USB གཅིག་ལས་མེད་པའི་MacBookགསར་པ།


ཀུ་ཤུ་ཚང་གིས་ཉེ་ཆར་གསར་སྐྲུན་བྱས་པའི་ MacBook གསར་པ་དེ་ལ་ USB Type-C གི་མཐུད་ཁ་གཅིག་ལས་མེད་པ་བཟོས་ཡོད་པ་དང་། དེ་སྔའི་ VGA-port དང་ HDMI-port ཟེར་བ་དེ་དག་ཀྱང་མེད་པ་བཟོས་ཡོད། USB གཅིག་དེ་ནས་མཐེབ་སྡེར་དང་དེ་མིན་གྱི་གློག་ཆས་གཞན་དང་སྦྱོར་དགོས་པ་དང་། USB གཅིག་དེ་ནས་གློག་མེ་མཐུད་ས་ཡང་ཆགས་ཡོད། བཟོ་རྩལ་གསར་པ་དེས་གློག་ཀླད་ལ་སྔར་མེད་ཀྱི་སྒྲིག་རིམ་གསར་པ་ཞིག་ལ་ཁ་ཕྱོགས་སྟོན་ཡོད།

MacBook གསར་པ་དེའི་ནང་ཁྲོལ་གྱི་ཚད་གཞི་དང་ཁྱད་ཆོས་གསར་ལྡན།

  • ཀུ་ཤུའི་གློག་ཀླད་ཡང་ཤོས་དེ་ཆགས་ཡོད། ལྗིད་ཚད་ལ་ 0.9Kg
  • ཀུ་ཤུའི་གློག་ཀླད་ཕྲ་ཤོས་དེ་ཆགས་ཡོད། མཐུག་ཚད་ 13.1mm
  • གློག་ཀླད་ཀྱི་གདོང་ངོས་ཀྱི་ཞེང་ཚད་ནི་ 12 inches ཡིན་པ་དང་ཤེལ་ནི་  Surface Pro 3 Retina display དང་ Pixel ཚད་གཞི་ 2340x1440 ལས་སྒྲུབ་པ་ཞིག་ཡིན་པར་བརྟེན་བརྙན་དཔར་རྣམས་སྤུས་ཚད་མཐོ་པོ་སྟོན་ཐུབ་ཀྱི་ཡོད།
  • Intel's 14nm Core M chips ཟེར་བ་དེ་བཅུག་ཡོད་པར་བརྟེན་ནང་ཁྲོལ་གྱི་རླུང་འཁོར་མི་དགོས་པ་དང། གློག་ཀླད་བེད་སྤྱོད་བྱེད་པའི་སྐབས་གྲགས་འགུལ་གང་ཡང་མེད་པ་ཁུ་སིམ་པོ་ཆགས་ཡོད།
  • ང་ཚོས་ཚོད་དཔག་ཐུབ་པ་ལྟར་ཀུ་ཤུ་ཚང་གིས་ཡིག་བཏགས་ཀྱི་མཐེབ་གཞོང་ལ་བསྐྱར་བཅོས་ཡང་བྱས་ཡོད། མཐེབ་གཞོང་ཐོག་མཛུབ་མོ་གནོན་སྐབས་བདེ་སྣང་ཡོང་རྒྱུ་མ་ཟད་ཡི་གེ་གནད་དུ་འཁེལ་བའི་བཟོ་རྩལ་གསར་པ་སྤྱད་ཡོད།
  • གློག་ཀླད་དེའི་ཐོག་གློག་མེ་ཆེ་ཤོས་དེ་བཅུག་ཡོད། ཕལ་ཆེར་ཆུ་ཚོད་བཅུ་ལྷག་འདང་གི་ཡོད་འདུག
  • RAM ལ་ 8GB
  • གསོག་སྡེར་ SSD ཡིན་པ་དང་གཤོང་ཚད་ལ་ 256GB
  • གློག་ཀླད་གསར་པ་དེའི་ནང་ཀུ་ཤུ་ཚང་གི་ OS X Yosemite ཐོན་གསར་ཤོས་དེ་བཅུག་ཡོད།
MacBook གསར་པ་དེའི་གོང་ཚད་ནི་དབྱིན་སྒོར་ £1,049 ནས་ £1,299 བར་ཡིན་འདུག

འགྲེལ་བཤད་ཀྱི་བརྙན་ཐུང་དེར་གཟིགས་པར་ཞུ།

Comments

Popular posts from this blog

Tibetan Font Download བོད་ཡིག་ཡིག་གཟུགས་ཕབས་ལེན།

བོད་ཡིག OCR

གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག