གུ་གུལ་གསོག་སྡེར་ནང་ཡོད་པའི་ mp3 དྲ་ཚིགས་སུ་སྤེལ་ཐབས།


གུ་གུལ་གསོག་སྡེར་ [google Drive] སྟེང་ Microsoft Word དང་ Excel ,PowerPoint རིགས་དང་འདྲ་བའི་སྟབས་བདེའི་ཡིག་ཆ་བཟོ་སྒྲིག་བྱེད་རྒྱུའི་མཐུན་རྐྱེན་ཡོད་པ་མ་ཟད། དྲ་ཐོག་གི་ཞབས་ཞུ་དེའི་སྟེང་ཁྱེད་ཀྱི་ཡིག་ཆ་ཅི་རིགས་གསོག་ཉར་བྱེད་སའི་ 15GB ཅན་གྱི་ས་ཆ་སྟོང་པ་ཞིག་ཡོད། Gmail གློག་འཕྲིན་ཁ་བྱང་ཡོད་མཁན་སུས་ཀྱང་ཞབས་ཞུ་དེ་སྤྱོད་མཆོག་པ་ཞིག་ཡིན།

ཉིན་ཤས་རིང་ངས་ཚོད་ལྟ་འདྲ་མིན་བྱས་པའི་རྒྱུད། GoogleDrive ནང་བཞག་པའི་ mp3 ཅན་གྱི་ཡིག་ཆ་ཞིག་དྲ་ཚིགས་ངོས་སུ་གཏོང་ཐུབ་པ་བཟོ་ཤེས་བྱུང། དེའི་རྗེས་ Google Drive རྒྱུད་གཞས་སྡེབས་(playlist) ཆ་ཚང་གཅིག་རང་རང་གི་དྲ་ཚིགས་ཀྱི་ངོས་སུ་ཇི་ལྟར་འཇོག་ཐུབ་ཐབས་སྐོར་ཤེས་པ་བྱ་རྒྱུ་དེ་རེད་འདུག སྤྱིར་བཏང་ mp3 ཡིག་ཆ་འཇོག་སའི་ཞབས་ཞུ་སྤུས་དག་དེ་འདྲ་དྲ་ཐོག་ཏུ་ཡོད་ཀྱང་། དེ་དག་ལ་རིན་མེད་(Free)དང་རིན་སྤྲོད་(Premium)ཟེར་བའི་སྡེ་ཚན་གཉིས་སུ་འཇོག་ཡོད། རིན་མེད་ཀྱི་ཞབས་ཞུ་དེ་དག་ལ་ཚད་བཀག་འདྲ་མིན་ཡོད། རིན་སྤྲོད་ཀྱི་ཞབས་ཞུ་དེ་དག་ལ་མཐུན་རྐྱེན་འཛོམ་པོ་ཡོད་ཀྱང་ཟླ་རེ་དང་ལོ་རེ་བྱས་ནས་ཞབས་ཞུའི་རིན་པ་མི་ཉུང་བ་ཞིག་སྤྲོད་དགོས་ཀྱི་ཡོད།

ངའི་དམིགས་ཡུལ་ནི། གུ་གུལ་གསོག་སྡེར་ལ་ 15GB གི་ས་ཆ་སྟོང་པ་ནི་ཧ་ཅང་ཆེན་པོ་རེད། དེའི་ནང་ mp3 གྱི་ཡིག་ཆ་མང་པོ་འཇོག་ཐུབ་པ་དང་། གཞས་སྡེབས་དང་སྒྲ་བཅུག་རྣམས་གསོག་ཉར་བྱེད་ས་ཡག་པོ་ཡོད་པ་མ་ཟད། སོ་སོའི་དྲ་ཚིགས་ནང་གཞས་དང་སྒྲ་བཅུག་རིགས་བདེ་བླགས་ངང་སྤེལ་ཐུབ་པ་བྱེད་རྒྱུ་དེ་ཡིན། གཤམ་དེར་དཔེ་མཚོན་དུ་གཞས་གཅིག་དྲ་ཚིགས་སུ་འཇོག་ཐུབ་པ་དེ་རེད། བཟོ་ལུགས་བཟོ་སྟངས་རྗེས་མའི་རྩོམ་ཡིག་ཞིག་ནང་བཀོད་ཀྱི་ཡིན།



གཞས་ཚིག

མཇལ་བས་མིག་གི་བདུད་རྩི།
རྩ་བའི་བླ་མའི་ཞལ་རས།
བླ་མའི་ཞལ་རས་མཇལ་བས།
སྔོན་བསགས་བསོད་ནམས་བཟང་བྱུང།
ཐོས་བས་རྣ་བའི་བདུད་རྩི།
རྩ་བའི་བླ་མའི་གསུང་དབྱངས།
བླ་མའི་གསུང་དབྱངས་ཐོས་པས།
ལས་དང་སྨོན་ལམ་བཟང་བྱུང།
ཨ་ལ་རེ། ཡ་ལ། ཡ་ལ། ཡ་ལ་རེ།
བླ་མའི་གསུང་དབྱངས་ཐོས་པས།
ལས་དང་སྨོན་ལམ་བཟང་བྱུང་་་་བྱུང་ཡ་ལ་རེ།
དྲན་ནས་ཡིད་ཀྱི་བདུད་རྩི།
རྩ་བའི་བླ་མའི་ཐུགས་མཆོག
བླ་མས་རྗེས་སུ་འཛིན་པའི།
གསོལ་བ་སྙིང་ནས་བཏབ་ཡོད།
བླ་མའི་སྐུ་ཚེ་བརྟན་པའི།
མཆོག་གསུམ་དད་འདུན་སྨོན་ལམ།
ཁྱེད་ཀྱི་བཀའ་དྲིན་རྗེས་དྲན།
བོད་མི་ང་ཚོས་ཞུས་མཆོག
ཨ་ལ་རེ། ཡ་ལ། ཡ་ལ། ཡ་ལ་རེ།
ཁྱེད་ཀྱི་བཀའ་དྲིན་རྗེས་དྲན།
བོད་མི་ང་ཚོས་ཞུས་མཆོག་་་་་མཆོག་ཡ་ལ་རེ།


0 མཆན་གྲངས།:

Post a Comment

\\ ཡིག་ཆ་འཚོལ་བཤེར་གནང་།

\\ དྲ་ཚིགས་ཞིག་དགོས་སམ།

weChat: sonamdava
Phone: +91 9805941078
Email: iphoeniz@gmail.com
  • རྒྱལ་སྤྱིའི་བོད་ཀྱི་པེན་ཚོགས་པ།

  • འབྲས་སྤུངས་བློ་གསལ་གླིང་།

  • ཆོས་དུང་དཀར་པོ།

  • སྒོ་མང་དཔེ་མཛོད་ཁང་།

  • ཨ་ནུ་དྲ་བ།

\\ ཡིག་འབྲེལ།

Name

Email *

Message *