འཛམ་གླིང་ཐོག་གློག་ཀླད་རིན་གོང་ཆུང་ཤོས་ཨ་སྒོར་ $9


འཛམ་གླིང་ཐོག་རིན་གོང་ཆུང་ཤོས་ཀྱི་གློག་ཀླད་དེའི་ཆེ་ཆུང་ནི་ ATM བྱང་བུ་ལས་ཀྱང་ཆུང་བ་ཡོད། ཨ་སྒོར་ $9 (རྒྱ་གར་སྒོར་ Rs. 575 ཙམ་)ལ་ཉོ་ཐུབ་པའི་གློག་ཀླད་དེ་ལ་ CHIP ཟེར་བ་དང་དེས་དྲ་མྱུལ་བྱེད་པ་དང། དཔར་དང་ཡིག་ཆ་བཟོ་བ། དེ་བཞིན་གློག་རྩེད་དང་གློག་བརྙན་བལྟ་བ་སོགས་ཅི་རིགས་བྱེད་ཐུབ་ཀྱི་ཡོད།

CHIP བཟོ་བསྐྲུན་བྱེད་མཁན་གྱིས་ཁྲོམ་རྭའི་ཐོག་འགྲེམ་ཚོང་ཆེད་མ་རྩ་ཨ་སྒོར་ $50,000 སྒྲུབ་རྒྱུའི་འཆར་གཞི་བྱས། འོན་ཀྱང་མ་འཇོག་གི་ལས་གཞི་འགོ་བཙུགས་ནས་དུས་ཚོད་ཐུང་ཐུང་ཞིག་གི་ནང་མ་འཇོག་ཨ་སྒོར་ $697,000 བྱུང་འདུག དེ་ནི་ཐོག་མའི་རྒྱལ་ཁ་ཞིག་ཡིན་ལ་ཁོང་ཚོའི་ལས་འཆར་དེ་ལ་ཕུགས་རྒྱང་གི་གཤོག་སྒྲོ་རྒྱས་པའི་སྔ་ལྟས་ཞིག་མཐོང།

སྤྱིར་བཏང་གློག་ཀླད་ཀྱི་གཙོ་འཁོར་འདི་ལ་རིན་གོང་ཆུང་ཆུང་ཡིན་ཀྱང། མངོན་ཆས་Monitor དང་། མཐེབ་གཞོང། ཙི་ཙི་ལྟ་བུའི་གློག་ཀླད་ཀྱི་ཆ་ལག་གཞན་རྣམས་སོ་སོས་ཉོ་དགོས་པའམ་ཡང་ན་གློག་ཀླད་རྙིང་པའི་ཆ་ལག་བེད་སྤྱོད་བྱས་ན་འགྲིག

གློག་ཀླད་གཙོ་འཁོར་དེའི་ནང་ Linux གྱི་རྒྱུད་ཁུངས་མ་ལག་བཅུག་ཡོད་པ་དང་། རྒྱུད་ཁུངས་མ་ལག་དེའི་ནང་ཡིག་ཆ་བཟོ་སྒྲིག་བྱེད་ཆེད་ LibreOffice དང་། གླུ་གཞས་དང་གློག་བརྙན་བལྟ་ཆས་ VLC སོགས་མཉེན་ཆས་མང་པོ་རང་སྒྲིག་ཡོད། གསོག་སྡེར་གྱི་སྟོང་ཆ་ཡོད་ན་དེའི་སྟེང་མཉེན་ཆས་གཞན་སྟོང་ཕྲག་ལྷག་ཕབ་ལེན་སྒྲིག་འཇུག་བྱེད་རྒྱུ་ཡོད་འདུག
གློག་ཀླད་དེ་ལ་ 1Ghz processor དང་ RAM=512, Storage=4GB ལས་མེད་པར་བརྟེན་གློག་བརྙན་བཟོ་སྒྲིག་གི་ལས་ཤུགས་ཆེན་པོ་དེ་འདྲ་བྱེད་མི་ཐུབ། ཡིན་ནའི་གཙོ་འཁོར་འདི་ལ་སོ་སྔོན་(bluetooth) གྱི་མཐུན་རྐྱེན་ཡོད་པར་བརྟེན་གློག་རྩེད་ལ་དགའ་མཁན་ཚོས་ཤུགས་ཆུང་བའི་གློག་རྩེད་རིགས་རྩེ་ཐུབ་རྒྱུ་ཡོད།

གློག་ཀླད་ཆུང་ཆུང་དེས་མི་ཚང་མའི་འདོད་བློ་སྐོང་མི་ཐུབ་ཀྱང་མི་ཚང་མར་འདེམས་ག་ཞིག་སྤྲད་ཡོད། གློག་ཀླད་དེ་འདི་ལོ་ 2015 ལོ་མཇུག་ཏུ་འཛམ་གླིང་ས་ཕྱོགས་གཞན་ལ་ཚོང་འགྲེམས་བྱེད་འཆར་ཡོད་འདུག

ཕྱི་ལོ་ 2012 ལོར་གློག་ཀླད་རིན་གོང་ཆུང་ཤོས་བཟོ་མཁན་ Raspberry Pi ཟེར་བ་དེ་རེད། གློག་ཀླད་ཆུང་ཆུང་དེ་ལ་ཨ་སྒོར་ $25-$35 བྱས་ཏེ་ Ebay ནང་ཉོ་རྒྱུ་ཡོད། དྲ་གནས་འདིར་གཟིགས། http://goo.gl/YVzLlM

འགྲེམས་སྟོན་གློག་བརྙན་ལ་གཟིགས།


དཔར་རིས།

CHIP དེ་ Monitor གསར་རྙིང་དང་མཐུད་རྒྱུ་ཡོད།

CHIP ནང་ Linux གི་རྒྱུད་ཁུངས་མ་ལག་དང་ LibreOffice, VLC སོགས་རང་སྒྲིག་ཡོད།

དགོས་མཁོའི་མཉེན་ཆས་སྟོང་ཕྲག་ཕབ་ལེན་བྱེད་རྒྱུ་ཡོད།

LibreOffice སྤྱད་དེ་རྒྱུན་པའི་ཡིག་ཆ་བཟོ་སྒྲིག་བྱེད་རྒྱུད་ཡོད། LibreOffice ནི་ Microsoft Office འདྲ་པོ་རེད།

དྲ་རྒྱའི་ཐོག་བཞུགས་ཐུབ་པ་དང་། དྲ་ཐོག་གི་ལས་རིགས་སྒྲུབ་ཐུབ།

གཟུགས་མཐོང་བརྙན་འཕྲིན་དང་མཐུད་དེ་གློག་རྩེད་རིགས་རྩེ་ཐུབ།

ཨ་སྒོར་ $49 ཅན་གྱི་ལག་ཐོག་གློག་ཀླད་ཞིག་ཡོད། དེ་ལ་མཐེབ་གཞོང་དང་། འཆར་ངོས་ 4.3 inch ཡོད། གློག་མེ་ཆུ་ཚོད་གསུམ་ལྷག་གདང་བའི་གློག་མེ་ 3000mAh ཡོད། འཆར་གཞི་ལྟར་ན་ཕྱི་ལོ་ 2016 གི་ལོ་དཀྱིལ་ཙམ་ལ་འགྲེམས་ཚོང་ཐུབ་པ་བྱེད་རྒྱུ་ཡིན་འདུག

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག