ཞིག་བླངས་པ་དང་འདྲ་པོ་ཡོད། གློག་ཀླད་གསར་པར་ RAM དང་ Hard Disk དགོས་པར་བརྟེན། ཁྱེད་ཀྱི་གློག་ཀླད་ཨ་མར་ RAM དང་ Hard Disk འདང་ངེས་ཞིག་དགོས།
  • རྒྱུད་ཁུངས་མ་ལག་གི་འོད་སྡེར་རམ་ ISO ཅན་གྱི་རྒྱུད་ཁུངས་མ་ལག་ཕབ་ལེན་བྱས་ཟིན་པ་ཞིག་དགོས།
  • གལ་ཏེ་ཁྱེད་ལ་རྒྱུད་ཁུངས་མ་ལག་གི་འོད་སྡེར་གང་ཡང་མེད་ན། འདིར་ཁྱེད་ལ་ཚོད་ལྟའི་ཆེད་ Linux གྱི་རྒྱུད་ཁུང་མ་ལག་ Slitaz ཟེར་བ་དེ་ཕབ་ལེན་བྱས་ན་འགྲིག 
  • Slitaz ཟེར་བ་འདིར་ 35mb ལས་མེད། VirtualBox ནང་ཚོད་ལྟ་བྱེད་འོས་པ་ཞིག་ཡིན། Slitaz ཕབ་ལེན།
  • སྐར་ཁུང་ 10 ལ་ 3.6gb ཡོད། ཕབ་ལེན་བྱེད་ན་དྲ་གནས་འདིར་གཟིགས། Window10 ཕབ་ལེན།

བརྙན་ཟློས།



VirtualBox ནང་ Slitaz Linux བཅུག་པའི་སྐབས། RAM=256MB དང་ Hard Disk = 1GB ཐོག་འཇོག་ན་འགྲིག
VirtualBox ནང་ Window 10 བཅུག་པའི་སྐབས། RAM=2GB དང་ Hard Disk = 40GB ཐོག་འཇོག་ན་འགྲིག

ཁྱེད་ཀྱིས་སྤྱོད་བྱེད་བཞིན་པའི་གློག་ཀླད་ལ་ཉུང་མཐར་ RAM=3GB དགོས། དེ་མིན་ VirtualBox ནང་སྐར་ཁུང་གཞན་བཅུག་ཐུབ་ཀྱང་ལས་ཀ་བྱེད་རྒྱུར་ཧ་ཅང་འགོར་པོ་ཆགས་ཀྱི་རེད།

མཆན།

ཉེ་ཆར་གསར་དུ་ཉོས་པའི་གློག་ཀླད་ཀྱི་འཆར་ངོས། རྒྱ་གར་སྒོར་ 16974/- ཐོག་ཚོང་འགྱུར་བྱེད་ཀྱི་འདུག

Name

Android,41,Aphone,6,APK,12,Blogger,1,eBook,3,Freeware,1,Game,1,iPad,7,iphone,11,iPod,3,itune,1,Linux,3,Mac,6,Mobile,12,MS Excel,1,MS Word,2,Office,10,Photoshop,2,PowerPoint,8,PPT Draw,2,Wallpaper,1,wechat,9,Window,24,Wordpress,1,YouTube,1,གཞན་རྩོམ།,42,གླུ་གཞས།,5,གློག་ཀླད་ཀྱི་ལམ་འཕྲང།,32,གློག་བརྙན།,17,གསར་འཕྲིན།,74,གསལ་བསྒྲགས།,2,གུ་གུལ་ལམ་གྲོལ།,43,གུས་པའི་བཟོ་བཀོད།,42,ངོ་དེབ།,9,ཐབས་ཇུས་ཟབ་མོ་,93,ཐོན་ཟོག་གསར་པ།,11,དཔྱད་རྩོམ་གྱི་ལ་མོ།,15,དམིགས་བསལ།,8,དྲ་ཚིགས་ངོ་སྤྲོད་,40,དྲ་ཚིགས་མཚམས་སྦྱོར།,37,དྲི་བ་དྲིས་ལན།,15,ཕབ་ལེན།,1,ཕབས་ལེན།,65,བཅར་འདྲིའི་ལེ་ཚན།,1,བརྙན་ཟློས་ཀྱི་རྨུ་ཐག,52,བརྩམས་སྒྲུང་གི་རང་འཐག,5,བསྒྱུར་རྩོམ་གྱི་རྩ་ཐང།,3,མཉེན་ཆས་ངོ་སྤྲོད་,64,མི་ཚེ་ཡི་འཕོ་འགྱུར།,5,ཚོང་སྒྱུར།,5,ཟབ་སྦྱོང་།,7,ཟིན་བྲིས་བཟོ་བཀོད་,16,འཕྲུལ་དེབ།,4,ལྷུག་རྩོམ་གྱི་རི་ཕྲེང།,17,སྙན་ངག་གི་གླིང་ག,2,
ltr
item
གློག་ཀླད་དང་ཁ་པར།: VirtualBox ནང་སྐར་ཁུང་ 10 དང་ Linux བཅུག་སྟངས།
VirtualBox ནང་སྐར་ཁུང་ 10 དང་ Linux བཅུག་སྟངས།
VirtualBox མཉེན་ཆས་ནི་རང་ཉིད་ཀྱི་སྤྱོད་བཞིན་པའི་རྒྱུད་ཁུངས་མ་ལག་སྟེང་རྒྱུད་ཁུངས་མ་ལག་གཞན་བཅུག་རྒྱུ་ཡོད་པའི་མཉེན་ཆས་ཞིག་ཡིན། དཔེར་ན། ཀུ་ཤུ་གློག་ཀླད་ནང་སྐར་ཁུང་རྒྱུད་ཁུངས་མ་ལག་བླུགས་སྟེ་སྐར་ཁུང་གི་མཉེན་ཆས་ཚོད་ལྟ་དང་བེད་སྤྱོད་བྱེད་རྒྱུ་བཟོ་བ་དང་། ཡང་ན་ངས་གཤམ་གྱི་བརྙན་ཟློས་ནང་གསལ་བ་ལྟར་སྐར་ཁུང་བརྒྱད་པའི་ནང་སྐར་ཁུང་བཅུ་པ་བླུགས་ནས་སྐར་ཁུང་བཅུ་པ་ཚོད་ལྟ་བྱེད་རྒྱུ་སོགས་ཡོད།
http://3.bp.blogspot.com/--qnr1Pv9MPQ/VandmfSFjoI/AAAAAAAAKMg/kwdhf_nxdeU/s640/virtual%2Bbox.png
http://3.bp.blogspot.com/--qnr1Pv9MPQ/VandmfSFjoI/AAAAAAAAKMg/kwdhf_nxdeU/s72-c/virtual%2Bbox.png
གློག་ཀླད་དང་ཁ་པར།
http://www.sonamdawa.com/2015/07/virtualbox.html
http://www.sonamdawa.com/
http://www.sonamdawa.com/
http://www.sonamdawa.com/2015/07/virtualbox.html
true
8975001132631270234
UTF-8
རྩོམ་ུཡིག་ཡོངས་འཆར་ཟིན། རྩོམ་ཡིག་གང་ཡང་རྙེད་མ་སོང་། ཆ་ཚང་ལྟ། འཕྲོ་ཀློགས། ལན་སློགས། ལན་ཕྱིར་འཐེན་བྱེད། སུབ། སྤེལ་མཁན། གཙོ་ངོས། ཤོག་ངོས། རྩོམ་ཡིག ཆ་ཚང་ལ་ལྟ། འབྲེལ་ཡོད་རྩོམ་ཡིག་གཞན། སྡེ་ཚན། ཡིག་ཚགས། འཚོལ་བཤེར། རྩོམ་ཡོངས། ཁྱེད་ཀྱིས་འཚོལ་བཞིན་པའི་རྩོམ་ཡིག་འདི་མིན་འདུག གཙོ་ངོས་སུ་ལོག གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཉི་མ། ཟླ་བ། མིག་དམར། ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཅིག ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཉིས། ད་ལྟ་རང་། སྐར་མ་གཅིག་སྔོན་ལ། $$1$$ minutes ago ཆུ་ཚོད་ 1 སྔོན་ལ། $$1$$ hours ago ཁ་སང་། $$1$$ days ago $$1$$ weeks ago ཟླ་བ་ 5 ཙམ་གོང་། རྗེས་བཞུགས་པ། རྗེས་བཞུགས། ནང་དོན་འདི་ནི་ཆེད་དུ་བཀག་ཡོད། ངོ་དེབ་དང་ཊེའུ་ཊར་གྱི་དྲ་གནས་ཁག་ཏུ་རྒྱུད་སྤེལ་རེ་བྱས་ན་ནང་དོན་ལྟ་ཐུབ། Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy