གསེར་ལྡན་མིང་མཛོད་[GoldenDict]སྒྲིག་འཇུག་བྱེད་སྟངས།

མཉེན་ཆས་ངོ་སྤྲོད་མདོར་བསྡུས།

གསེར་ལྡན་མིང་མཛོད་[GoldendDict]ཅེས་པ་འདི་ནི་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཡས་མས་སུ་བོད་བརྙན་དྲ་བས་སྒྲུབ་པའི་ལས་འཆར་ཞིག་ཡིན། གསེར་ལྡན་མིང་མཛོད་ཀྱི་མཉེན་ཆས་དེ་སྐད་ཡིག་འདྲ་མིང་གི་ཚིག་མཛོད་སྤྱོད་ཐུབ་པ་མ་ཟད་མིག་སྔར་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀུན་འདུས་ཀྱི་ཚིག་མཛོད་ཆེ་ཤོས་《དུང་དཀར་ཚིག་མཛོད་ཆེན་མོ》ཆ་ཚང་གཞི་བྱས། ཚིག་མཛོད་གཞན་དག་ཀྱང་བོད་འགྱུར་མིང་མཛོད་འདིར་བཅུག་ཡོད། བོད་བརྙན་དྲ་བས་ཟེར་དོན་རྗེས་ཕྱོགས་བོད་ཡིག་དང་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་དམ་མིང་མཛོད། གནས་ཡིག་སོགས་གསེར་ལྡན་མིང་མཛོད་འདིའི་རྒྱུ་ཆར་རུང་བ་གང་ཞིག་ལ་Wordཡིག་ཆ་ཅན་ཡོད་ན། ཁོང་རྣམ་པར་སྐུར་དང་མིང་མཛོད་འདིར་གསར་སྣོན་གྱིས་སྤྱི་ཚོགས་སྟེང་རིན་མེད་དུ་འགྲེམ་སྤེལ་ཞུ་རྒྱུ་ཡིན་ཟེར་བཀོད་ཡོད།

བེད་སྤྱོད་ཁྱབ་ཁོངས།

མིང་མཛོད་འདི་རྩིས་འཁོར་དུ་སྤྱད་ཆོག་པ་མ་ཟད། ཨན་དྲོར་མ་ལག་Androidཅན་གྱི་ཁ་པར་དང་། ཀུ་ཤུ་ཁ་པར་དང་སྙོམས་ངོས་རྩིས་འཁོར་iPadསོགས་སུའང་སྤྱད་ཆོག་པ་བཟོས་ཡོད། གཤམ་འདིར་བརྙན་ཟློས་ནང་སྐར་ཁུང་རྒྱུད་ཁུངས་མ་ལག་གཞི་བྱས་ཏེ་གསེར་ལྡན་མིང་མཛོད་དེ་སྒྲིག་འཇུག་བྱེད་སྟངས་གསལ་པོ་སྟོན་ཡོད། གལ་ཏེ་ཨན་ཌོ་དང་ཀུ་ཤུ་ཁ་པར་སོགས་ཀྱི་ནང་གསེར་ལྡན་མིང་མཛོད་དེ་བཅུག་འདོད་ན། ཐོག་མར་གསེར་ལྡན་མིང་མཛོད་[GoldendDict]ཀྱི་ཨེཔ་སི་ [app] དེ་ Playstore འམ་ AppStore ནས་ཕབ་ལེན་སྒྲིག་འཇུག་བྱེད་དགོས། དེ་རྗེས་ཚིག་མཛོད་ཀྱི་ཡིག་ཆ་རྣམས་མཉེན་ཆས་དེ་གའི་ /content/ ཟེར་བའི་ཡིག་ཁུག་ནང་བཅུག་དགོས། content ནང་ངོས་ཡོད་པའི་ཚིག་མཛོད་དེ་དག་སྐར་ཁུང་གི་མཉེན་ཆས་ནང་ཡོད་པའི་/content/ཚིག་མཛོད་དེ་རང་རེད། སྒྲིག་འཇུག་བྱེད་སྟངས་གཤམ་གྱི་བརྙན་ཟློས་ལྟར་བྱེད་ན་འགྲིག

མཉེན་ཆས་སྒྲིག་འཇུག་བྱེད་སྟངས།


མཉེན་ཆས་ཕབ་ལེན།

ཡིག་ཆ་ཆེ་ཆུང། 41mb
GoldenDict-Tibetan-BO.zip


2 མཆན་གྲངས།:

  1. བཀུར་འོས་དྲ་བདག་ལགས་སུ་ཆེད་ཞུ།
    དྲ་ཐག་འདི་ལས་དུང་དཀར་ཚིག་མཛོད་བཏགས་མ་ཇི་ལྟར་ཕབ་ལེན་བྱེད་དགོས་ཤེས་ཀྱི་མི་འདུག བྱུང་ན་ཉིད་ཀྱིས་ཕབ་ལེན་བྱས་ཏེ་འདྲ་བཤུས་ཤིག་ངའི་གློག་འཕྲིན་དུ་གནང་རོགས་ཞུ། བཀའ་དྲིན་ཆེ། དུང་དཀར་ཚིག་མཛོད་ཆེན་མོ་མཉེན་ཆས་དེར་བསྒྲིག་ཐུབ་ན་ཧ་ཅང་དགོས་གལ་ཆེ་བ་འདུག དེང་སོང་ཀུ་ཤུ་རྟགས་ཅན་འཆང་མཁན་ཕལ་མོ་ཆེས་ཚིག་མཛོད་འདི་བཀོལ་བཞིན་འདུག འདི་ནི་དྲ་ལམ་དང་སྙོག་འཛིང་གང་ཡང་མེད་པར་ཀུ་ཤུའི་མཉེན་མཛོད་ནས་ཐད་ཀར་ཕབ་ལེན་ཐུབ་པའི་ལས་སླ་ཤོས་དང་རྒྱུགས་ཆེ་ཤོས་ཤིག་ཆགས་འདུག་བ་ལགས། བཀའ་དྲིན་ཆེ།

    ReplyDelete
    Replies
    1. ཕབས་ལེན་དུ་བཞག་པའི་མཉེན་ཆས་ནང་དུང་དཀར་ཚིག་མཛོད་བཏགས་མ་དེ་མ་ཡིན། དུང་དཀར་ཚིག་མཛོད་བཏགས་མ་འདི་བོད་བརྙན་དྲ་བ་[www.bosubtitle.com]གཉེར་མཁན་དང་ཐད་ཀར་འབྲེལ་བ་བྱེད་ཐུབ་ན་རགས་ངེས་རེད།

      Delete

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *