wylie unicode དྲ་ཐོག་བཏགས་ཆས།

དྲ་གནས། http://gdriv.es/nextfile

wylie ནི་བོད་ཀྱི་རིག་གཞུང་ཉམས་ཞིབ་བྱེད་མཁན་ནུབ་ཕྱོགས་མཁས་དབང་རྣམས་ཀྱིས་བེད་སྤྱོད་བྱེད་བཞིན་པའི་བོད་ཡིག་མིང་ཚིག་གམ་ཐ་སྙད་རྣམས་ནོར་འཛོལ་མེད་པར་དབྱིན་ཡིག་ལམ་ནས་ཡིག་བཏགས་བྱེད་ཐུབ་པའི་ཚད་ལྡན་གྱི་འགྲོ་སྟངས་ཞིག་རེད། wylie སྐོར་རྒྱས་པ་འདིར་གཟིགས། ཉེ་ཆར་གུས་པས་སྒེར་གྱི་ཆེད་དུ་ wylie མཐེབ་གཞོང་འགྲོ་སྟངས་སྤྱད་དེ་བོད་ཡིག་བཏགས་ཐུབ་པའི་དྲ་ཐོག་ཞབས་ཞུ་ཞིག་ཚོད་ལྟའི་ཐོག་བཟོས། Wylie བཏགས་ཆས་དེ་གློག་ཆས་ཡོངས་ཀྱི་ནང་ཁ་འབྱེད་ཐུབ་པ་དང་། བཏགས་ཆས་དེ་སྤྱོད་པར་དྲ་རྒྱའི་མཐུན་རྐྱེན་གཅིག་པོ་ཡོད་ན་འགྲིགས། བཏགས་ཆས་དེ་སྤྱོད་པར་དམིགས་བསལ་མཉེན་ཆས་གང་ཡང་མི་དགོས། ངས་དེ་སྒེར་གྱི་ཆེད་དུ་ཡིན་ཟེར་དགོས་དོན་ནི། གྲོགས་པོས་བོད་ཡིག་ལམ་ནས་འཕྲིན་ཐུང་རིགས་བལྟ་ཀློག་མི་ཐུབ་པ་རྣམས་ READER གྱི་སྡེ་ཚན་ནང་གཡུག་ (Paste) ནས་ཀློག་ཐུབ་པ་ཆགས་པ་དང་། གལ་ཏེ་བོད་ཡིག་ཐོག་ལན་སློག་དགོས་ན། TYPER སྡེ་ཚན་ནང་ wylie སྤྱད་དེ་བོད་ཡིག་བརྒྱག་གི་ཡོད། ཅི་སྟེ་ངའི་ཁ་པར་ནང་བོད་ཡིག་བཏགས་ཆས་ལེགས་པོ་མི་ཡོང་བས་སོ།

ངས་འདིར་ཁྱེད་ལ་དྲ་ཐོག་ཞབས་ཞུ་འདི་ངོ་སྤྲོད་བྱེད་དོན་ནི། གལ་ཏེ་ཁྱེད་ཀྱི་ཁ་པར་ནང་བོད་ཡིག་གི་དཀའ་ངལ་དེ་འདྲ་འཕྲད་ན། སྐབས་ཐོག་གི་ཐབས་ཤེས་དེ་སྤྱད་ཐུབ་པའི་རེ་བ་ཡོད། གལ་ཏེ་ wylie འགྲོ་སྟངས་མ་ཤེས་ན་ HELPER ཟེར་བའི་སྡེ་ཚན་ནང་འགྲོ་སྟངས་ཆ་ཚང་བསྟན་ཡོད། wylie འགྲོ་སྟངས་ཧ་ཅང་ལས་ལྷ་པོ་ཡིན་པར་བརྟེན། རིག་པ་འགྲིམས་ན་སྐར་མ་གསུམ་བཞི་ནང་བདེ་མྱུང་ངང་ཤེས་ཐུབ་པའི་ཁྱད་ཆོས་ལྡན། ཚོད་ལྟ་ཞིག་བྱེད་དང་།

དྲ་ཐོག་ཞབས་ཞུ་དེ་སྡེ་ཚན་གསུམ་དུ་དབྱེ་ཡོད།

སྡེ་ཚན་དང་པོ་ WRITER རེད། wylie འགྲོ་སྟངས་ཤེས་ན་དབྱིན་ཡིག་ abcd བཀོད་དེ་བོད་ཡིག་བཏགས་ཐུབ་ཀྱི་ཡོད། གཤམ་གྱི་རི་མོའི་ནང་གསལ།

སྡེ་ཚན་གཉིས་པ་ READER རེད། བོད་ཡིག་གི་དྲ་ཚིགས་དང་འཕྲིན་ཐུང་སོགས་ལེགས་པོ་མི་འཆར་བ་རྣམས་དེའི་ཐོག་གཡུག་ན་བོད་ཡིག་བལྟ་ཀློག་ཐུབ།
སྡེ་ཚན་གསུམ་པ་ HELPER (མཐེབ་གཞོང་འགྲོ་སྟངས) སྡེ་ཚན་དེའི་ནང་ wylie ཇི་ལྟར་སྤྱོད་དགོས་མིན་ནམ་བཏགས་ཐབས་གསལ་པོ་བཀོད་ཡོད།

གསལ་བཤད།

wylie unicode བཏགས་ཆས་འདིས་སྤྱིར་བཏང་གི་བོད་ཡིག་ཆ་ཚང་བཏགས་ཐུབ། སྔགས་ཡིག་རིགས་སྐབས་འབབ་བརྒྱག་མི་ཐུབ་པ་ཡོང་སྲིད། ངས་མུ་མཐུད་སྔགས་ཡིག་རིགས་ཀྱང་ཆ་ཚང་བཏགས་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད། ཐོན་རིམ་རྗེས་མའི་ནང་སྔགས་ཡིག་བཏགས་ཐུབ་པ་ཆགས་ངེས།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *