Posts

Showing posts from October, 2015

TED གཏམ་བཤད་ལ་ལྟ་བ།

Image
རྩོམ་ཡིག་ཡོང་ཁུངས། བོད་མཉེན།
TEDགཏམ་བཤད་ལ་ལྟ་བའམ་ཉན་པ་ནི་ང་ཚོའི་མི་ཚེ་གང་བོར་སློབ་སྦྱོང་བྱེད་པ་མཚུངས། དེའི་ནང་གི་སྣ་མང་གི་བརྗོད་གཞི་དང་། མཁས་དབང་གང་མང་གི་གསུངས་ཀྱི་བདུད་བརྩི་དང་ཁོང་ཚོའི་མི་ཚེའི་ཉམས་མྱོང་། མི་ཚེའི་བསླབ་བྱ་སོགས་ལས་ང་ཚོས་སྔོན་ཆད་མི་ཤེས་པའི་ཤེས་བྱ་མང་དག་ཅིག་སློབ་ཐུབ་པར་གདོན་མི་ཟ།

ཐོག་མར་ང་ཚོ་ TED གཞུང་ཕྱོགས་ཀྱི་དྲ་བར་འཛུལ་ཏེ་བལྟ་ཆོག TED ཡི་གཞུང་ཕྱོགས་ཀྱི་དྲ་ཚིགས་ནི ted.com

གལ་སྲིད་ཁྱེད་ལ་སྟེགས་འཇོག་གམ། པང་འཛིན་ནམ། ཡང་ན་པང་ལེབ་རྩིས་འཁོར་སོགས་ལས་གང་རུང་ཞིག་ཡོད་པའམ། ཡང་ན་རིག་ལྡན་ཁ་པར་གང་རུང་ཞིག་ཡོད་ན་ TED ཡི་གཞུང་ཕྱོགས་ཀྱི་དྲ་བར་འཛུལ་ཏེ་ TED གཏམ་མཤད་ལ་བལྟ་ཆོག
རྒྱལ་དབང་ཀརྨ་པ་མཆོག་གིས་ TED ནང་དུ་གསུངས་བཤད་གནངས་པ།
ཁ་པར་ནང་མཉེན་ཆས་ (app) བཅུགས་ནས་གཟིགས་ཐབས། དེ་བཞིན་ང་ཚོའི་པང་ལེབ་རྩིས་འཁོར་དང་རིག་ལྡན་ཁ་པར་ནང་དུ་ TED ཡི་མཉེན་ཆས་ཕབ་ལེན་བྱེད་ཆོག་སྟེ། དེ་ལྟར་བྱས་ན་ང་ཚོའི་རང་རང་དགའ་སའི་གཏམ་བཤད་ཕབ་ལེན་དང་བལྟ་ཉན་བྱེད་རྒྱུར་ཧ་ཅང་སྟབས་བདེ་པོ་ཡོད། TED དྲ་གནས་འདིའི་ཐོག་འཛམ་གླིང་ཐོག་གི་སྐད་རིགས་ཡོད་དོ་ཅོག་ལ་རྒྱབ་སྐྱོར་བྱེད་ཅིང་། གཏམ་བཤད་མི་ཉུང་བ་ཞིག་གི་འོག་ཏུ་གཤམ་ཡིག་འཆར་རྒྱུའང་ཡོང། TED ནང་…

TED གཏམ་བཤད། བསམ་བློའི་མཐུ་ཡིས་འཇིག་རྟེན་བསྒྱུར།

Image
ཡོང་ཁུངས། བོད་མཉེན། TEDངོ་སྤྲོད།  TED [ Technology, Entertainment, Design ཚན་རྩལ། སྤྲོ་སྐྱིད། ཇུས་འགོད། ]

TEDནི་༼Technologyཏེ། ཚན་རྩལ་དང་། Entertainmentཏེ། སྤྲོ་སྐྱིད། Designསྟེ། ཇུས་འགོད་བཅས་ཀྱི་དབྱིན་ཡིག་གི་སྐུང་ཡིག་དོན་ཡིན།༽དེ་ནི་ཨ་རིའི་ཁེ་ཕན་མི་གཉེར་བའི་སྒེར་གྱི་ལས་ཁུངས་ཤིག་ཡིན་ལ། རྩ་འཛུགས་འདི་གའིTEDཚོགས་ཆེན་ལས་ཁུངས་ཀྱི་མིང་དུ་ཐོགས་པ་རེད། འདུ་ཚོགས་འདིའི་དགོངས་དོན་ནི་བསམ་བློའི་མཐུ་ཡིས་འཇིག་རྟེན་བསྒྱུར་བྱ་བ་དེ་ག་ཡིན། TEDནི1984ལོར་ཚུགས། འཛུགས་མཁན(Richard Saul Wurman)ཡིན། 2002ལོ་ནས་བཟུང་། Chris AndersonགྱིསTEDགྱི་གཙོ་འགན་བཞེས་ཏེ། མྱུ་གུ་ཐེབས་རྩ་ཚོགས་པ་The Sapling Foundationབཙུགས་པ་མ་ཟད། TEDཚོགས་ཆེན་ཡང་བསྐོངས། ལོ་རེའི་ཟླ3པར། TEDཚོགས་ཆེན་གྱིས་ཨ་རི་ནས་ཚན་རིག་དང་ལག་རྩལ། རྩོམ་རིག རོལ་དབྱངས་སོགས་ཀྱི་ཁྱབ་ཁོངས་ཀྱི་སྐྱེས་ཆེན་གང་མང་ཞིག་གདན་ཞུ་བགྱིས་ཏེ། ཁོང་ཚོའི་ལག་རྩལ་དང་སྤྱི་ཚོགས། མིའི་བསམ་གཞིགས་དང་འཚོལ་ཞིབ་སྐོར་གྱི་ལྟ་དགོངས་ཚན་ཁ་མ་ཉམས་དག་ཀུན་གྱི་བདུད་རྩིར་འཇོ་བར་བྱེད། TEDགཏམ་བཤད་ཀྱི་ཁྱད་ཆོས་ནི། ལྟ་བ་དམིགས་སུ་ཐོན་པ། ཁ་རི་ཐུག་གིས་བརྗོད་བྱར་འཇུག་པ། རྣམ་གྲངས་མང་བ། དགོངས་ཚུལ་གསར་པ་ཡིན་པ་བཅས་སོ། །

Jabong དྲ་ཚིགས་ནས་ iphone དང་ ipad སོགས་སྐྱེས་རྔན་ཐོབ་སྲིད་པ།

Image
Jabong.com ནི་གྱོན་གོས་དང་ཅ་དངོས་ཅི་རིགས་དྲ་ཐོག་ནས་ཉོ་སའི་དྲ་ཚུགས་ཤིག་ཡིན་པ་དང། རྒྱ་གར་རྒྱལ་ཡོངས་སུ་འགྲོ་མགྱོགས་ཆེན་པོ་ཡོད། ཉེ་ཆར་ Jabong གི་ལས་འཚབ་འགོ་འཛིན་ནམ་ intern CEO སྐུ་ཞབས་ Nils Chrestin ལགས་ཀྱིས་ད་ལྟའི་ཡོང་རྒྱུ་ཡིན་པའི་རྒྱ་གར་ལོ་གསར་དྷི་ཝ་ལི་ (Diwali) དུས་ཆེན་ལ་དམིགས་སུ་བཀར་དེ་ Jabong དྲ་གནས་ནས་ཅ་དངོས་ཉོས་མཁན་ལ་ iphone དང་ ipad, DLSR པར་རྒྱག་འཕྲུལ་འཁོར་, ཅ་དངོས་ཕྱེད་བཅག་དང། ཅ་དངོས་རིན་མེད་དུ་ཐོབ་ཐུབ་པའི་གོ་སྐབས་ཡོད་པའི་ཁྱབ་བསྒྲགས་འདུག །དེ་མ་ཟད་རླུང་རྟ་ཅན་གྱི་སྐུ་མགྲོན་འགར་གཟའ་ཚང་མཉམ་དུ་ཡུལ་སྐོར་སྤྲོ་འཆམ་དུ་ཁྲིད་རྒྱུའི་ཊི་ཀ་ཊི་ (ticket) ཡང་ཐོབ་རྒྱུ་འདུག

ཚོང་ཟོག་ལ་ཆགས་ཡང་དང་སྐྱེས་རྔན་ཐོབ་པའི་དུས་ཡུན་ནི་ཕྱི་ལོ་ 2015 ཟླ་ 10 ཚེས་ 27 ནས་ཕྱི་ལོ་ 2010 ཟླ་ 11 ཚེས་ 8 བར་དུ་ཡིན་འདུག་པས་སོ་སོར་རླུང་རྟ་ཡོད་མེད་གཅིག་གཟིགས་མི་འདོད་དམ།

Youtube TV

Image
དེང་དྲ་རྒྱ་དང་གཟུགས་མཐོང་གློག་འཕྲིན་(TV) གཉིས་འབྲེལ་མཐུད་བྱས་ནས་དྲ་ཐོག་གི་གློག་བརྙན་རྣམས་ཅི་འདོད་བཞིན་བལྟ་རྒྱུ་ཡོད་པ་ཆགས་ཡོད་པ་དང་བསྟུན་གློག་བརྙན་གྱི་དྲ་ཚིགས་སྐད་གྲགས་ཆེ་ཤོས་ཏེ་ Youtube དེ་གཟུགས་མཐོང་གློག་འཕྲིན་གྱི་འཆར་ངོས་ལ་གཞིག་ཏེ་དྲ་ཚིགས་ཀྱི་རྣམ་པ་མི་འདྲ་ཞིག་བཟོས་ཡོད།

གློག་ཀླད་སྤྱོད་མཁན་ཚོས་ཀྱང་ youtube TV གི་རྣམ་པ་དེ་ཚོད་ལྟ་ཞིག་བྱེད་འདོད་ན། དྲ་གནས་ཁ་བྱང་ www.youtube.com/tv དེ་བསྐྱོན་དགོས།

ཐོག་མར་ཁ་བྱང་དེ་བཀོད་པའི་སྐབས་ youtube TV གི་མཐུན་རྐྱེན་དེ་ Activate བྱེད་བཅུག་ངེས། ལམ་སྟོན་ལྟར་བྱེད་ན། གོང་གི་དཔེ་མཚོན་ལྟར་ཡུ་ཊུབ་བལྟ་ཉན་བྱེད་སའི་བཀོད་པ་གསར་པ་དེ་སྣང་ངེས།

HTC One A9

Image
རྩོམ་ཡིག་ཡོང་ཁུངས། བོད་མཉེན།
HTCཡི་ལག་ཐོག་ཁ་པར་གསར་བ། 
HTC One A9ནི་དགོས་རྒུའི་ཁ་པར་དག་མ་ཡིན་པའི་ཨན་ཌོ་མ་ལག་གསར་ཤོས་༦་༠སྐྱོད་པའི་ཁ་པར་ཐོག་མ་རེད།


ཇུས་འགོད་དང་ཕྱི་ལྟོས། 
ཇུས་འགོད་ཀྱི་ཕྱོགས་ནས་HTC One A9ནི་iPhone 6 དང་ཅུང་འདྲ་ན་ཡང་གོང་དུ་གསལ་བ་བཞིན་དེ་གཉིས་ཞིབ་སྡུར་བྱས་ན་ཁ་ཁ་སོ་སོ་རེད།


HTC One A9དེ་ཨན་ཌོ་ཁ་པར་གཞན་དང་མི་འདྲ་བར་མཐེབ་གནོན་གཅིག་ལས་མེད་པ་དང། དེ་ཉིས་རྡེབ་བྱས་ན་མཛུབ་ཐེལ་གྱི་བྱེད་ནུས་ཀྱང་ཡོད་དོ།།


HTC One A9ནི་དགོས་རྒུའི་Nexusཁ་པར་གསར་བ་དག་ཕུད་མིག་སྔར་དགོས་རྒུའི་ཨན་ཌོ་མ་ལག་པར་གཞི་ཆེས་གསར་བ་སྟེ། ཨན་ཌོ་༦་༠སྐྱོད་པའི་ཁ་པར་དེ་རེད།


བྱེད་ནུས་གསར་བ། 
HTC One A9ཐོག་ལ་བྱེད་ནུས་གསར་བ་Android Doze སྟེ། གློག་རྫས་ཀྱི་ཚེ་ཚད་ཇེ་རིང་བསྲིངས་ཐུབ་པ་ཞིག་དང་། Android Payདང་། Now On Topསོགས་འགའ་ཞིག་ཡོད་འདུག དེ་དག་གི་གནས་ཚུལ་ཞིབ་ཕྲ་འདི་ལ་གཟིགས།

བོད་ཡིག་རྒྱབ་སྐྱོར་ཐོབ་པའི་ Android 6.0 Marshellow

Image
གུ་གུལ་ཚང་གིས་ཨན་ཌོའི་མ་ལག་ཨང་ 6.0 མིང་ལ་མཱར་ཞི་མཱེ་ལོ་ (Marshmellow) ཟེར་བ་དེ་འདི་ལོའི་ཕྱི་ཟླ་ 9 ཚེས་ 29 ཉིན་འགྲེམས་བསྒྲགས་དང་འབྲེལ་གུ་གུལ་ཚང་རང་ཉིད་ཀྱིས་བཟོས་པའི་ལག་ཐོག་ཁ་པར་ Nexus 5X དང་ Nexus 6P གཉིས་ཡང་འགྲེམས་ཚོང་བྱེད་སྒོ་བཙུགས་ཡོད།

ཨན་ཌོའི་ཐོན་རིམ་གསར་པ་དེའི་ནང་དམིགས་བསལ་ཁྱད་ཆོས་གསར་པ་མང་པོ་ཁ་སྣོན་བྱས་ཡོད། དཔེར་ན། App Permission (མཉེན་ཆས་དབང་ཚད་འདེམས་ག )Web experience (དྲ་ཚིགས་མྱུལ་བདེ། )Fingerprint support ( མཛུབ་བཤེར། )Mobile payments ( ཁ་པར་རྒྱུད་རིན་སྤྲོད། )App links ( ཡིག་ཆ་དང་མཉེན་ཆས་ངོ་འཕྲོད། )Power and charging ( གློག་མེ་གྲོན་ཆུང་། )Improved cut, copy and paste ( བྲེག་སྦྱོར་བདེ་རུ་སོང་བ། )Auto app data backup ( ཁ་པར་གྱི་མཉེན་ཆས་དང་ཡིག་ཆ་འདྲ་བཤུས། ) སོགས་དེ་དང་དེ་མིན་དམིགས་བསལ་ཁྱད་ཆོས་མང་པོ་སྣོན་བྱས་ཡོད། འདིར་ངས་ཆད་འདོད་པའི་གཏམ་བཟང་ལེགས་ཤོས་ནི། ཨན་ཌོའི་མ་ལག་གསར་པ་དེས་བོད་ཡིག་ལ་རྒྱབ་སྐྱོར་ཡོངས་སུ་ཐོབ་ཡོད་པའི་སྐོར་ཡིན། གལ་ཏེ་ཁྱེད་ཀྱི་ཁ་པར་དེ་ཨན་ཌོའི་མ་ལག་རྙིང་པའི་ཐོག་ཡོད་ན། ཨན་ཌོའི་མ་ལག་ཨང་ 6.0 ཐོག་རིམ་སྤར་ (update) ཞིག་གནང་དང། ད་ནས་བཟུང་དྲ་ཚིགས་དང་ཁ་པར་གྱི་མཉེན་ཆས་ཚང་མའི་ན…

ཇུས་འགོད་ཟིན་པའི་དྲ་ཚིགས་གསར་པ།

Image
དྲ་ཚིགས་ཁ་བྱང་། www.picturewonder.com
དྲ་ཚིགས་རིགས། འདྲ་དཔར་འགྲེམས་སྟོན།
བཟོ་ཚེས། ཕྱི་ལོ་ 2015 ཟླ་ 10 ཚེས་ 5 ཉིན།

དྲ་ཚིགས་འདི་ནི་འདྲ་དཔར་འགྲེམས་སྟོན་དང་། འདྲ་དཔར་དང་འབྲེལ་བའི་བགྲོ་གླེང་བྱེད་སའི་ས་ཚུགས་ཞིག་ཡིན། དཔར་རྣམས་ནང་གསེས་སྡེ་ཚན་མང་པོར་དབྱེ་ཡོད་པ་དང་། དྲ་མང་གི་བློ་འདོད་ལྟར་བལྟ་བ་དང་ཕབ་ལེན་བྱེད་རྒྱུ་ཡོད། བགྲོ་གླེང་ངམ་མཆན་སྤེལ་ས་འདི་ནི་ DISQUS ཞེས་པའི་མཉེན་ཆས་དེ་སྤྱད་ཡོད་པས་དྲ་གྲོགས་ཚོས་རང་རང་གི་གུ་གུལ་ཁ་བྱང་དང་། ངོ་དེབ་ཁ་བྱང་སོགས་ཅི་རིགས་བཀོད་དེ་མཆན་འདེབས་ཆོག

དྲ་ཚིགས་འདིའི་ནང་ཡོད་པའི་ད་ལྟའི་དཔར་དེ་དག་ནི་གུས་པས་ཚོད་ལྟའི་ཐོག་བཞག་པ་ཞིག་ཡིན། ཉིན་ཤས་རྗེས་དྲ་ཚིགས་བདག་པོས་འགན་ལེན་བྱས་རྗེས་འདྲ་པར་སྣ་འཛོམས་ཁྱེད་རྣམ་པའི་སྤྱན་ལམ་དུ་བཤམ་ངེས་ལགས།